ཕོ་བྲང་དཀར་པོས་རེས་གཟའ་ལྷག་པའི་ཉིན། སྲིད་འཛིན་ཌོ་ནལ་ཊམ་ད་ཕན་ཨ་རིའི་དམག་བཏང་ནས་གྷ་ཛར་བདག་པོ་རྒྱག་རྒྱུའི་ཐག་གཅོད་བྱུང་མེད་པ་དང་། པ་ལེ་སི་ཐན་བ་རྣམས་གནས་སྤོ་བྱེད་འཇུག་པའི་འཆར་གཞི་དེ་ནི་འཕྲལ་སེལ་རིང་ལ་པ་ལེ་སི་ཐན་གྱི་མི་ཚོ་བསྐྱར་དུ་གོ་སྒྲིག་བྱེད་སྟངས་ཤིག་ཡིན་པ་བརྗོད་ཡོད་པའི་སྐོར་འདིར་གསལ།
ཕོ་བྲང་དཀར་པོས་སྲིད་འཛིན་ཌོ་ནལ་ཊམ་ད་ཕན་ཨ་རིའི་དམག་བཏང་ནས་གྷ་ཛར་བདག་པོ་རྒྱག་རྒྱུའི་ཐག་གཅོད་བྱུང་མེད་པ་དང་། པ་ལེ་སི་ཐན་བ་རྣམས་གནས་སྤོ་བྱེད་འཇུག་པའི་འཆར་གཞི་དེ་ནི་འཕྲལ་སེལ་རིང་ལ་པ་ལེ་སི་ཐན་གྱི་མི་ཚོ་བསྐྱར་དུ་གོ་སྒྲིག་བྱེད་སྟངས་ཤིག་ཡིན་པ་གསལ་བཤད་གནང་སྐོར་ཕུན་ཚོགས་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ལ་འབྲུག་ཡུལ་གྱི་ཞིང་ལས་དང་འབྲོག་ལས་བློན་ཆེན་ཡོན་ཏན་ཕུན་ཚོགས་མཉམ་ཞུགས་བྱས་འདུག ཁོང་གིས་འབྲུག་ཡུལ་དང་རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེའི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་ནན་གྱིས་བརྗོད།
ཀུན་གླེང་གསར་འགྱུར་ནང་ཊམ་དང་ཞི་ཡི་བཀའ་མོལ་ཕྱི་འགྱངས་དང་། ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བསམ་ཚུལ། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་འཕྲུལ་དེབ། གཡུང་དྲུང་བོན་གྱི་སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་བརྒྱ་སྟོན་སོགས་ཡོད།།
༄༅།པེ་ལེ་སི་ཐན་བ་དང་ཁོང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་སོགས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་གྱིས་ཨ་རིས་གྷ་ཛ་ས་ཁུལ་བཙན་བཟུང་བྱེད་རྒྱུ་དང་གྷ་ཛའི་ནང་དུ་གནས་སྡོད་བྱེད་མཁན་ཚོ་གཏན་དུ་ས་ཁུལ་གཞན་དུ་གནས་སྤོ་བྱེད་དགོས་ཟེར་བའི་གཏམ་བཤད་ཞིག་གནང་བ་དེར་མི་འདོད་པའི་སྐྱོན་བརྗོད་ཤུགས་ཆེ་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།
ཨ་མི་རི་ཀའི་ཊྲམ་སྲིད་གཞུང་གིས་དཔོན་རིགས་ཚོས་གསུངས་གསལ་ལ། ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་མང་པོ་ཞིག་ཡོད་པ་ལྟར་རྒྱ་གར་བ་༡༠༤འི་མཚོ་ཁག་དེ་ཁ་ས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་དམག་མིའི་གནམ་གྲུ་ཞིག་གི་ནང་རྒྱ་གར་ནང་འབྱོར་འདུག
ཐེ་ལན་སྲིད་གཞུང་གིས་རྒྱལ་ཁབ་མང་པོའི་མི་མང་ཚོར་བསླུ་བྲིད་བྱེད་མཁན་ཁྲིམས་འགལ་གྱི་ཚོང་ལས་ལྟེ་གནས་དེ་དག་བཀག་འགོག་བྱ་ཐབས་སུ་དམིགས་ཏེ་འབར་མ་དང་ཉེ་འགྲམ་ས་མཚམས་མངའ་ཁུལ་ཁག་ཅིག་ལ་གློག་དང་དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་ཁག་བར་བཀག་འགོག་བྱས་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེ་ལམ་གྷ་ཛའི་མི་དམངས་རྣམས་ཉེ་འབྲེལ་རྒྱལ་ཁབ་ཇོར་ཌན་དང་ཨི་ཅེབ་ཁུལ་དུ་གནས་སྤོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལས་བརྒལ་ཏེ། ད་ཆ་ཨ་རིས་གྷ་ཛ་ས་ཁུལ་ལ་བདག་པོ་རྒྱག་རྒྱུའི་འདོད་པ་ཡོད་པ་གསུངས་ཡོད་པའི་སྐོར་འདིར་གསལ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེ་ལམ་གྷ་ཛའི་མི་དམངས་རྣམས་ཉེ་འབྲེལ་རྒྱལ་ཁབ་ཇོར་ཌན་དང་ཨི་ཅེབ་ཁུལ་དུ་གནས་སྤོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལས་བརྒལ་ཏེ། ད་ཆ་ཨ་རིས་གྷ་ཛ་ས་ཁུལ་ལ་བདག་པོ་རྒྱག་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཉེ་ལམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤེལ་བའི་སྙན་ཐོ་ཞིག་གི་ནང་། རྒྱ་ནག་གཞུང་གིས་ཁ་ཆེ་ཡུ་གུར་མི་རིགས་ཚོའི་ཕྱིར་སྐྱོད་ལག་ཁྱེར་ལ་དམ་དྲག་ནན་མོ་བྱེད་བཞིན་པ་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་ཡུ་གུར་བ་ཚོ་སོ་སོའི་ཕ་ཡུལ་དུ་གཉེན་འཕྲད་འགྲོ་དུས་ཐོངས་མཆན་རག་གི་མེད་པའི་གནས་ཚུལ་གསལ་སྟོན་བྱས་འདུག
སྲིད་འཛིན་ཊམ་གྱིས་པ་ལི་སི་ཐན་བ་ཚོ་གཏན་དུ་ས་གནས་གཞན་ལ་སྤོ་དགོས་པ་དང་ཨ་མི་རི་ཀས་གྷ་ཛ་ཐང་གཤོངས་བླངས་ནས་བདག་པོ་རྒྱག་ཆོག་ཅེས་བསམ་ཚུལ་བཏོན།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ནས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ཞལ་པར་ཐོག་བཀའ་མོལ་ཞིག་གནང་འཆར་ཡོད་པ་དང་།གཙོ་བོ་སྒོ་ཁྲལ་སྐོར་གྲོས་མོལ་གནང་གི་རེད་ཅེས་སྲིད་འཛིན་ཌམ་གྱི་ཚོང་འབྲེལ་ཐད་ཀྱི་སློབ་སྟོན་པས་འགྲེལ་བརྗོད་གནང་ཡོད་པ་སོགས་གནས་ཚུལ་ཐོན་པ་ཁག
ཨ་རིའི་སྲིད་འཛིན་ཊམ་གྱིས་ཀེ་ན་ཌ་དང་མེག་སི་ཀོའི་ཐོག་སྒོ་ཁྲལ་གསལ་བསྒྲགས་གནང་པའི་ཆུ་ཚོད་འགའ་ཞིག་རྗེས་སུ་རྒྱལ་ཁབ་དེ་གཉིས་ཀྱི་ཐོག་སྒོ་ཁྲལ་དེ་དག་རེ་ཞིག་ཟླ་བ་གཅིག་གི་རིང་ཕྱི་འགྱངས་གནང་རྒྱུར་མོས་མཐུན་བྱུང་ཡོད་ཀྱང་། རྒྱ་ནག་གིས་ཨ་རིའི་སྒོ་ཁྲལ་ལ་འཕྲལ་དུ་བརྡ་ལན་བྱས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འགྲུལ་སྐྱེལ་གནམ་གྲུ་དང་དམག་གི་གནམ་གྲུ་གཉིས་གདུང་ཁ་ཐེབས་པའི་གནམ་གྲུའི་གོད་ཆག་ནང་འདས་གྲོངས་སོང་བའི་མིའི་ཕུང་པོ་མང་ཆེ་བ་གཙང་པོ་ནས་སྐམ་སར་ལེན་ཐུབ་ཡོད་པ་དང་། གོད་ཆག་དེ་དག་ལ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།
ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་ཝ་ཤིང་ཊོན་དུ་ཕེབས་ནས་གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊམ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། དབུ་ཁྲིད་རྣམ་གཉིས་ཀྱིས་གྷ་ཛའི་མེ་འཕེན་མཚམས་འཇོག་གི་རིམ་པ་གཉིས་པའི་སྐོར་བཀའ་མོལ་གནང་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
༄༅།། བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་རྟ་མང་བ་ཚོས་སོ་ནམ་ལོ་གསར་གྱི་དགའ་སྟོན་ལ་རོལ་གྱི་ཡོད་པ་དང་ཤར་པ་ཚོས་ཕྱི་ཚེས་༡༤་ཉིན་རྒྱལ་པོའི་ལོ་གསར་གྱི་གྲུག་སྟེགས་ཏེ། དབྱིན་སྐད་དུ་Snooker་ཟེར་བའི་རྩེ་རིགས་དེའི་འགྲན་སྡུར་ཞིག་ཚུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་གསར་འགྱུར་ཐོན་འདུག
སྲིད་འཛིན་ཊམ་གྱིས་ཁེ་ན་ཌ་དང་མེག་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རེ་དང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུའི་གསལ་བསྒྲགས་སྤེལ་འདུག
ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་ཉེ་ཆར་གཟའ་འཁོར་འདིའི་ནང་སི་པན་དུ་འཚམས་གཟིགས་ཕེབས་སྐབས། ཨུ་རུ་སུའི་ཕྱོགས་ནས་སྡིགས་སྐུལ་ཉེན་ཁར་གདོང་ལེན་བྱེད་བཞིན་པའི་སྐབས་འདིར་དམག་དོན་མཐུན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁག་གིས་དམག་དོན་གྱི་ཐོག་འགྲོ་གྲོན་ཤུགས་ཆེ་རུ་གཏོང་རྒྱུར་འབོད་སྐུལ་གནང་ཡོད།
དམག་གི་གོ་མཚོན་ཉུང་འཕྲི་བྱ་རྒྱུར་དོན་གཉེར་ཡོད་པ་ཚོས། ཉེ་ལམ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྡུལ་ཕྲན་གོ་མཚོན་ཉུང་འཕྲི་ཐད་ཀྱི་བཀའ་མོལ་ལ་བརྟེན་ནས། ཨུ་རུ་སུ་དང་རྒྱ་ནག་མཉམ་དུ་དེ་དོན་གྲོས་མཐུན་འཇོག་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པའི་སྐོར་འདིར་གསལ།
མང་སྣོན།