མེ་འཕེན་མཚམས་འཇོག་དང་མི་གཏའ་དང་བཙོན་པ་བརྗེ་རེས་ཀྱི་གྲོས་མཐུན་བཞག་པ་ལྟར་ཧ་མ་སིས་ཨི་སི་རེལ་གྱི་མི་གསུམ་གློད་གྲོལ་གཏོང་རྒྱུ་ཡིན་ཅེས་བརྗོད། གཟའ་ཕུར་བུར་ཨི་སི་རེལ་གྱི་མི་གཏའ་བརྒྱད་གློད་གྲོལ་བཏང་པའི་སྐབས་སུ་ནང་མི་དང་བསྐྱར་དུ་ཐུག་དུས་དགའ་སྐྱོའི་ཚོར་སྣང་ཆེན་པོ་བསྟན་པ་མཐོང་རྒྱུ་ཡོད་པའི་སྐོར་སྙན་སྒྲོན་ཞུ།
ཉེ་ལམ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྡུལ་ཕྲན་གོ་མཚོན་ཉུང་འཕྲིའི་ཐད་ཨུ་རུ་སུ་དང་རྒྱ་ནག་མཉམ་དུ་གྲོས་མཐུན་འཇོག་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པའི་སྐོར་གསུངས་པ་འདི་གའི་གསར་འགོད་པ་སི་ཏི་ཧྥུ་ཧེར་མན་ལགས་ཀྱིས་ཕོ་བྲང་དཀར་པོ་ནས་བཏང་བའི་གནས་ཚུལ་དེ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨི་རན་གྱིས་ཨི་སི་རལ་བ་མང་པོ་སོ་མྱུལ་ཆེད་དུ་བསྡུ་སྐོང་བྱེད་བཞིན་ཡོད་པ་དང། སྔ་ལོ་ཨི་སི་རལ་གྱིས་དོགས་གཞི་ཡོད་པའི་སོ་མྱུལ་བ་༣༠ འཛིན་བཟུང་བྱས་ཡོད་པ་དང། གཟའ་འཁོར་སྔོན་མར་ཨི་སི་རལ་གྱི་དམག་མི་གཉིས་འཛིན་བཟུང་བྱས་ཡོད་པ་ཨི་སི་རལ་གྱིས་འགྲེལ་བརྗོད་བྱས་ཡོད་པ་རེད།
སྲིད་འཛིན་ཊམ་གྱིས་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས། ཆེས་མགྱོགས་ན་སྤྱི་ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་མེག་སི་ཀོ་དང་ཁེ་ན་ཌའི་ཚོང་ཟོག་ལ་སྒོ་ཁྲལ་སྤར་སྲིད་པ་དང་། དཔལ་འབྱོར་རིག་པ་བ་དང་། ཚོང་ཁང་གི་བདག་པོ་སོགས་ཀྱིས་ཊམ་གྱི་སྒོ་ཁྲལ་སྲིད་ཇུས་ཀྱི་ཤུགས་རྐྱེན་སྐོར་ལ་དོ་སྣང་བྱེད་བཞིན་ཡོད།
ར་ཤི་ཡར་དཔུང་གྲོགས་སུ་བཏང་བའི་བྱང་ཀོ་རི་ཡའི་དམག་མི་ཚོར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་ཕོག ད་ལྟ་ཡུཀ་རེན་གྱི་དམག་ས་ཁག་ནས་བྱང་ཀོ་རི་ཡའི་དམག་མི་དེ་རྣམས་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གནམ་ཐང་ཉེ་ཤོས་དེར་གཟའ་ལྷག་པའི་མཚན་མོར་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་་ལ་འབབ་ཁར་དེ་ཁུལ་དུ་སྦྱོར་བརྡར་གྱི་འཕུར་བསྐྱོད་བྱེད་བཞིན་པའི་ཨ་རིའི་དམག་མིའི་ཐད་འཕུར་གནམ་གྲུ་ཞིག་དང་རྡུང་ཁ་ཤོར་པ་དེའི་རྒྱུ་རྐྱེན་ད་ལྟ་ཁ་གསལ་མེད་པ་དང་། གནམ་གྲུ་གཉིས་ཀའི་ནང་གི་མི་༦༧་ཡོངས་སུ་རྐྱེན་འདས་ཕྱིན་འདུག
ཊམ་གྱིས་ཨ་རིའི་ས་ཐོག་ཏུ་ཕྲུ་གུ་སྐྱེས་མ་ཐག་ཨ་རིའི་མི་སེར་ཆགས་པའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུར་སྐུལ་འདེད་བཏང་བར་བརྟེན། རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་དང་འབྲེལ་བའི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་ཞིག་ཡོང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་སྲིད་འཛིན་ཊམ་གྱི་ཨ་རི་གཞུང་འཕྲོད་བསྟེན་ལྷན་ཁང་གི་འགོ་འཛིན་གྱི་འོས་མི་ཀེ་ཎི་ཌི་ལ་ནད་རིམས་སྔོན་འགོག་སྨན་ཁབ་དང་། ཏོག་དབྱིབས་ནད་རིམས། དེ་བཞིན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ལས་རིམ་སོགས་ཀྱི་ཐོག་ཁོང་རང་གི་དགོངས་གཞི་ཇི་ཡིན་གྱི་སྐོར་ལ་འདྲི་ཞིབ་གནང་།
༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིར་ཁྲིམས་མཐུན་དུ་འདུག་ཆོག་པའི་ཡིག་ཆ་མེད་པའི་ཕྱི་མི་རྣམས་གྷོན་ཊ་ན་མོ་མཚོ་ཁུག་ཏུ་བཀག་ཉར་བྱ་རྒྱུ་ཡིན་ཞེས་བསྒྲགས།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ས་ཐོག་ཏུ་སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་རང་བཞིན་གྱིས་ཨ་མེ་རི་ཀའི་མི་སེར་ཆགས་པའི་ལྷན་སྐྱེས་སྤྱི་འབངས་ཀྱི་ཐོབ་ཐང་དེ་མཚམས་འཇོག་བྱས་རྐྱེན། རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཨང་བཅུ་བཞི་པ་དང་འབྲེལ་བའི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་རྩོད་གླེང་ཞིག་ཡོང་བཞིན་པའི་སྐོར་འདིར་གསལ།
སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་དང་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གཉིས་ལ་ཨ་རིར་ཁྲིམས་མཐུན་དུ་འདུག་ཆོག་པའི་ཡིག་ཆ་མེད་པའི་ཕྱི་མི་གནས་སྤོ་བ་༣༠༠༠༠་གྷོན་ཊ་ན་མོ་མཚོ་ཁུག་བཀག་ཉར་བྱ་ཡུལ་གྲ་སྒྲིག་བྱོས་ཞེས་བཀོད་ཁྱབ་བཏང་འདུག
རྒྱ་གར་དང་རྒྱ་ནག་དབར་ས་མཚམས་འཐབ་འཁྲུག་ཅིག་གི་རྐྱེན་གྱིས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་བྱུང་པ་དེ་བཅོས་ཐབས་བྱེད་བཞིན་པའི་རྟགས་མཚན་དུ་ཉེ་ཆར་ཡུལ་གཉིས་ཀྱིས་ཕན་ཚུན་དབར་གནམ་གྲུའི་ཐད་ཀར་འཕུར་འགྲུལ་བསྐྱར་གསོ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་གཟའ་མིག་དམར་ཉིན་གྱི་བཅར་འདྲི་ཞིག་གི་སྐབས་ལ། ཛེ་ལེན་སི་ཀིའི་སྲིད་འཛིན་གྱི་གོ་གནས་དེ་ཁྲིམས་མཐུན་མིན་པའི་རྐྱེན་གྱིས་ཁོང་ལ་གྲོས་མཐུན་གང་རུང་ཞིག་ལ་མིང་རྟགས་འགོད་རྒྱུའི་ཐོབ་ཐང་མེད་ཅེས་བརྗོད་འདུག
དེ་སྔོན་ཨི་སི་རལ་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་པ་ལེ་སི་ཐན་བ་ཚོར་དམིགས་ནས་བཙུགས་པའི་སྐྱབས་བཅོལ་ལས་ཁུངས་དེ་བཞིན་བཀག་སྡོམ་བྱེད་པའི་ཁྲིམས་ཡིག་དེ་འདི་ཚེས་༣༠ སྟེ་རེས་གཟའ་ཕུར་བུ་ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་འདིར་གསལ།
དེ་སྔོན་འཛིན་སྐྱོང་བཀོད་ཁྱབ་ནི་དམག་འཁྲུག་དང་ཛ་དྲག་གི་གནས་སྟངས་སྐབས་སུ་བེད་སྤྱོད་གཏོང་སྲོལ་ཡོད་པ་ཞིག་ཡིན་ཡང་། དེང་སང་སྲིད་འཛིན་གྱི་མཛད་རིམ་གལ་ཆེ་ཆུང་གི་བང་རིམ་སྒྲིག་སྟངས་དང་དབུས་གཞུང་གི་ལས་དོན་སྒྲུབ་ཕྱོགས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་པ་སོགས་འཛིན་སྐྱོང་བཀོད་ཁྱབ་སྐོར་གྱི་ངོ་སྤྲོད་འདིར་གསལ།
ན་ནིང་ལོའི་སྤྱི་ཟླ་༡༢ པའི་ནང་ཨི་སི་རལ་གྱི་དམག་དཔུང་སི་རི་ཡར་འཛུལ་ཏེ། གྲོང་ཁྱེར་སོགས་ས་ཁུལ་ཁག་ཅིག་བཙན་བཟུང་བྱས་ཤིང་། ཨི་སི་རལ་གྱི་བཙན་བཟུང་འོག་ཚུད་ཡོད་པའི་སི་རི་ཡའི་མི་ཚོས་ད་ཆ་ཨི་སི་རལ་གྱི་དམག་དཔུང་ཡུལ་དེར་གཏན་སྡོད་བྱ་སྲིད་པའི་བློ་འཚབ་འོང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
འབར་མའི་དམག་གིས་སྲིད་དབང་ཕྲོགས་ནས་ལོ་ལྔ་པ་དེ་འགོ་ཚུགས་གྲབས་ཡོད་ཅིང་། ད་ལྟ་འབར་མའི་ནང་འཁྲུག་རྒྱ་ཆེ་རུ་ཕྱིན་ཏེ་གྱེན་ལོག་པ་རྣམས་སྟོབས་ཤུགས་རྒྱས། འབར་མའི་དམག་གཞུང་གི་སྟོབས་ཤུགས་ཉམས་ནས་རྒྱལ་ཁབ་ཁ་འཐོར་འགྲོ་སྲིད་པའི་རྣམ་པ་ཞིག་ཐོན།
རེས་གཟའ་ཟླ་བའི་ཉིན། འཛམ་གླིང་དམར་གསོད་ཉིན་མོ་དང་སྟབས་བསྟུན་ནས། སྲོག་ཉེན་ལས་ཐར་མཁན་མི་གྲངས་༥༠ ཙམ་དང་། འཛམ་གླིང་གི་དབུ་ཁྲིད་ཚོ་ཕོ་ལན་ཌིའི་ཨོ་སི་ཝི་ཚི་ནཱ་ཛིའི་བཙོན་རའི་གནའ་ཤུལ་དུ་ལྷན་འཛོམས་ཀྱིས་དམག་ཆེན་གཉིས་པའི་སྐབས་ཀྱི་བཙོན་ར་དེ་བཅིངས་འགྲོལ་བཏང་ནས་ལོ་ངོ་༨༠ འཁོར་བའི་དུས་དྲན་སྲུང་བརྩི་གནང་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གྷ་ཛ་ཁུལ་གྱི་ཡུལ་གྱར་བ་རྣམས་ཕྱིར་རང་ཡུལ་དུ་ལོག་བཞིན་པ་དང་། འཇིའུ་མི་རིགས་ཀྱི་བཙོན་པ་མང་པོ་བཅིངས་འགྲོལ་བཏང་ནས་ལོ་༨༠ འཁོར་བ། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་གསར་པའི་དམ་བཅའ། ཊམ་དང་མོ་དྷིའི་བཀའ་མོལ། རྒྱ་ནག་གི་བཅོས་རིག་ལག་རྩལ་གྱི་ཤུགས་རྐྱེན་སོགས་ཡོད།
སྲིད་འཛིན་ཊམ་གྱི་ས་མཚམས་འགོ་འཛིན་གྱིས་ཨ་རི་གཞུང་གི་ད་ལྟའི་ལས་དོན་གཙོ་བོ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཉེན་དུ་ངོས་འཛིན་བྱེད་པའི་ཁྲིམས་མཐུན་ཡིག་ཆ་མེད་པའི་ཕྱི་མི་གནས་སྤོ་བ་དེ་དག་ཕྱིར་སློག་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། དེ་བཞིན་སྤྱི་ཡོངས་ནས་ཁྲིམས་འགལ་ཕྱི་མི་གནས་སྤོ་བར་བཟོད་སྒོམ་མི་བྱེད་ཟེར།
མང་སྣོན།