སྲིད་འཛིན་ཊམ་གྱིས་ཨེ་ཅེབ་དང་ཇཱོར་ཌན་སོགས་དཀྱིལ་ཤར་མངའ་ཁུལ་གྱི་རྒྱལ་ཁབ་ཚོས་པ་ལི་སི་ཐན་གྱི་སྐྱབས་བཅོལ་བ་མང་ཙམ་ལེན་དགོས་པའི་འབོད་བསྐུལ་གནང་ཡོད་པར་མ་ཟད། འབྱུང་འགྱུར་གྷ་ཛའི་ནང་ཁྱོན་ཡོངས་ནས་རྣམ་པ་གསར་པ་ཞིག་འཛུཊ་བསྐྲུན་གནང་རྒྱུའི་དགོངས་གཞི་གསུངས་ཡོད་པའི་སྐོར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ལ་དྭགས་ཀྱི་ཆུའི་ཐོན་ཁུངས་ནི་གངས་རི་དང་འཁྱག་རོམ་ལ་བརྟེན་ཡོད་ཀྱང་འཛམ་གླིང་ཡོངས་སུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་གངས་རི་དང་འཁྱག་རོམ་རྣམས་མྱུར་དུ་ཞུ་སྟེ་ཆུ་རྒྱུན་རིམ་བཞིན་སྐམ་གྱི་ཡོད་པའི་དཀའ་ངལ་སེལ་ཐབས་ཤིག་རྙེད།
ཨ་རིར་ཁྲིམས་འགལ་དུ་བསྡད་ཡོད་པའི་རྒྱ་གར་བ་༡༨༠༠༠་རྒྱ་གར་གཞུང་གིས་རང་ཡུལ་དུ་ལེན་རྒྱུའི་གྲོས་མཐུན་བྱུང་བ་དང་རྒྱ་གར་དུ་ལུས་པའི་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ཨ་རི་ནས་ཕྱིར་སློག་མི་འབྱུང་བའི་རིམ་གྲོ་སྒྲུབ་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག
ཀུན་གླེང་ལས་རིམ་འདིར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྔཊ་རམས་པ་ཡེ་ཤེས་རྡོ་རྗེ་ལཊ་དང་ལྷན་དུ་རྒྱུད་སྨད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་དང་སློབ་པ་བསླབ་གཉེར་གྱི་གནས་སྟངས། བྱང་ཨ་རིའི་ཁུལ་ལ་སྐོར་བསྐྱོད་དུ་ཕེབས་པའི་རྒྱུད་སྨད་གྲྭ་ཚང་གི་ཆོག་གྲྭ་བ་རྣམས་ཀྱི་མཛད་རིམ་བང་སྒྲིག་སོཊ་ཀྱི་ཐད་ལ་བགྲོ་གླེང་ཞུས་ཡོད།
Kunleng discusses the damage caused to 13 monasteries and temples by the 7.1-magnitude earthquake that struck western Tibet on January 7.
ཨ་རིའི་སྲིད་འཛིན་ཊམ་གྱིས་ཕྱི་མི་གནས་སྤོ་བའི་ཐོག་དམ་དྲག་སྲིད་ཇུས་དེ་གསལ་བསྒྲགས་གནང་པའི་འོག་ནིའུ་ཡོག་གྲོང་ཁྱེར་གྱི་ནང་མི་འཛིན་བཟུང་བྱེད་བཞིན་པ་དེར་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་ངོ་རྒོལ་གནང་གི་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།
སྲིད་འཛིན་ཊམ་གྱིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག་ལ་ཕྱི་རྒྱལ་ནས་ཨ་རིར་མ་རྩ་འཛུགས་ན་ཁེ་ཕན་ཐོབ་རྒྱུའི་ལངས་ཕྱོགས་གསལ་སྟོན་གནང་འདུག་པ་དང་། དེ་མིན་ཨ་རིར་ཚོང་ཟོག་ནང་འདྲེན་བྱེད་དུས་སྒོ་ཁྲལ་སྤྲོད་དགོས་ཀྱི་རེད་ཅེས་གསུང་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
ཊམ་གྱིས་སྲིད་འཛིན་གྱི་ལས་ཡུན་འགོ་ཚུགས་མ་ཐག་ཨུ་རུ་སུ་ལ་ཡུག་ཀེ་རན་དང་ཞི་བའི་གྲོས་མོལ་བྱ་དགོས་པའི་གནོན་ཤུགས་ཆེ་རུ་བཏང་ཡོད་ཀྱང་། ཊམ་གྱིས་ཁེ་རེམ་ལིན་གཞུང་འཛིན་གྱིས་དམག་འཁྲུག་མཚམས་འཇོག་མ་བྱས་ཚེ། ཨ་རིས་ཨུ་རུ་སུའི་གཞུང་ལ་ཉེས་ཆད་འཕར་པ་གཅད་རྒྱུའི་ཉེན་བརྡ་བཏང་བ་དེར་ཨུ་རུ་སུས་སྣང་མེད་བཏང་ཡོད་པའི་སྐོར་འདིར་གསལ།
ཨ་རིའི་སྲིད་འཛིན་ཊམ་གྱིས་ཨ་རི་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་འཐེན་གནང་རྒྱུའི་གསལ་བསྒྲགས་གནང་པའི་རྗེས་སུ་ ཨ་རིས་རྒྱལ་ཚོགས་ཀྱི་ལྷན་ཁང་གཞན་ཁག་ལ་འགྲོ་གྲོན་རོགས་རམ་དེ་དག་ཀྱང་ཇེ་ཉུང་དུ་གཏོང་འཆར་ཡོད་པའི་སྐོར་ལ་འདིའི་གསར་འགོད་པས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རིའི་ནང་ཊིག་ཊོག་བེད་སྤྱོད་གཏོང་མཁན་ཚོའི་མ་འོངས་པ་ཇི་ལྟར་ཆགས་རྒྱུ་ཡིན་མིན་དེ། སྲིད་འཛིན་ཌོ་ནལ་ཊམ་ལ་རག་ལས་ཀྱི་ཡོད་ཅིང་། ཁོང་གིས་མཉེན་ཆས་དེར་དུས་ཡུན་ཉིན་གྲངས་༧༥ ཕར་འགྱངས་ཀྱིས་ཨ་རིའི་ཉོ་སྒྲུབ་བྱེད་མཁན་དང་འགྲིག་འཇགས་ཡོང་ཐབས་གནང་བཞིན་པའི་སྐོར་ཕུན་ཚོགས་ལྷུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་སོ་ནམ་ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཆེ་དགྲ་ལྷས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག། ད་ཆ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག།
ཨ་རིའི་ཕྱི་སྲིད་དྲུང་ཆེ་རུ་བྷི་ཡོ་ཡིས་ཕྱག་ལས་ཀྱི་ཉིན་དང་པོར་ལས་བྱེད་ཚོ་དང་ཐུག་པའི་སྐབས་ལ་ཕྱི་འབྲེལ་སྲིད་བྱུས་ཀྱི་གནད་དོན་གལ་ཆེན་སྐོར་གསུང་པ་ཡོད་པ་རེད། ད་དུང་ཉིན་དང་པོར་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་བློན་ཆེན་རྣམས་དང་མཇལ་འཕྲད་གནང་ཡོད་པའི་སྐོར་བསོད་ནམས་གཡང་འཛོམས་ནས།
གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་སྙན་ཐོ་གསར་པ་ཞིག་གི་ནང་འཁོད་དོན་ལྟར་ན། རྒྱལ་སྤྱིའི་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་གཙོ་བོའི་གྲས་སུ་རྒྱ་ནག་དང་ཨི་སི་རལ། དེ་བཞིན་འབར་མ་བཅས་ཡིན་པ་རེད། སྙན་ཐོ་དེར་གཞིགས་ན་རྒྱལ་སྤྱིའི་ནང་གསར་འགོད་པ་༣༦༡ ལྷག་ཙམ་ཞིག་རང་གི་ལས་དོན་གྱི་རྐྱེན་གྱིས་བཙོན་འཇུག་བྱས་ཡོད་པ་རེད།
མར་ཀོ་རུ་བྷི་ཨོས་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་རྗེས་གཏམ་བཤད་ཐོག་མ་སྤེལ་ཡོད་པའི་ནང་། ཁོང་གིས་ཨ་རིའི་ཁེ་ཕན་གཙོ་བོར་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ལ་བརྩོན་ལེན་བྱ་རྒྱུ་དང་ཆབས་ཅིག འཁྲུག་རྩོད་ཡོང་མི་དགོས་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཞི་རྩའི་རིན་ཐང་ལ་མཐའ་ཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
སྤྱི་ཟླ་དང་པོའི་ཚེས་ ༢༢ ཏེ་རེས་གཟའ་མིག་དམར་ཉིན་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཡིས། ཨུ་རུ་སུ་དང་མཉམ་དུ་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་འཇོག་དགོས་ཚེ། ཡུག་ཁེ་རན་གྱི་བདེ་འཇགས་ལ་སྲུང་སྐྱོབ་ཆེད་དུ་ཉུང་མཐར་ཡུ་རོབ་ཀྱི་ཞི་བདེ་སྲུང་སྐྱོབ་དམག་མི་འབུམ་གཉིས་ཙམ་ཡུག་ཀེ་རན་དུ་འཇོག་དགོས་པ་བརྗོད་འདུག
༢༠༢༧་ལོར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་རྒྱུའི་ཉེན་ཁ་འདུག་ཅེས་ཉམས་ཞིབ་པ་ཚོས་མང་དུ་གླེང་། ཨ་རིའི་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་མི་ཐུབ་པའི་རྒྱུ་མཚན་༢༦་བཀོད།།
རེས་གཟའ་ཟླ་བའི་ཉིན་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷི་རེན་ལན་ཌི་དེ་བཞིན་ཌན་མག་གི་ས་ནས་བླང་དགོས་པ་བསྐྱར་དུ་གསུངས་ཡོད་པ་དང་། ཁོང་གིས་དེ་ནི་རྒྱལ་སྤྱིའི་བདེ་འཇགས་ཀྱི་ཆེད་དུ་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
སྲིད་འཛིན་ཊམ་གྱིས་རེས་གཟའ་ཟླ་བའི་ཉིན་དམ་འབུལ་མཛད་སྒོའི་གསུང་བཤད་ནང་ཨ་རིའི་མངའ་ཁོངས་དེ་བཞིན་གཟའ་ཆེན་མིག་དམར་གྱི་བར་དུ་རྒྱ་སྐྱེད་བྱ་རྒྱུའི་ཁས་ལེན་གནང་སྟེ་སྲིད་འཛིན་ཕོ་བྲང་དུ་ཕྱིར་ལོག་ཕེབས་མ་ཐག་ཕྱི་མི་གཞིས་སྡོད་དང་ནུས་ཤུགས་འཛུགས་སྐྲུན་སོགས་གནད་དོན་གཙོ་ཆེན་ཁག་གི་ཐོག་འཛིན་སྐྱོང་བཀའ་ཁྱབ་ལ་མཚན་རྟགས་བཀོད།
སྤྱི་ཟླ་དང་པོའི་ཚེས་༢༠ ཉིན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོ་དེ་བཞིན་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་གྲོས་ཚོགས་ཐོག་ཁང་གི་ཚོམས་ཆེན་དུ་འཚོགས་དགོས་བྱུང་ཡོད་ཀྱང་། ཊམ་གྱི་རྒྱབ་སྐྱོར་བ་སྟོང་ཚོ་མང་པོ་གྲང་ངར་ཆེ་བའི་གནམ་གཤིས་ལ་མ་འཛེམས་པར་རྒྱལ་ས་ཝ་ཤིང་ཊོན་དུ་འདུ་འཛོམས་བྱུང་བའི་སྐོར་ཕུན་ཚོགས་ལྷུན་གྲུབ་ནས།
ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་འཛིན་རིམ་པ་༤༧པའི་དམ་འབུལ་གནང་པའི་རྗེས་སུ་སྲིད་འཛིན་གསར་པ་ཁོང་གི་སྐུ་སྒེར་གྱི་སྐུ་ཆས་རྣམས་ཕོ་བྲང་དཀར་པོར་དབོར་འདྲེན་གནང་རྒྱུ་སོགས་ཐེ་བས་དམ་འབུལ་སྲིད་འཛིན་གྱི་ཁྱིམ་ཚང་གི་བཞུགས་གནས་ཤིག་ཏུ་འགྱུར་རྒྱུའི་ལས་དོན་རིམ་པ་ཞིག་གནང་གི་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
མང་སྣོན།