ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༤/༣༠

མར་ཀོ་རུ་བྷི་ཨོའི་དམ་འབུལ་བཞེས་རྗེས་ཀྱི་གཏམ་བཤད་ཐོག་མ།


མར་ཀོ་རུ་བྷི་ཨོས་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་རྗེས་གཏམ་བཤད་ཐོག་མ་སྤེལ་སྐབས།
མར་ཀོ་རུ་བྷི་ཨོས་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་རྗེས་གཏམ་བཤད་ཐོག་མ་སྤེལ་སྐབས།

སྤྱི་ཟླ་དང་པོའི་ཚེས་༢༡ སྟེ་རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར། ཨ་རིའི་སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སིའི་གཙོ་སྐྱོང་འོག་མར་ཀོ་རུ་བྷི་ཨོ་ཡིས་ཕྱི་སྲིད་དྲུང་ཆེའི་ལས་འཁུར་དམ་བཅའ་ཕུལ་འདུག མར་ཀོ་རུ་བྷི་ཨོས་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་རྗེས་གཏམ་བཤད་ཐོག་མ་སྤེལ་ཡོད་པའི་ནང་། ཁོང་རང་ཉིད་འཛམ་གླིང་ནང་གི་སྟོབས་ཆེ་ཤོས་དང་རྒྱལ་ཁབ་ཡག་ཤོས་ཀྱི་ཕྱི་སྲིད་དྲུང་ཆེའི་འགན་བཞེས་རྒྱུའི་བསྐལ་བ་ཐོབ་པ་དེ་ནི་གཟི་བརྗིད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ཁོང་གིས་ཨ་རིའི་ཁེ་ཕན་གཙོ་བོར་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ལ་བརྩོན་ལེན་བྱ་རྒྱུ་དང་ཆབས་ཅིག འཁྲུག་རྩོད་ཡོང་མི་དགོས་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཞི་རྩའི་རིན་ཐང་ལ་མཐའ་ཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག གཞན་ཡང་ཁོང་གིས་འགྱུར་བ་ནི་བཟློག་ཐབས་བྲལ་བ་ཞིག་ཡིན་ན་ཡང་། འགྱུར་བ་དང་གཏོར་བཤིག་དེ་གཉིས་ཐ་དད་རེད་ཅེས་བརྗོད་འདུག

ལས་འཁུར་དམ་འབུལ་བཞེས་རྗེས། རེས་གཟའ་མིག་དམར་གྱི་ཕྱི་དྲོར་མར་ཀོ་རུ་བྷི་ཨོས་རྒྱ་གར་དང་ཨོ་སི་ཁྲོ་ལི་ཡ། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གསུམ་དང་མཇལ་འཕྲད་གནང་སྟེ་བཞི་འབྲེལ་རྒྱལ་ཁབ་ཀྱི་ལྷན་ཚོགས་གཙོ་སྐྱོང་བྱས་ཡོད་པ་དང་། འདི་ནི་རུ་བྷི་ཨོས་ཕྱི་སྲིད་དྲུང་ཆེའི་གོ་གནས་བཞེས་རྗེས་གཞུང་འབྲེལ་བྱེད་སྒོ་ཐོག་མ་དེ་ཡིན་པ་མ་ཟད། ཊམ་འཛིན་སྐྱོང་གིས་རྒྱ་ནག་གི་ཉེན་ཁ་ལ་དམིགས་ནས་སྐོང་འཚོགས་གནང་བའི་རྒྱལ་སྤྱིའི་བདེ་འཇགས་ཚོགས་འདུ་གལ་ཆེན་ཞིག་ཀྱང་ཆགས་ཡོད་པ་རེད།

གཞན་ཡང་ཉིན་དེར་ཨ་རིའི་གྲོས་ཚོགས་འཐུས་མི་གསར་པ་གཉིས་ཀྱིས་དམ་འབུལ་ཞུས་ཏེ། སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སི་དང་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་གཉིས་ཀྱི་ས་མིག་ཁ་སྐོང་བྱས་འདུག ཨོ་ཧའེ་ཡོ་མངའ་སྡེའི་སྤྱི་ཁྱབ་གཞོན་པ་Jon Husted ནི་སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སིའི་ཚབ་ཏུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བསྐོ་བཞག་བྱས་ཡོད་པ་དང་། རང་ལོ་༥༧ ཡིན་པའི་Jon Husted ་ནི་དེ་སྔོན་ཨོ་ཧའེ་ཡོ་མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་མངའ་སྡེའི་དྲུང་ཆེ་གནང་མྱོང་མཁན་ཞིག་ཡིན་པ་རེད། གཞན་ཡང་ཧྥུ་ལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་Ron DeSantis ཀྱིས་མར་ཀོ་རུ་བྷི་ཨོའི་ཚབ་ཏུ་མངའ་སྡེ་དེའི་ཁྲིམས་འཛིན་དཔོན་པོ་Ashley Moody ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལ་བསྐོ་བཞག་བྱས་ཡོད་པ་དང་། Moody་ནི་ད་ཕན་ཧྥུ་ལོ་རི་ཌ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུད་མེད་ཨང་གཉིས་པ་དེ་ཆགས་འདུག

གླེང་སྟེགས།

XS
SM
MD
LG