སྐུ་ཞབས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་སྲིད་འཛིན་ཐེངས་ ༤༧ པའི་ལས་འཁུར་དམ་འབུལ་མཛད་སྒོ་དེ་རྒྱས་པར་ཚོགས་ཡོད་པ་དང་། དམ་འབུལ་གྱི་གསུང་བཤད་ནང་སྲིད་འཛིན་ཊམ་གྱིས་འོས་བསྡུའི་སྐབས་སུ་ཁས་ལེན་གནང་པའི་གནད་དོན་རྣམས་ལག་བསྟར་གནང་རྒྱུ་ཡིན་ཞེས་གསུངས་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཧ་མ་སི་ཀྱིས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལྟར་མི་གཏའ་ཉར་བ་གསུམ་གློད་གྲོལ་བཏང་ཡོད་པ་དང་ཉིན་གཅིག་གི་རྗེས་སུ་ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་བཙོན་པ་ ༩༠ གློད་གྲོལ་བཏང་ཡོད། བྷ་ཌན་གྱིས་སྲིད་འཛིན་ལས་ཡུན་གྱི་ཉིན་མཐའ་མར་དེའི་སྐོར་གསུངས་ཡོད་པ་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྒྱུར།
བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོ་ནི་དེ་རིང་གཟའ་ཟླ་བའི་ཉིན་འཚོག་བཞིན་པ་ལྟར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་དེ་དང་འབྲེལ་བའི་གནས་ཚུལ་དུས་ཐོག་ཏུ་གཟིགས་འབུལ་ཞུ་ཆེད་དྲ་ལམ་དུ་གནས་ཚུལ་ཐད་གཏོང་རྒྱང་སྲིང་བྱ་རྒྱུ་ཡིན།
འདས་པའི་ལོ་བཞི་བཅུའི་རིང་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་ནི་ཁང་པའི་ནང་ལོགས་ལ་འཚོགས་པ་དང་པོ་དེ་གཟའ་ཟླ་བར་འབྱུང་རྒྱུ་ཡིན་པ་དང་། སྲིད་འཛིན་གྱི་དམ་འབུམ་མཛད་སྒོ་རྣམས་ཕན་ཚུན་མི་འདྲ་བ་ཞིག་ཡིན་པ་ཨ་རིའི་གཟིགས་ཚུལ་ལ་ཡོད་པ་ཞིག་ཡིན་ནའང་ད་ལོར་མི་འདྲ་ནང་གི་མི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་འཕྲིན་ལས་ཆོས་སྒྲོན་ནས།
བདམས་ཐོན་སྲིད་འཛིན་ཊམ་གྱིས་ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་པར་མིང་འདོན་གནང་བ་ལྕམ་Pamela Bondi ལ་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རེས་གཟའ་ཕུར་བུའི་ཉིན་སླར་ཡང་འདྲི་ཞིབ་བྱས་ཡོད་པ་དང། སྐབས་དེར་ཁོང་གིས་དབུས་ཁྲིམས་དོན་ལྷན་ཁང་འདི་མུ་མཐུད་རང་དབང་ཅན་གྱི་རྣམ་པར་གནས་ཐུབ་པ་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཨུ་རུ་སུའི་མཁར་དབང་རྒྱུ་དངོས་ཨ་སྒོར་ཐེར་འབུམ་མང་པོ་གནས་པ་ཁག་ཅིག་དོ་དམ་བྱས་པ་དེ་དག་བདག་བཟུང་བྱ་རྒྱུར་ནུབ་ཕྱོགས་པའི་ཡུལ་ཁག་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ནུབ་ཕྱོགས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨ་རིའི་སྲིད་འཛིན་གསར་པའི་སྲིད་ཇུས་ལ་བློ་འཚབ་གནང་གི་ཡོད།
རྒྱ་ནག་གི་མི་འབོར་དེ་ལོ་གསུམ་བསྟུད་མར་འཕེལ་རྒྱས་འགྲོ་མ་ཐུབ་པར་ཉུང་དུ་སོང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དཔལ་འབྱོར་སླར་གསོ་བྱ་ཐབས་བྱེད་བཞིན་པ་དེ་འགྲུབ་དཀའ་བ་ཞིག་ཏུ་འགྱུར་གྱི་ཡོད་པའི་གསར་འགྱུར་ཐོན་འདུག
བྷ་ཌན་གཞུང་འཛིན་དང་ཌོ་ནལ་ཊམ་གཉིས་ཀྱིས་ཊིག་ཊོག་བཀག་སྡོམ་ཕར་འགྱངས་བྱ་རྒྱུར་བསམ་ཞིབ་བྱེད་བཞིན་ཡོད་ཀྱང་། བྷ་ཌན་གྱིས་འདི་ཚེས་༡༩ ཉིན་གྱི་སྔོན་ལ་ཐག་གཅོད་བྱ་དགོས་ཀྱི་ཡོད་པ་རེད། འབྱུང་འགྱུར་ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་གི་ལས་དབང་ག་འདྲ་ཆགས་སྲིད་པའི་གནས་ཚུལ་ཞིག་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་དང་ཧ་མ་སི་ཡི་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་དེའི་འོག་ཧ་མ་སི་ཡིས་བཙན་ཉར་བྱེད་བཞིན་པའི་ཨི་སི་རལ་གྱི་མི་སེར་ཚང་མ་གློད་གྲོལ་མ་བཏང་བར་དུ་ཨི་སི་རལ་གྱི་དཔུང་དམག་དེ་དག་གྷ་ཛའི་ནང་ས་ཁུལ་འགའ་ཞིག་ཏུ་མུ་མཐུད་གནས་སྡོད་བྱ་རྒྱུ་ཡིན་པའི་སྐོར་ལ་འདི་གའི་གསར་འགོད་པས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་ནས།
སྲིད་འཛིན་བྷ་ཌན་གྱི་རྒྱལ་ཡོངས་གཏམ་བཤད་མཐའ་མའི་ནང་། རྒྱུ་ནོར་དང་དབང་ཆ་གཅིག་སྡུད་ཀྱི་སྐོར་ལ་ཉེན་བརྡ་བཏང་། གཏམ་བཤད་དེ་ནི་ཁོང་གི་སྐུ་ཚེ་ཧྲིལ་པོའི་སྲིད་དོན་གྱི་ཕྱག་ལས་དང་ལོ་བཞིའི་རིང་གི་སྲིད་འཛིན་གྱི་ལས་ཡུན་ལ་མཇུག་སྡོམ་བྱས་པ་ཞིག་ཡིན་པ་དང་། ཉིན་ཤས་རྗེས་ཊམ་གྱིས་སྲིད་འཛིན་གྱི་དམ་འབུལ་བཞེས་རྒྱུ་རེད།
ཉེ་ཆར་རྒྱ་ནག་གི་གློག་བརྙན་འཁྲབ་མཁན་ཝང་ཞཱིང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་དུ་བསྐྱོད། ཁོ་པ་གཡོ་ཁྲམ་ཚོགས་པ་ཞིག་གིས་གནམ་ཐང་ནས་འབར་མའི་ས་མཚམས་སུ་ཆགས་པའི་མཱི་ཡ་ཝ་ཌི་གྲོང་རྡལ་དུ་བཙན་ཁྲིད་བྱས་པ་དང་་མགོ་རིལ་བཟོས་ནས་འཇིགས་སྐྲག་ཆེན་པོ་མྱངས།།་
རྒྱ་ནག་གཞུང་འབྲེལ་གྱི་ངོས་ནས་HMPV ཞེས་པའི་ནད་དུག་འགོ་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། འཛམ་བུ་གླིང་གིས་དེར་དོ་སྣང་དང་བློ་འཚབ་ཆེན་པོ་སླེབས་ཡོད་པ་དང་། སྨན་པ་ཚོས་ནད་དུག་དེ་ཏོག་དབྱིབས་ནད་དུག་དང་ཐ་དད་ཡིན་པ་བརྗོད་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་ཉེ་ཆར་ཕྱིར་འབུད་བཏང་པའི་སྲིད་འཛིན་ཟུར་པ་ཡུན་བཀག་ཉར་བྱས་ཐུབ་པ་བརྟེན་བདུན་ཕྲག་མང་པོའི་རིང་ལ་བཀག་ཉར་བྱེད་མཁན་གཞུང་གི་མི་སྣ་དང་ཁོང་གི་རྒྱབ་སྐྱོར་བའི་དབར་གྱི་འགལ་ཟླ་དེ་མཇུག་སྒྲིལ་བྱས་ཡོད་པ་རེད། དེའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་གཤམ་ལ་གསན་གཟིགས་གནང་རོགས་གནང་།
ལྷོ་ཀོ་རི་ཡའི་ལྐོག་ཟ་བཀག་སྡོམ་ཁང་གིས་སྲིད་འཛིན་ཡོན་སུག་ཡོལ་བཀག་ཉར་བྱས་ནས་འདྲི་གཅོད་བྱ་རྒྱུ་འགོ་ཚུགས་ཡོད་པ་དང་སྲིད་འཛིན་ཡོན་སུག་ཡོལ་གྱིས་ཉེན་རྟོག་པ་ཚོར་སྲིད་འཛིན་བཀག་ཉར་བྱེད་ཆོག་པའི་དབང་ཚད་མེད་ཀྱང་ངས་གཞུང་གི་ལས་སྣེ་ཚོར་མཐུན་ལམ་བྱས་ནས་འདྲི་གཅོད་བྱེད་དུ་བཅུག་པ་ཡིན་ཞེས་བསྒྲགས།
རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཊིག་ཊོག་བརྙན་ཐུང་བཀོལ་ཆས་ཨ་རིའི་ནང་དུ་བཀག་སྟེ་བཙོང་དགོས་བྱུང་ན་ཕྱུག་བདག་ཨེ་ལན་མ་སི་ཀ་ལ་བཙོང་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་གློ་བོའི་ཡུལ་གྱི་མཛེས་ལྗོངས་གསལ་བའི་བརྙན་པར་༣༠་ཐམ་པའི་འགྲེམ་སྟོན་ཞིག་ཚུགས་འདུག
བར་འདུམ་གཏོང་མཁན་གྱིས་དེ་རིང་རེས་གཟའ་ཟླ་བའི་ཉིན་ལ་ཨི་སི་རལ་དང་ཧ་མ་སི་ཕྱོགས་གཉིས་ཀར་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་ཆོད་མ་ཟིན་ཞིག་ཕུལ་ཡོད་པ་དང་། བྷ་ཌན་དང་ཊམ་རྣམ་གཉིས་ཀྱིས་བཏང་བའི་སྐུ་ཚབ་ཀྱིས་དེ་དོན་དོན་འབྲས་སོན་ཡོད་པའི་གནས་ཚུལ་ཞིག་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའམ། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་སྐུ་ཨཛ་ར་ཛེ་ཡ་ མཆོག་ཁས་ཉིན་ཕྱི་ཚེས་ ༡༡ ཉིན་མོར་ཁོང་གི་ལས་ཡུན་མཐའ་མ་དེ་ཆགས་ཡོད་པ་ཁོང་གི་ X དྲ་རྒྱའི་ཐོག་བརྒྱུདབསྒྲགས་གནང་ཡོད་ཅིང་།
རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་དགའ་ལྡན་ཁྲི་ཟུར་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང་། ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་ཀིརྟི་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གཙོས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ནས་བོད་དེང་རི་ཁུལ་དུ་ས་ཡོམ་གོད་ཆགས་འོག་འདས་གྲོངས་སུ་ཕྱིན་པ་དང་། རྨས་སྐྱོན་ཕོགས་པ་སོགས་ཀྱི་ཞིབ་ཕྲའི་གྲངས་ཐོ་འཁོད་པའི་གནས་ཚུལ་ཨ་རི་དང་། ཕ་རན་སི། ཉི་ཧོང་།རྒྱ་གར་སོགས་རྒྱལ་ཁབ་མང་པོའི་གཞུང་འབྲེལ་སྐུ་ཚབ་དང་སྒྲིག་འཛུགས་ཁག་གིས་གདུང་སེམས་མཉམ་བསྐྱེད་དང་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་།
མང་སྣོན།