ུཀ་རེན་གྱི་དམག་སར་བསད་པའི་བྱང་ཀོ་རི་ཡའི་དམག་མི་ཞིག་གི་ཉིན་དེབ་ནང་དུ་དམག་འཁྲུག་དེ་ཅི་ཙམ་འཇིགས་སུ་རུང་བ་དང་སྐྱི་གཡའ་བ། ཁ་ལོ་བ་མེད་པའི་འཕུར་གྲུ་ལ་ཇི་ལྟར་གཡོལ་དགོས་པ་རྣམས་གསལ་པོར་འཁོད་འདུག
ནིའུ་ཡོག་ཁྲིམས་ཁང་གིས་བདམས་ཐོན་སྲིད་འཛིན་ཊམ་ལ་ཚོང་གི་ཡིག་ཆ་རྫུན་བཟོ་བྱས་པའི་གྱོད་དོན་ལ་ཉེས་འཛུགས་སྐྱེལ་ཡོད་པར་འགྱུར་བ་བཏང་མེད། འོན་ཀྱང་བཙོན་འཇུག་དང་ཆད་པ་སོགས་ཉེས་ཆད་བཅད་མེད། གསལ་བསྒྲགས་དེ་གནང་པའི་སྐབས་བདམས་ཐོན་སྲིད་འཛིན་གྱིས་གྱོད་དོན་དེའི་རྒྱབ་ལ་ཆབ་སྲིད་དམིགས་ཡུལ་བཟུང་ཡོད་ཅེས་སྐྱོན་བརྗོད་བྱས་པ་རེད།
ཨ་རིའི་ནང་རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་དང་འབྲེལ་ནས་ཊིག་ཊོག་བཟོ་ཚོང་ཁང་གིས་ཞུ་གཏུགས་བྱས་ཡོད་པ་དེར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ངོས་ནས་དེ་རིང་གཟའ་པ་སངས་ཉིན་ལ་ཉན་ཞིབ་ཚོགས་འདུ་འཚོགས་ནས་རྩོད་གླེང་གནང་རྒྱུ་ཡིན་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་དམ་པ་ཀར་ཊར་གྱི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད། ཨ་རིའི་གཞུང་འབྲེལ་གྱི་ཉིན་གྲངས་དྲུག་རིང་གི་ཕུང་མཆོད་ཀྱི་མཛད་སྒོ་འཚོགས་ཡོད་པ་དེ་བཞིན་ཁ་སང་ཚེས་༩ ཉིན་ལ་མཇུག་སྒྲིལ་ཏེ། དམ་པ་ཁོང་གི་སྐུ་ཕུང་ཇཱོར་ཇི་ཡར་དུར་འཇུག་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་ཇཱི་མི་ཁར་ཊར་དམ་པ་དེའི་སྐུ་ཕུང་གྲོས་ཚོགས་ཁང་གི་ཚོགས་ཁང་དུ་བཞུགས་འཇོག་གནང་སྟེ་མི་མང་སྟོང་ཕྲག་མང་པོས་ཁོང་ལ་མཐའ་མའི་རྗེས་དྲན་གུས་འདུད་ཞུ་བཞིན་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།
ྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྲིད་དབང་བཟུང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པས་དམར་ཤོག་ཚོགས་པས་མུ་མཐུད་དུ་སྲིད་དབང་འཛིན་ཐུབ་མིན་དེ་ཐེ་ཚོམ་གྱི་གནས་སུ་ཟད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
སྲིད་འཛིན་ལས་ཐོག་བྷ་ཌན་གྱིས་ཉིན་ཤས་སྔོན་ཨ་རིའི་མཚོ་ཁུག་མང་ཆེ་བའི་ནང་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་བྱ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། གཟའ་མིག་དམར་ཉིན་ཊམ་གྱིས་ཁོང་གིས་སྲིད་འཛིན་གྱི་འགན་བཞེས་མ་ཐག་བཀོད་ཁྱབ་དེ་བཞིན་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུ།
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་རྒྱ་གར་དུ་ཕེབས་ཏེ། ཨ་རི་དང་རྒྱ་གར་གཉིས་དབར་གྱི་མཉམ་འབྲེལ་ནི་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བརྟན་བརླིང་ལ་གལ་འགངས་ཆེ་བར་ངོས་འཛིན་གྱིས་ཨ་རིས་རྒྱ་གར་དང་དམངས་སྤྱོད་རྡུལ་ཕྲན་མཉམ་ལས་ཀྱི་དགག་ཆ་སེལ་རྒྱུའི་ཐག་ཆོད་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཊེ་སི་ལ་བཟོ་ཚོང་ཁང་གི་བདག་པོ་མ་སི་ཀི་ཡིས་དབྱིན་ཇིའི་སྲིད་བློན་སི་ཊར་མར་ལ་སྐྱོན་བརྗོད་བྱས་པར་དབྱིན་ཇིའི་སྲིད་བློན་གྱིས་དེར་དགག་ལན་དུ་མི་ཁག་གཅིག་གིས་རྫུན་དང་གནས་ཚུལ་ལོག་འགྲེལ་བྱེད་ཀྱི་འདུག་ཅེས་གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
རེས་གཟའ་མིག་དམར་ཉིན་བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་གསལ་བསྒྲགས་ཤིག་ལས། འབྱུང་འགྱུར་ཨ་རིས་དམག་ཤུགས་དང་དཔལ་འབྱོར་སོགས་ལ་བརྟེན་ནས་གྷི་རེན་ལན་དང་པ་ཎ་མ་ས་ཁུལ་གཉིས་ཀར་སྟངས་འཛིན་བྱ་མི་སྲིད་པ་ཞིག་མ་རེད་ཅེས་གསུངས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཇིམ་མི་ཁར་ཊར་གྱི་རྒྱལ་དོན་འདས་མཆོད་མཛད་སྒོ་རྒྱལ་ས་ཝ་ཤིན་ཊོན་དུ་ཚུགས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཉི་ཧོང་དུ་འབྱོར་ཏེ་ཉི་ཧོང་གི་སྲིད་བློན་དང་མཇལ་འཕྲད་གནང་བ། ཐེ་ཝན་མཁའ་དམག་གིས་དགྲ་ཕྱོགས་ལ་འགོག་སྲུང་བྱས་སྐོར་སོགས་ཡོད།
ཉེ་ཆར་རྒྱལ་ཁོངས་མེད་པའི་འབར་མའི་ཡུལ་གྱར་བ་༢༠༠ ལྷག་ཨིན་རྡུ་ནེ་ཤི་ཡར་བྲོས་བྱོལ་དུ་འབྱོར་ཡོད་པ་དང་། དེས་ཁོ་ཚོ་ནང་བཞིན་མཚོ་ཐོག་འགྲུལ་བཞུད་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་དཀྱིལ་ཤར་ཁུལ་གྱི་དམིགས་བསལ་སྐུ་ཚབ་ཏུ་ཁོང་རང་ཉིད་ཀྱི་གྲོགས་པོ་ཡིན་པའི་ཚོང་པ་ཞིག་བདམས་ཡོད་པ་དང་། དཀྱིལ་ཤར་གྱི་སློབ་སྟོན་པར་ནང་མི་ཉེ་འབྲེལ་ཞིག་བདམས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་ཀྱིས་རེས་གཟའ་ཟླ་བའི་ཉིན་༢༠༢༤ ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་། བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དེ་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་ངེས་གཏན་དང་གསལ་བསྒྲགས་བསྐྱངས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཟླ་བའི་ཉིན། ཁ་ན་ཊའི་སྲིད་བློན་ཅ་སི་ཊིན་ཊུ་ཌོས་གཞུང་འཛིན་གུ་ཡངས་ཚོགས་པའི་དབུ་ཁྲིད་ནས་དགོངས་ཞུ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་། ཁོང་གི་ཚབ་ཞིག་འོས་འདེམས་མ་གནང་བར་དུ་ལས་གནས་ཐོག་མུ་མཐུད་གནས་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་གྱིས་གནས་ཚུལ་ཕྱོགས་བསྡུས་གནང་བ་ཞིག་འདིར་གསལ།
བདམས་ཐོན་སྲིད་འཛིན་ཊམ་གྱིས་གཞུང་གྲོན་ཉུང་གཏང་ཆེད་སློབ་སྟོན་ཁང་ཞིག་གསར་འཛུགས་གནང་ཡོད་ཀྱང་། ཨ་རིའི་སྲིད་འཛིན་རིམ་པས་དེ་སྔ་ནས་བཟུང་གཞུང་གི་འགན་དབང་ཇེ་ཆུང་དུ་གཏང་རྒྱུར་འབད་བརྩོན་རྒྱུན་མཐུད་ནས་གནང་ཡོད་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་ཧྥེ་རི་ཁའི་ཤར་ཕྱོགས་ཀྱི་གླིང་ཕྲན་རྒྱལ་ཁབ་སེ་ཤེལ་སི་ནི་དེང་སང་ཨ་རྒྱ་གཉིས་གཙོས་པའི་རྒྱལ་ཁབ་མང་པོས་སོ་སོའི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཡུལ་གྲུ་དེར་ཤུགས་རྐྱེན་སྤེལ་ཐབས་བྱས་སྐོར་གྱི་གནས་ཚུལ་ཞིག་ཚེ་རིང་དབང་མོ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཟླ་༡ཚེས་༧ཉིན་གྱི་ཞོགས་པའི་ཆུ་ཚོད་༩དང་སྐར་མ་༥ཡི་ཐོག་བོད་ཀྱི་གཞིས་རྩེ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་༦.༨བརྒྱབ་པའི་ཁྲོད་ད་ལྟ་བར་ཁྱོན་མི་༡༠༦འདས་གྲོངས་སུ་སོང་ཡོད་པ་དང་། མི་༡༧༤ལ་རྨས་སྐྱོན་ཕོག་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ནས་བརྗོད་འདུག
༄༅།། འདས་པའི་ལོ་དགུའི་རིང་ཀྱེ་ན་ཌའི་སྲིད་བློན་གནང་མཁན་སྐུ་ཞབས་ ཊྲུ་ཌོ་མཆོག་གིས་ཁ་ས་གཟའ་ཟླ་བའི་ཉིན་ཁོང་ཡུལ་དེའི་སྲིད་བློན་གྱི་མཚན་གནས་ནས་དགོང་ཞུ་གནང་གི་ཡོད་པའི་གསལ་བསྒྲཌ་གནང་འདུག
ཀུན་གླེང་གསར་འགྱུར་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་པ་དང་། མེག་ཇོན་སོན་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ། ཨ་རིའི་སྲིད་འཛིན་ཟུར་པ་ཇཱེ་མི་ཁར་ཊར་གྱི་གཞུང་འབྲེལ་འདས་མཆོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཆེན་ཚོགས་སོགས་ཡོད།
མང་སྣོན།