ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་མི་ལོ་སུམ་ཅུ་ཙམ་རིང་དང་ཞབས་དམག་སྒར་དུ་དམག་ཞབས་བསྒྲུབས་གནང་མཁན་ཟླ་བ་ཤཱོརྱ་ཅཀྲ་ལགས་དང་ལྷན་དུ་དམག་སྒར་ཨང་ ༢༢ པ་གསར་འཛུགས་ཀྱི་རྒྱབ་ལྗོངས་དང་དམིགས་ཡུལ། དེ་བཞིན་དམག་སྡེ་དེ་ཡིས་རྒྱ་གར་གཞུང་དམངས་ལ་ཞབས་འདེགས་ཇི་བསྒྲུབས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་ཡིན།
༄༅།། རྒྱ་ནག་ཏུ་ཆམ་རིམས་ལྟ་བུའི་ནད་དུག་ཅིག་ཁྱབ་ཀྱི་ཡོད་པ་དེ་བྱིས་པ་དང་རྒན་རྒན་ལ་འགོ་སླ་བ་དང་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། རྒྱ་གར་དང་བངྒ་ལ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་རྒྱ་ནག་གིས་འབྲུག་པའི་ས་མཚམས་ཁག་ཏུ་གྲོང་ཚོ་འཛུགས་སྐྲུན་བྱས་ནས་འབྲུག་ཡུལ་ནི་རྒྱ་གར་གྱི་བདེ་འཇགས་ལ་སྔར་ལས་གནད་འགག་ཆེ་རུ་ཕྱིན་འདུག
བདམས་ཐོན་སྲིད་འཛིན་ཊམ་གྱིས་ཨ་རིའི་དབུས་ཤེས་རིག་ལྷན་ཁང་གི་དྲུང་ཆེར་མིང་འདོན་བྱས་པའི་ལིན་ཌ་མ་ཁི་མེ་ཧན་ནི་ཁོང་གི་རྒྱབ་སྐྱོར་བ་དང་དྲིལ་བསྒྲགས་ལ་ཞལ་འདེབས་གནང་མཁན་གཙོ་བོ་ཞིག་རེད། ཁོང་ལ་ཤེས་ཡོན་སློབ་གསོའི་ལས་རིགས་ལ་ཉམས་མྱོང་ཆེན་པོ་མེད་ཀྱང་ཁོང་གི་སྣེ་ཁྲིད་འོག་ཤེས་རིག་ལས་ཁུངས་ལ་འགྱུར་བ་ཆེན་པོ་སླེབས་སྲིད།
ཨ་རིའི་ནིའུ་ཨོར་ལན་དུ་ཕྱི་ལོ་གསར་ཚེས་ཉིན་མོ་ཊ་བཏང་སྟེ་མི་བསད་མཁན་དེ་ནི་ཁ་ཆེའི་རྒྱལ་ཁམས་ཟེར་བའི་འཇིགས་སྐུལ་ཚོགས་པའི་ཚོགས་མི་ཡིན་པ་དང་། ཁོ་རང་ངོས་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་བ་དེ་བྱས་པ་རེད་ཅེས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་དང་། ཀུན་སློང་གང་ཡིན་ཞིབ་འཇུག་བྱེད་མུས་རེད།
ཊམ་གྱིས་སོ་སོར་རྒྱབ་སྐྱོར་དང་གློ་བ་ཉེ་བ་རྣམས་གཞུང་འཛིན་བློན་ཆེན་དུ་བསྐོ་བཞག་གནང་གི་ཡོད་ཀྱང་། ཁོང་གིས་མིང་འདོན་བྱས་པའི་སྤྱི་ཁྱབ་ཁྲིམས་དཔོན་ཕེམ་བྷོ་དྷིན་ལགས་ལ་བཟང་སྤྱོད་ཀྱི་རྩོད་རྙོག་ཡོད་རྐྱེན་དཀའ་ངལ་འཕྲིད་སྲིད་པའི་སྐོར་གྱི་གནས་ཚུལ་ཞིག་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གིས་དབུས་ཨེ་ཤི་ཡར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན། ར་ཤི་ཡའི་སེ་བི་རི་ཡ་ནས་རྒྱ་ནག་ལ་སོལ་རླངས་ལྕགས་སྦུག་འཐེན་གྱི་ཡོད་པ་དེའི་བརྒྱུད་ལམ་བསྒྱུར་དགོས་ཞེས་དགོས་འདུན་བཏོན་པར་ཕུ་ཊིན་གྱིས་མོས་མཐུན་བྱས་འདུག
༢༠༢༥ སྤྱི་ལོ་གསར་བཞད་ཀྱི་ཉིན་མོར་ཨུ་རུ་སུས་ཡུག་ཀེ་རན་བརྒྱུད་ཡུ་རོབ་ལ་རང་བྱུང་སོལ་རླངས་སྤྲོད་མཚམས་བཞག་ཡོད་པ་དང་། མོ་སི་ཁོས་ཡུ་རོབ་ནང་རང་བྱུང་སོལ་རླངས་ཀྱི་ཁྲོམ་ར་ལ་གཙོ་ཁྲིད་བྱེད་པའི་ལོ་རྒྱུས་དེ་རེ་ཞིག་མཇུག་སྒྲིལ་རྒྱུ་ཡིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ལྷོ་ཀོ་རི་ཡའི་ནང་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་འདས་གྲོངས་སུ་སོང་བའི་མི་ཡོངས་རྫོགས་ངོ་ཐག་ཆོད་ཐུབ་ཡོད་པ་དང་འབྲེལ། མི་འདས་གྲོངས་སུ་གྱུར་བ་ཚོར་འདས་མཆོད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཧྥིན་ལེན་ཌི་གཞུང་གིས་བལ་ཊིག་མཚོའི་ནང་དུ་ཡོད་པའི་དྲ་ལམ་དང་གློག་སྐུད་ལ་གནོད་སྐྱོན་བྱུང་བ་དེ་ཞིབ་འཇུག་བྱས་འབྲས་སུ། མཚོའི་གཏིང་ལ་ཅ་ལག་ཞིག་རྒྱང་རིང་པོར་དྲུད་པའི་རྟགས་རྙེད་ཡོད་པ་དང་། དེ་ནི་ཨུ་རུ་སུས་ཆེད་གཉེར་གནོད་སྐྱོན་བཏང་བའི་དོགས་གཞི་བྱེད་ཀྱི་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གྱིས་སྲིད་དབང་བཟུང་ནས་ལོ་༢༥་འཁོར་ཡོད་ཅིང་། དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་ར་ཤི་ཡའི་སྲིད་འཛིན་དང་པོ་བྷོ་རི་སི་ཡེལ་སིན་གྱིས་བཅོལ་དོན་བཞིན་ཕུ་ཊིན་གྱིས་རྒྱལ་ཁབ་འཛིན་སྐྱོང་ཡག་པོ་ཞིག་བྱས་ཐུབ་ཡོད་མེད་ཐད་གླེང་སློང་འབྱུང་བཞིན་འདུག
ལྷོ་ཀོ་རི་ཡའི་གཞུང་གིས་ཉེ་ལམ་ཡུལ་དེར་འགྲུལ་སྐྱེལ་གནམ་གྲུ་བརྡབ་སྐྱོན་གྱིས་འགྲུལ་པ་མང་སྲོག་སྐྱོན་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་ཐད་རྟོག་ཞིབ་གནང་བཞིན་པ་དང་རྒྱལ་ཡོངས་མཁའ་ལམ་འགྲིམ་འགྲུལ་ལས་དོན་ཡོངས་ཀྱི་ཐོག་འདྲི་ཞིབ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སི་རི་ཡའི་འགོ་ཁྲིད་གསར་པ་ཨ་ཧ་མ་དི་ཨལ་ཤཱ་རཱ་ཡིས་རྒྱལ་ཡོངས་འོས་བསྡུ་གྲ་སྒྲིག་བྱ་རྒྱུར་ལོ་ཁ་ཤས་འགོར་རྒྱུ་རེད་ཅེས་བརྗོད་འདུག། ནང་འཁྲུག་ཡུན་རིང་བྱུང་རྐྱེན་གཏོར་བཤིག་སོང་བ་རྣམས་བསྐྱར་གསོ་བྱ་རྒྱུའི་ལས་དོན་དེ་གདོང་ལེན་བྱེད་དགོས་པའི་གནད་དོན་ལ་རྩིས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་ཟུར་པ་ཇཱི་མཱི་ཁར་ཊར་གྲོངས་པར་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་རྣམ་འགྱུར་བ་འདྲ་བ་བསྟན། ཞིས་ཅིན་ཕིང་ནས་ཇཱི་མཱི་ཁར་ཊར་གྱིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད་ཅེས་བཀའ་དྲིན་རྗེས་སུ་དྲན། ཐེ་ཝན་གཞུང་གིས་ཁར་ཊར་གྱིས་མཚོ་གླིང་དེར་ཕྱི་འབྲེལ་བཅད་པ་རེད་ཅེས་ཉེས་སྐྱོན་བགྲངས།
ཨ་རིའི་སྲིད་འཛིན་༣༩་པ་ཇཱི་མཱི་ཁ་ཊར་ནི་༡༩༢༤་ལོར་སྐྱེས་ཤིང་། ཁ་སང་གཟའ་ཉི་མའི་ཉིན་ལོ་༡༠༠་ཐམ་པའི་ཐོག་ཏུ་གྲོངས། ཇཱི་མཱི་ཁར་ཊར་གྱིས་ལོ་༤་ལ་སྲིད་དབང་བཟུང་བའི་རིང་དེར་ལམ་ལྷོངས་དེ་ཙམ་བྱུང་མེད་ཀྱང་འདས་པའི་ལོ་༤༠་ལྷག་ལ་འཛམ་གླིང་ཡུལ་གྲུ་གང་སར་ཕན་བདེ་བསྒྲུབས་ནས་བྱས་རྗེས་ཐོན།
ཨ་རིའི་བདམས་ཐོན་སྲིད་འཛིན་ཊམ་གྱིས་ཕྱི་མི་གནས་སྤོ་བའི་བརྗོད་གཞི་དེ་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་ནང་གཙོ་གནད་ཆེ་ཤོས་ཤིག་ལ་བརྩིས་ཡོད་པ་དང་། རིང་མིན་ཁོས་སྲིད་འཛིན་གྱི་ཐུགས་འགན་བཞེས་རྗེས་ཨ་རིའི་ནང་གི་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོ་བ་ཚོར་དམ་དྲག་གནང་འཆར་ཡོད་པ་དེས་ཤུགས་རྐྱེན་ག་འདྲ་ཐེབས་རྒྱུ་ཡིན་པ་ཞུས་ཡོད།
པ་ན་མའི་སྲིད་འཛིན་ཧོ་སེ་རོལ་མུ་ལིན་ནོས་གྲུ་ཡུར་གྱི་བདག་ཐོབ་ཐད་དགག་ཆ། བྷ་ཌན་ཁི་རོ་ཨི་ཁི་སི་གླིང་ཕྲན་དུ་ཁམས་གསེང་ལ་ཕེབས། ཧ་ཝ་ཡི་གླིང་ཕྲན་ཆེན་མོར་འཁོད་པའི་ཁི་ལ་ཝེ་ཡའི་མེ་རི་འཕྱུར་མཚམས་ཆོད་པ། ཨ་རིའི་ད་ལོའི་དུས་ཆེན་གུང་གསེང་སྐབས་ཀྱི་སིལ་འཚོང་གི་བྲིན་ཚད་དེ་ན་ནིང་ལོ་དང་བསྡུར་ན་ཇེ་བཟང་དུ་ཕྱིན་ཡོད་པ།
རིང་མིན་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་རན་པའི་བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་གཞུང་ལ་ལེགས་བཅོས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་དང་། ཁས་ལེན་དེ་བཞིན་ཨ་རིའི་ལས་ཁུངས་འགངས་ཆེན་དབུས་ཞིབ་དཔྱོད་ལས་ཁང་ལའང་ཁྱབ་ཀྱི་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གར་གི་སྲིད་བློན་ཟུར་པ་སྐུ་ཞབས་མཱ་མོ་ཧན་སིན་མཆོག་དགུང་ལོ་༩༢ ཐོག་སྐུ་གཤེགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་དོན་ཐུགས་གསོའི་གསུང་འཕྲིན་བཀའ་ཡིག་སྩལ་གནང་མཛད་ཡོད་པའི་སྐོར་བསྟན་འཛིན་འོད་ལྡན་ལགས་ཀྱིས་་གནས་ཚུལ་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཡུག་ཀེ་རན་གྱི་གསང་བའི་ལས་ཁུངས་ཀྱིས་མོ་སི་ཁོ་རུ་ཨུ་རུ་སུའི་མཐོ་རིམ་དམག་དཔོན་དང་ཁོ་ཚོའི་ནང་མི་ཚོ་ལྐོག་གསོད་བྱ་རྒྱུའི་ཇུས་ངན་བཤམས་ཡོད་པ་དེ་དག་ཕམ་ཉེས་བཏང་ཚར་ཡོད་ཅེས་ཨུ་རུ་སུའི་དབུས་བདེ་འཇགས་ལས་ཁུངས་ཀྱིས་གཟའ་ཕུར་བུའི་ཉིན་ལ་བརྗོད་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
མང་སྣོན།