སི་རི་ཡའི་གྲོང་ཁྱེར་རྙིང་པ་སྤལ་མི་རཱའི་གྱང་རོ་དེ་ཚོ་ནི་གནའ་སྔ་མོ་རོམ་གྱི་རྒྱལ་ཁམས་དང་གླིང་ཆེན་ཨེ་ཤི་ཡའི་རྒྱལ་ཁམས་གཉིས་འབྲེལ་མཐུད་བྱེད་པའི་གྲོང་ཁྱེར་དེ་ཡིན་པ་དང་། སི་རི་ཡའི་ནང་ནང་འཁྲུག་འགོ་མ་ཚུགས་གོང་འཛམ་གླིང་གི་ས་ཕྱོགས་གང་སའི་ཡུལ་ཁོར་སྤྲོ་འཆམ་པ་རྣམས་གྱང་རོ་འདིར་ལྟ་སྐོར་ལ་ཡོང་གི་ཡོད།
གཟའ་ཉི་མར་འཇར་མན་ནང་རྒྱལ་ཡོངས་འོས་བསྡུ་ཚོགས་རྒྱུ་ཡིན་ཞིང་། འོས་འཕེན་པ་ཚོར་ཕྱི་མི་གནས་སྤོ་བྱེད་རྒྱུ་དང་རྒྱུན་ལྡན་འཚོ་བའི་འགྲོ་གྲོན་འཕར་བ་ནི་གནད་དོན་གཙོ་བོ་ཆགས་ཡོད། འཇར་མན་གྱི་སྲིད་བློན་གསར་པ་ཆགས་རྒྱུའི་རེ་བ་ཡོད་པའི་འོས་མི་ཞིག་གིས་ཨ་རིས་འཇར་མན་གྱི་འོས་བསྡུར་ཐེ་བྱུས་གནང་སོང་ཅེས་སྐྱོན་འཛུགས་གནང་།
ཡུག་ཀེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཡིས་སོ་ཌི་ཨ་རབ་ནང་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་ཡུག་ཀེ་རན་མཉམ་ཞུགས་བྱས་མེད་པའི་ཐོག་ནས་དམག་འཁྲུག་སྐོར་ལ་གྲོས་བསྡུར་བྱས་པར་ངོ་རྒོལ་བྱས་ཡོད་པ་དང་། ཛེ་ལན་སི་ཀིའི་ལགས་ཕྱོགས་དེ་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་གཟའ་མིག་དམར་ཉིན་ལ་སྐྱོན་བརྗོད་གནང་འདུག
ཧ་མ་སིས་སྤྱི་ཟླ་༢ པའི་ཚེས་༡༨ རེས་གཟའ་མིག་དམར་ཉིན་ལ་སྒྲ་འཇུག་བྱས་ནས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཁོ་ཚོས་རིང་མིན་རེས་གཟའ་སྤེན་པ་ཉིན་ལ་སླར་ཡང་ཨི་སི་རལ་གྱི་མི་གཏའ་དྲུག་གློད་བཀྲོལ་གཏང་རྒྱུ་དང་། སང་ཉིན་རེས་གཟའ་ཕུར་བུའི་ཉིན་ལ་མི་གཏའ་བཞིའི་ཕུང་པོ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
སྲིད་འཛིན་ཊམ་གྱིས་བསྐོས་པའི་ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་ཁེ་ལཱོག་རྒྱལ་ས་ཀིབ་ལ་ཕེབས་ནས་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་བྱས་ནས་ལོ་གསུམ་འཁོར་ལ་ཉེ་བའི་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཇི་ལྟར་བྱ་དགོས་མིན་བསམ་ཚུལ་མཉན་ཡོད་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཨ་རིའི་གཞུང་གིས་ཨུ་རུ་སུ་ལ་བཀའ་མོལ་གནང་སྟེ་ཡུ་རོབ་ཀྱི་བདེ་འཇགས་ལ་ཐུག་པའི་ཨ་རི་དང་ཡུ་རོབ་མནའ་འབྲེལ་གྱི་ཁས་ལེན་དམ་བཅར་དོགས་པ་སྐྱེས་དགོས་བྱུང་པ་བརྟེན། གཟའ་ཟླ་བའི་ཉིན་གྲོང་ཁྱེར་པེ་རི་སིར་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ཛ་དྲག་ཚོགས་འདུར་ཞུགས་ཏེ་ཡུག་ཀེ་རན་དང་ཡུ་རོབ་བདེ་འཇགས་སྐོར་ལ་གྲོས་བསྡུར་གནང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་ལ་ལག་ཤེས་སྦྱོང་བརྡར་ཁང་དང་ཤེས་ཡོན་སློབ་གསོ་ལྟེ་གནས་ཁང་ཡིན་ཞེས་བཙུགས་ཡོད་པ་དག་གི་ནང་དུ་བོད་པ་དང་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་སྙན་ཐོ་བཏོན་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ནས་ལྡི་ལི་རུ་ཞབས་སོར་འཁོད་པ་དང་། ཨ་རི་དང་ཨུ་རུ་སུའི་གྲོས་མོལ། ཡུ་རོབ་ཀྱིས་ཡུག་ཀེ་རན་གྱི་ཐད་ཆེས་མཐོའི་ཚོགས་འདུ་འཚོགས་པ། ཁེ་ན་ཎའི་གནམ་ཐང་གི་གནམ་གྲུའི་ཆག་སྒོ། རྒྱ་ནག་གི་བཅོས་རིག་Deepseek ལྷོ་ཀོ་རི་ཡའི་ནང་བཀག་སྡོམ་བྱས་པ་སོགས་ཡོད།
སྲིད་འཛིན་ཊམ་གྱིས་མཁྲེགས་པོ་གནང་སའི་ཕྱི་མི་གཙོ་ཆེ་བ་ལྷོ་ཕྱོགས་ས་ཐག་རིང་བའི་ལྷོ་ཕྱོཌ་ཨ་མི་རི་ཀའི་ཡུལ་ཁག་ཚོ་ནས་མེག་སི་ཀོའི་བརྒྱུད་ནས་ཡོང་མཁན་ཚོ་ཡིན་རུང་། རྒྱ་ནག་ནས་ཨ་རིར་སྐྱབས་བཅོལ་ལ་ཡོང་མཁན་ཚོ་ཞི་བདེ་རྒྱ་མཚོའི་མཚོ་གླིང་གྷུ་ཨཱམ་བརྒྱུད་ནས་ཀྱང་ཡོང་གི་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།
རེས་གཟའ་མིག་དམར་ཉིན་སོ་ཌི་ཨ་རབ་ནང་ཨ་རི་དང་ཨུ་རུ་སུའི་མཐོ་རིམ་གཞུང་ཞབས་ཀྱི་ངོ་འཕྲད་ཚོགས་འདུ་ཞིག་འཚོགས་གྲབས་ཡོད་པ་རེད། ཨ་རི་དང་ཨུ་རུ་སུའི་ཚོགས་འདུ་དེ་ནི་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་འགོ་བཙུགས་པ་ནས་བཟུང་མཐོ་རིམ་ངོ་ཚབ་ཀྱི་ཚོགས་འདུ་གནད་ཡོད་ཞིག་དང་ཨ་རིའི་ཕྱི་སྲིད་ལ་འགྱུར་ལྡོག་ཞིག་མཚོན་གྱི་ཡོད།
རྒྱ་ནག་གཞུང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་ཚིགས་ཐོག་ལ་ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་ཅེས་པའི་བརྗོད་ཚིག་དེ་བསུབས་པ་དེ་ནི་རྒྱ་ནག་གཅིག་གི་རྩ་དོན་ལ་རྡོག་རོལ་བཏང་བ་ཞིག་ཡིན་པས་ནོར་འཁྲུལ་དེར་ཡོ་བསྲང་བྱེད་དགོས་ཅེས་གཟའ་ཟླ་བའི་ཉིན་མོ་བརྗོད་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
༄༅།། འབྲུག་ཡུལ་དང་རྒྱ་གར་གཉིས་ལ་མི་དམངས་དང་མི་དམངས། འགྲིམ་འགྲུལ་དང་སྐྱེལ་འདྲེན། དཔལ་འབྱོར་དང་ཚོང་ལས་བཅས་ཀྱི་འབྲེལ་བ་དམ་ཟབ་ཚུགས། ཕྱི་ཟླ་༢་པའི་ཚེས་༡༧་ཉིན་ལྟ་ཞིབ་ཉམས་ཞིབ་ཐེབས་རྩ་ཁང་གིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། འབྲུག་ཡུལ་གྱི་ན་གཞོན་ཚོ་རྒྱ་གར་ལ་དོ་སྣང་དང་ལྟ་ཚུལ་བཟང་པོ་འདུག
སྲིད་འཛིན་ཊམ་དང་ཕུ་ཊིན་གཉིས་ཨ་རི་དང་ར་ཤི་ཡས་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་བྱ་རྒྱུའི་གྲོས་མོལ་བྱུང་། ཡུཀ་རེན་དང་ཡུ་རོབ་གཉིས་གྲོས་མོལ་དེར་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་པས་ཡུ་རོབ་ཀྱི་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་མ་འོངས་པའི་ཉིན་ཤས་ནང་སོ་དྷི་ཨ་རབ་ནང་ཨུ་རུ་སུ་དང་ཡུག་ཀེ་རན་གྱི་གྲོས་མོལ་སྐུ་ཚབ་ཚོ་དང་མཉམ་དུ་ཞི་བའི་གྲོས་མོལ་འགོ་འཛུགས་བྱ་རྒྱུ་ཡིན་པའི་སྐོར་འདིར་གསལ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཞུང་འཛིན་ལྷན་ཁང་ནས་ཨ་རིའི་གཞུང་གི་ཕྱི་རྒྱལ་ལ་རོགས་དངུལ་ཆ་ཚང་བཀག་འགོག་གནང་བའི་རྗེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་།རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེད་དུ་དམིགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་ཕྲག་མང་པོ་ཞིག་གི་ལས་དོན་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།
ཡོ་རོབ་རྒྱལ་ཁབ་སུད་སི་གཞུང་གིས་སྙན་ཐོ་འདོན་སྤེལ་བྱས་པའི་ནང་ཡུལ་དེར་སུད་གནས་འཁོད་བོད་མི་དང་ཡུ་གུར་བ་ཚོས་ས་གནས་ཀྱི་བོད་མི་ཚོ་དང་ཡུ་གུར་བ་གཞན་གྱི་ཐོག་ལ་རྒྱ་གཞུང་གིས་སོ་མྱུལ་བྱེད་འཇུག་གི་འདུག་ཅེས་བཀོད་འདུག
ཊམ་གཞུང་གིས་ཨ་རིའི་ས་མཚམས་བརྒྱུད་ནས་འབྱོར་བའི་བཟི་སྨན་ཕེན་ཊ་ནིལ་བཀག་འགོག་བྱེད་རྒྱུར་མེ་ཀི་སི་ཁོའི་རྒྱལ་ཁབ་ཀྱི་རོགས་རམ་ཞུས་ཡོད། སྔ་ལོར་ཨ་རིའི་མངའ་སྡེ་ཨེ་རི་ཛོ་ནའི་ས་མཚམས་འགག་སྒོར་ཁྲིམས་འགལ་གྱི་བཟི་སྨན་དེ་བཀག་འགོག་བྱེད་ཆེད་ཚན་རིག་ལག་རྩལ་མཐོ་བའི་འཕྲུལ་ཆས་བཀོལ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས།
ཕྱི་ཟླ་༢་པའི་ཚེས་༡༣་ཉིན་ཨ་རིའི་ཧ་ཝ་ཡི་མངའ་སྡེའི་ཧོ་ལོ་ནུ་ནུ་གྲོང་ཁྱེར་དུ་ཆགས་ཡོད་པའི་མཚོ་དམག་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞི་བདེ་རྒྱ་མཚོའི་ནང་གི་ཨ་རིའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་སེ་མུལ་པ་པ་རོས་རྒྱ་ནག་གིས་དམག་སྦྱོང་བྱེད་ཀྱི་ཡོད་པ་དེ་སྤྱི་བཏང་གི་སྦྱོང་བརྡར་ཞིག་མ་རེད།
འཕྲུལ་ལས་བཟོ་ཚོང་ལས་ཁང་གྷུ་གྷལ་གྱིས་རྒྱུན་རིང་ནས་བཅོས་མའི་རིག་ནུས་ཀྱིས་གོ་མཚོན་འཛུགས་སྐྲུན་བྱ་རྒྱུ་མིན་པའི་སྲིད་ཇུས་དེར་ཉེ་ཆར་འགྱུར་བ་ཕྱིན་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་ མེཌ་ཌི་བྷལ་གྱིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཊམ་དང་མོ་དྷི་གཉིས་ཀྱིས་ཕོ་བྲང་དཀར་པོ་ནས་བདེ་འཇགས་དང་ཚོང་དོན་སྐོར་གྲོས་ཆོད་མང་དག་ཅིག་བཞག་ཡོད་ཀྱང་། ཊམ་གྱིས་མཐུན་གྲོགས་ཁག་ལ་སྒོ་ཁྲལ་གཅིག་མཚུངས་སུ་སྤར་ཆ་གནང་བཞིན་པར་བརྟེན། རྒྱ་གར་གྱི་འདོད་བློ་ཁེངས་ཁག་པོ་ཡིན་པའི་སྐོརའདིར་གསལ།
མང་སྣོན།