ཉེ་དུས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་གཙོ་ཆེ་བ་ཕྱི་མི་གཞིས་ཆགས་པ་དང་། ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཀྱི་ཐོག་བྱས་ཡོད་པ་དང་། ཌོ་ནལ་ཊམ་གྱིས་སྲིད་འཛིན་གནང་སྟེ་ད་ཆ་ཟླ་བ་གཅིག་ཕྱིན་ཡོད་པའི་རྗེས་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཐོག་ཨ་རིའི་མི་མང་ཚོར་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་འདུག
ཨིན་རྡུ་ནེ་ཤི་ཡའི་སྲིད་འཛིན་གྱི་གཞུང་གྲོན་བཅོག་བྱའི་འཆར་གཞི་ལ་མང་ཚོགས་ནས་ངོ་རྒོལ་ཤུགས་ཆེ་བྱེད་པ་དང་།ལྷག་པར་དུ་༢༠༠༢ལོར་བྷ་ལཱི་མཚོ་གླིང་ནང་བྱུང་བའི་འབར་མདེལ་གྱི་གཏོར་རྒོལ་སྐབས་ཚེ་སྲོག་ལས་ཐར་བའི་མི་ཚོར་སྨན་བཅོས་ཀྱི་རོགས་རམ་མེད་པ་ཆགས་སྲིད་པའི་སེམས་འཚབ་ཆེན་པོ་ཡོང་གི་ཡོད་པ་རེད།
༄༅།། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གསུམ་འཁོར་བའི་སྐབས་འདིར་ཡུ་རོབ་ལ་ཨ་རིའི་རྒྱབ་སྐྱོར་མེད་པར་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་དག་ཡུ་རོབ་རྒྱལ་ཁབ་ཁག་གིས་ལེན་དགོས་པའི་དུས་སུ་བབས།
ཨ་རིའི་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་ཚོང་ཟོག་ཐོག་སྒོ་ཁྲལ་སྤར་སྐབས། ཁོང་གིས་ཐེངས་དང་པོར་ཧོང་ཀོང་དང་རྒྱ་ནག་གཉིས་གཅིག་མཚུངས་སུ་བརྩིས་ཡོད་པའི་སྐོར་གྱི་གནས་ཚུལ་འདིར་གསལ།
སྤྱི་ཟླ་༢ པའི་ཚེས་༢༢ རེས་གཟའ་སྤེན་པའི་ཉིན་ལ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་དབར་དངོས་སུ་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་འདུག།
ཧ་མ་སི་དྲག་སྤྱོད་ཚོགས་པས་སྤྱི་ཟླ་༢ པའི་ཚེས་༢༢ རེས་གཟའ་སྤེན་པའི་ཉིན་ལ། ཡང་བསྐྱར་ཨི་སི་རལ་གྱི་མི་གཏའ་དྲུག་གློད་བཀྲོལ་བཏང་ནས། ཨི་སི་རལ་གྱི་བཙོན་འོག་ཏུ་ཚུད་ཡོད་པའི་པ་ལི་སི་ཐན་གྱི་མི་གྲངས་༦༠༠ ལྷག་དང་ཕན་ཚུན་བརྗེ་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།
བདུན་ཕྲག་གཅིག་གི་སོག་པོའི་དུས་ཆེན་དེ་ནི། ཡུལ་དེའི་དཔོན་རིགས་ཚོས་གྲང་ངད་ཤིན་ཏུ་ཆེ་བའི་ནམ་དུས་འདིར་ཕྱི་ལོག་ནས་ཡུལ་འཁོར་སྤྲོ་འཆམ་པ་འགུགས་འབོད་བྱ་རྒྱུའི་ཆེད་དུ་དམིགས་ཏེ་གོ་བསྒྲིཌ་བྱས་ཡོད། ནམ་དུས་འདིར་རྒྱལ་ས་ཨུ་ལཱན་བ་ཏོར་དང་དེའི་ཉེ་འཁོར་གྱི་ཚ་གྲང་དེ་ཀླད་ཀོར་འོག་གི་སེལ་སི་ཡསེ་༤༠ཙམ་ལ་སླེབས་ཀྱི་ཡོད་འདུག
སོག་པོ་ཚོས་དེང་སང་འཛམ་གླིང་གི་རྒྱལ་ས་གྲང་ཤོས་ཨུ་ལཱན་བ་ཏོར་གྱི་ཉེ་འཁྲིས་སུ་བདུན་ཕྲག་གཅིག་གི་དགུན་དུས་ཀྱི་དུས་ཆེན་ལ་སྲུང་བརྩི་ཞུས་ཡོད་སྐོར་གསར་འགོད་པ་Rebeccaཡིས་བཏང་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཁཱ་རི་ལེ་ཁིའི་ཁོ་མོར་ཊམ་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་འགོ་ཁྲིད་དུ་བསྐོས་པར་གཟི་བརྗིད་སྐྱེ་འོས་པ་ཞིག་ཡིན་པ་དང་། ཁོ་མོས་གསར་འགྱུར་ལས་ཁུངས་དེས་“གནས་ཚུལ་ཏག་ཏག་དང་དྲང་བདེན་གྱི་སྙན་ཞུ་”འདོན་ཐོན་བྱེད་པར་དམིགས་འདུན་གཏད་རྒྱུ་ཡིན་ཞེས་བརྗོད་འདུག
ཨ་རིའི་སྲིད་འཛིན་གཞོན་པས་རྙིང་ལུགས་སྲིད་དོན་ལས་འགུལ་ལྷན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་གྱི་ཐོག་ཁོང་རང་གི་ཕྱི་སྲིད་ལས་དོན་གྱི་ནང་རྙིང་ལུགས་དགོངས་ཚུལ་དེ་དག་གསལ་སྟོན་གནང་ཡོད་པ་དང་། ཁོང་དང་ཕྱི་རྒྱལ་གྱི་སྲིད་དོན་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཆབ་སྲིད་དགོངས་གཞི་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
ཨ་རིའི་ཁེ་ལས་ཆུང་གྲས་ཚོས། སྲིད་འཛིན་ཌོ་ནལ་ཊམ་གྱིས། ནང་འདྲེན་བྱས་པའི་ལྕགས་རིགས་དང་ཧ་ཡང་རིགས་ལ། སྒོ་ཁྲལ་བརྒྱ་ཆ་༢༥ སྤར་རྒྱུའི་བཀོད་ཁྱབ་བཏང་བའི་ཤུགས་རྐྱེན་ཐད། གདོང་ལེན་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་མིར་ཤེལ་ཁིན་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲྭ་རྒྱའི་ངོས་སུ་ང་ཚོས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་འཁོད་པའི་ཚིག་འབྲུ་རྣམས་བསུབས། ད་ལྟའི་བར་དུ་ཨ་མི་རི་ཀས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་(PRC)་ཅེས་འབོད་ཀྱི་ཡོད་པའང་རྒྱ་ནག་གཅིག་པུར་བསྒྱུར།
ནུབ་ཕྱོགས་ཡུཀ་རེན་གྱི་གྲོང་གསེབ་Makivཀྱི་སྐྱེས་པ་ཚང་མ་བྲོས་བྱོལ་དུ་ཕྱིན་པའམ་ཨུ་རུ་སུས་ཡུལ་དའེི་ཐོག་བརྒྱབ་བཞིན་པའི་དམག་འཁྲུག་ལ་ཕྱིན་པའམ་དམག་འཁྲུག་ཀྱི་ནང་འདས་གྲོངས་སུ་ཕྱིན་པ་སོགས་ཀྱི་རྐྱེན་གྱིས་གྲོང་ཁྱེར་དེའི་ནང་སྐྱེས་པ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ།
ཨི་སི་རེལ་གྱི་གྲོང་ཁྱེར་Tel Avivནང་དུ་སྤྱི་སྤྱོད་རླང་འཁོར་ལ་འབར་རྫས་ཀྱི་གཏོར་རྒོལ་བྱུང་པ་དེར་ཨི་སེ་རེལ་གྱིས་ད་ལྟ་ཞིབ་འཇུག་གནང་བཞིན་པ་རེད་འདུག དེ་ཉིན་Palestineགྱི་སྲིད་དང་དྲག་པོའི་ཚོ་ཁག་Hamasཡིས་ན་ནིང་ཨི་སེ་རེལ་གྱི་ས་ཐོག་ནས་བཙན་ཁྲིད་པའི་མི་རྣམས་ནས་ཚེ་འདས་ཀྱི་ཕུང་པོ་བཞི་ཨི་སེ་རེལ་ལ་སློག་པའི་གནས་ཚུལ།
༄༅། ཨ་རི་དང་ཡུ་ཀེ་རན་གྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་པའི་སྐབས་སུ་ཨ་རིའི་དམིགས་བསལ་སྐུ་ཚབ་ཁི་ཐི་ཁེ་ལོག་དང་ཡུ་ཀེ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་མཇལ་འཕྲད་གནང་ཡོད་པ་རེད། འདིའི་སྐོར་རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་དམག་འཁྲུག་ལངས་ནས་ལོ་བཞི་པར་སླེབས་པའི་སྐབས་འདིར། ཡུ་རོབ་ཀྱི་འགོ་ཁྲིད་ཚོ་དང་ཡུག་ཀེ་རན་གྱིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་སའི་གྲོས་མོལ་ནང་ཚུད་ཀྱི་མེད་པར་བློ་འཚབ་སྐྱེ་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅། །ཨེ་ལོན་མཱ་སི་ཁི་ཡིས་འཇར་མན་གྱི་གཡས་ཕྱོགས་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱས་པར་བརྟེན། སླེབས་ལ་ཉེ་བའི་འཇར་མན་གྱི་འོས་བསྡུའི་ནང་ཤུགས་རྐྱེན་དང་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པའི་གནས་ཚུལ་ཞིག་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་དང་པོའི་ནང་བཟའ་བཅའ་དང་རྡོ་སྣུམ། དེ་བཞིན་ཁང་པ་སོགས་ཀྱི་རིན་གོང་ཆེ་རུ་ཕྱིན་ཏེ་ཨ་རིའི་ནང་ཡུལ་ཐང་ཇེ་མཐོར་ཕྱིན་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཝེ་རོ་ནི་ཀ་ཡིས་ ཡུལ་ཐང་ཇེ་མཐོར་འགྲོ་རྐྱེན་གྱི་སྐོར་ལ་དཔལ་འབྱོར་རིག་པ་བ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་བསྒྱུར།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡོ་རོབ་མཉམ་འབྲེལ་གྱིས་ཨ་རི་དང་ཚོང་ལས་གྲོས་བསྡུར་གནང་རྒྱུའི་རེ་བ། ཡུག་ཀེ་རན་སྲིད་འཛིན་གྱིས་ནང་ཁུལ་གྱི་གཅིག་སྒྲིལ་དང་ཨ་རིའི་སྐོར་གསུང་བ། འཕྲུལ་རིག་ཚོང་ལས་ཁང་མ་ཡེ་ཁི་རོ་སོ་ཕྷ་ཊི་ཡིས་ཆིབ་སི་གསར་བཟོ། ནུབ་མཚོ་ཁའི་པེ་ལི་སི་ཐན་པ་ཚོ་ཕྱིར་རང་ཁྱིམ་ལ་ལོག་པ་སོགས་ཡོད།
སི་རི་ཡའི་གྲོང་ཁྱེར་རྙིང་པ་སྤལ་མི་རཱའི་གྱང་རོ་དེ་ཚོ་ནི་གནའ་སྔ་མོ་རོམ་གྱི་རྒྱལ་ཁམས་དང་གླིང་ཆེན་ཨེ་ཤི་ཡའི་རྒྱལ་ཁམས་གཉིས་འབྲེལ་མཐུད་བྱེད་པའི་གྲོང་ཁྱེར་དེ་ཡིན་པ་དང་། སི་རི་ཡའི་ནང་ནང་འཁྲུག་འགོ་མ་ཚུགས་གོང་འཛམ་གླིང་གི་ས་ཕྱོགས་གང་སའི་ཡུལ་ཁོར་སྤྲོ་འཆམ་པ་རྣམས་གྱང་རོ་འདིར་ལྟ་སྐོར་ལ་ཡོང་གི་ཡོད།
མང་སྣོན།