༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་སྲིད་གཞུང་གིས་བོད་ནང་གི་ས་ཆ་༣༠་ཐམ་པའི་མིང་བསྒྱུར་དགོས་པའི་ཆོག་མཆན་བཀོད།
བདུན་ཕྲག་འདིར་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྟེང་ཨ་རིའི་སྲིད་འཛིན་གྱིས་ཡུ་རོབ་དངུལ་ཁང་སོགས་ནང་བཞག་པའི་ཨུ་རུ་སུའི་དངུལ་གྱི་སྐྱེད་ག་ནི་ཡུག་ཀེ་རེན་གྱི་དམག་ལ་འགྲོ་སོང་གཏོང་དགོས་གལ་ཆེའི་སྐོར་གསུང་འཆར་ཡོད། ཡུ་རོབ་ཀྱི་ཆབ་སྲིད་སྡིངས་ཆའི་སྟེང་གཡས་ ཕྱོགས་པར་རྒྱལ་ཁ་སོན་པར་བརྟེན་དཀའ་ངལ་འཕྲད་སྲིད་པ་རེད།
༄༅།། རྒྱ་ནག་ལ་སྐམ་མཚོ་གནམ་གསུམ་གང་ནས་ཕྱིན་ཀྱང་ཆུ་ཚོད་༧༢་ནས་ཉི་མ་༣༠་ཐམ་པའི་རིང་ཐོངས་མཆན་ཞུ་མི་དགོས་པར་བསྐྱོད་ཆོག་པའི་ཐབས་ལམ་༥་ཡོད་པའི་གསར་འགྱུར་ཐོན་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་སོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ་དང་། གྷ་ཛའི་དམག་འཁྲུག་གི་གནས་སྟངས་དང་མེ་འཕེན་མཚམས་འཇོག་གི་གྲོས་གཞི། ཨ་རིའི་ནང་བོད་མིར་འཇབ་དམག་གི་དམག་སྦྱོང་བྱེད་སའི་གནས། ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་སོགས་ཡོད།
སྲིད་སྐྱོང་དབུ་བཞུགས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོ་དང་བསྟུན་ནས་དེ་རིང་སྤྱི་ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རབས་དང་གལ་ཆེའི་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས་དཔེ་དེབ་ཅིག་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་དབུ་འབྱེད་གནང་སོང།
རྒྱ་གར་གྱི་སྲིད་བློན་མོ་དྷིས་ལས་འཁུར་དམ་འབུལ་ཞུས་པ།
༄༅།། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱས་ནས་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལངས་ཕྱོགས་འཛིན་པའི་ཤོག་ཁག་དེར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཀྱང་ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་སོགས་སུ་གཡས་ཐལ་ཅན་གྱི་སྲིད་དོན་ཚོགས་པ་ཁག་སྟོབས་ཤུགས་རྒྱས།
རྒྱ་གར་གྱི་སྲིད་བློན་མོ་དྷིས་ལས་འཁུར་དམ་འབུལ་ཞུས་པ་དང་། སྲིད་སྐྱོང་དབུ་བཞུགས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཆེན་སྲུང་བརྩི། ཨ་རིའི་སྲིད་འཛིན་གྱིས་D-Day དུས་དྲན་ཐོག་གསུང་བཤད། བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་སྐུ་ཚེའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་གནང་བ་སོགས་ཡོད།
ཀུན་གླེང་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་དང་ལྷན་དུ་ཇོ་བོ་ཝ་ཏི་བཟང་པོའི་རྣམ་ཐར་དང་། བོད་གངས་ཅན་ལྗོངས་སུ་བསོད་ནམས་ཀྱི་རྟེན་སྐལ་དུ་གྱུར་ཚུལ། དམིགས་བསལ་བོད་ནང་རྒྱ་མིས་བཙན་འཛུལ་བྱས་རྗེས་བཙན་བྱོལ་དུ་གདན་ཞུ་གནང་སྟངས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་ཡིན།
༄༅།། འབྲུག་གཞུང་གིས་ཕྱི་རྒྱལ་ནས་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་མི་གླ་རྒྱུའི་ཐག་བཅད་དེ་རྒྱལ་ནང་གི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་མི་ཚོར་བློ་ཕམ་འབྱུང་སྲིད་པའམ། ཡང་ན་སེམས་ཤུགས་ཆག་སྲིད་པའི་ཉེན་ཁ་ཆེ་ཞིང་།
༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་དང་། དེ་བཞིན་འཛམ་གླིང་དམག་གཉིས་པའི་དམག་ཞབས་ཟུར་པ་ཚོ་ཧྥ་རན་སི་བཅིངས་འགྲོལ་གྱི་དཔུང་འཇུག་དམག་ལ་ཞུགས་ནས་ལོ་༨༠་འཁོར་བའི་དུས་དྲན་མཛད་སྒོར་འདུས།
གཟའ་མིག་ཉིན་རྒྱ་གར་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་སྐབས་སུ་ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེ་གཞུང་འཛིན་བྷེ་ཇེ་པི་ཚོགས་པའི་འོས་མི་བཀྲ་ཤིས་རྒྱལ་མཚན་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་འོས་མི་འཇམ་དབྱངས་ཚེ་རིང་རྒྱལ་གཉིས་ཀྱི་སུ་ལའང་མ་ཐོབ།
༄༅།། ཉེ་བའི་ལོ་ཤས་ཤིག་ནས་སྙེ་ཤང་དང་གློ་བོའི་ཡུལ་དུ་ཆར་ཞོད་ཆེ་བ་དང་ཐན་པ་བྱུང་ནས་ལོ་ལེགས་མ་བྱུང་། ས་གནས་མང་ཚོགས་ཀྱི་ཁང་ཁྱིམ་སོགས་ཆུ་ལོག་གིས་བསྣུབས་ནས་རང་བྱུང་ཁམས་ཀྱི་གནོད་འཚེ་འབྱུང་རྒྱུ་ཇེ་མང་དུ་སོང་།
པ་ལི་སི་ཐན་གྱི་ཡུལ་དམག་ཚོགས་པ་ཧ་མ་སིས་གཟའ་མིག་དམར་ཉིན་ཨི་སི་རེལ་གྱིས་གཏན་དུ་མེ་འཕེན་མཚམས་འཇོག་དང་གྷ་ཛ་ནས་དམག་དཔུང་ཡོངས་སུ་ཕྱིར་འཐེན་གྱི་ཁག་ཐེག་མ་བྱས་ཚེ། ཁོ་ཚོའི་ངོས་ནས་ཞི་བདེའི་གྲོས་གཞི་དེར་མོས་མཐུན་བྱེད་མི་ཐུབ་ཟེར། དེ་བཞིན་ཨི་སི་རེལ་གྱིས་རྩ་བའི་དམ་བཅའ་ལ་འགྱུར་བ་གང་ཡང་མེད་པ་བརྗོད་ཡོད་པ་རེད།
མེག་སི་ཀོ་ཡི་འོས་བསྡུའི་ཁྲོད་འདེམས་ཐོན་བྱུང་བའི་སྲིད་འཛིན་ནི། ཡུལ་འདིའི་ལོ་རྒྱུས་སུ་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དང་ཇེའུ་མི་རྒྱུད་ཀྱི་སྲིད་འཛིན་དང་པོར་འགྱུར་རྒྱུ་ཡིན་ཡང་། ཡང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་མེག་སི་ཀོ་ཡི་འདེམས་ཐོན་བྱུང་བའི་སྲིད་འཛིན་གྱིས་དཀའ་གནད་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་ཡོད་པ་རེད།
ཉེ་ཆར་ཌོ་ནལ ཊམ་གྱི་ལ་ཚོང་ལས་ཡིག་ཆ་རྫུན་བཟོ་བྱས་པའི་ཐོག་ནག་ཉེས་ཕོག་རྗེས་ཁོང་བཙོན་འཇུག་ཀྱང་བྱེད་སྲིད་པའི་གནས་སྟངས་ཆགས། སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་གཉིས་ཀས་རེས་གཟའ་ཉི་མའི་ཉིན་དེའི་ཐད་གླེང་སློང་གནང་བ་དང་། ཁོང་གཉིས་ཀས་གནད་དོན་འདི་ཕྱོགས་སོ་སོའི་རྒྱབ་སྐྱོར་བ་ཚོར་སེམས་སྐུལ་གཏོང་རྒྱུར་བེད་སྤྱོད་བྱེད
༄༅།། འདས་པའི་ལོ་གཉིས་ལྷག་ལ་ཨུ་རུ་སུའི་འགོ་ཁྲིད་ཚོ་ཡུཀ་རེན་གྱི་དམག་འཁྲུག་ལ་མགོ་འཁོར་ནས་བསྡད། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཙུགས་ཏེ་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་ཐར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་སྤྲད་པའི་མཚོན་ཁག་གིས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་ཆོག་ཅེས་འཁྲོལ་ཆ་སྤྲད། ཨ་མི་རི་ཀས་ཡུཀ་རེན་ལ་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་དང་སྒྱོགས་མདེལ་ཁག་གིས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་མེད།
བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་ལམ་ལ་ཉེན་ཚབས་བྱུང་ཡོད་པ་ནི་བདུན་ཕྲག་འདིའི་ནང་ཐེངས་དང་པོར་ཕྱི་ལ་མངོན་པ་རེད། བྱང་ཀོ་རི་ཡས་གསང་བའི་མྱུལ་ཞིབ་ཀྱི་མིས་བཟོས་འཁོར་སྐར་ཞིག་མཁའ་དབྱིངས་སུ་གཏོང་རྒྱུའི་ཚོད་བགམ་བྱས་རྗེས་མནའ་འབྲེལ་རྒྱལ་ཁབ་འདི་གཉིས་བར་ཕྱི་འབྲེལ་གྱི་འཁྲུག་ཆ་དོད་པོ་བྱུང་བའི་སྐོར་པདྨ་རྡོ་རྗེས་ཕབ་སྒྱུར།
གྷ་ཛའི་དམག་འཁྲུག་རྒྱག་བཞིན་པའི་སྒང་འདིར། ནོར་ཝེ་དང་། ཨི་ཨེར་ལན། སི་པན་བཅས་ཀྱིས་བདུན་ཕྲག་འདིའི་ནང་པ་ལི་སི་ཐན་དེ་རྒྱལ་ཁབ་ཅིག་ཡིན་པའི་དངོས་གཞིའི་ངོས་འཛིན་བྱས། པ་ལི་སི་ཐན་པ་རྣམས་ཀྱིས་དེ་ལ་དགའ་འབོད་དང་ཨི་སི་རེལ་གྱིས་ཁ་རྡུང་དྲག་པོ་བཏང་པའི་སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་ཇཱེ་རུ་ས་ལེམ་ནས་སྤེལ།
མང་སྣོན།