ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨ་རིས་སྣེ་ཁྲིད་གནང་པ་ཁག་ལ་ཐུཊ་རྗེ་ཆེ་གསུངས་གནང་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་མོལ་ཌོ་ཝ་ལ་འཚམས་གཟིགས་དང་ནུབ་ཆིངས་ཚོཊ་འདུའི་མཇུག་སྒྲིལ་མཛད་སྒོའི་ཐོག་ནུབ་ཆིངས་ནི་སྔར་བས་ཤུཊ་ཆེ་བ་དང་མཐུན་རྐྱེན་འཛོམས་པ་ཆཊ་ཡོད་པ་སོཊ་གསུངས་པ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས།
པ་ལི་སི་ཐན་གྱི་ནུབ་མཚོ་ཁའི་ར་མ་ལཱ་གྲོང་ཁྱེར་དུ་ཨི་སི་རེལ་དམག་མི་ཚོས་བསྔོག་བཤེར་དང་དེའི་རྗེས་མེ་སྐྱོན་བྱུང་པ་དང་། རྒྱ་ནག་གི་གཙོ་འཛིན་གྱིས་རྒྱ་ནག་དང་ཨ་རབ་རྒྱལ་ཁབ་རྣམས་ཀྱི་ཚོགས་ཆེན་ཐོག་ལ་པ་ལི་སི་ཐན་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག་པའི་སྐོར་གྱི་གནས་ཚུལ་གཤམ་ལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་མི་བྷ་ཌན་དང་ཊམ་གཉིས་ཀྱི་ནུས་ཁུངས་འདོན་སྤེལ་བྱེད་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཕྱོགས་སྐོར་གྱི་སྲིད་ཇུས་རྦད་དེ་ཐ་དད་ཆགས་ཡོད་པའི་སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅།། གཟའ་ཕུར་བུའི་ཉིན་ནེའུ་ཡོག་གི་བཤེར་དཔང་ལྷན་ཚོགས་ཤིག་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་ཐོག་ཏུ་༢༠༡༦་ལོའི་འོས་བསྡུར་ཤུགས་རྐྱེན་ཐེབས་ཐབས་བྱས་ནས་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཕོ་བྲང་དཀར་པོར་བསླེབས་པ་རེད། ཊམ་ལ་ཉེས་འཛུགས་༣༤་བྱུང་བ་ཚང་མར་ནག་ཉེས་འདུག་ཅེས་སྤྱི་མོས་ཀྱིས་ཐག་བཅད།
སྲིད་འཛིན་ཟུར་པ་ཊམ་གྱིས་ཆགས་སྲེད་གློག་བརྙན་འཁྲབ་མཁན་བུད་མེད་ཅིག་དང་ལུས་འབྲེལ་བྱུང་རྗེས། མོའི་ཁ་འགོག་ཐབས་སུ་སྒོར་མོ་སྤྲད་ནས་ཚོད་དོན་འགྲོ་སོང་ཟིན་ཐོ་རྫུན་མ་བཟོས་པའི་གྱོད་དོན་ལ་བཤེར་དཔང་ལྷན་ཚོགས་ཀྱིས་ཁྲིམས་བཤེར་བྱེད་མུས་ཡིན་པ་དང་། ཁྲིམས་ཁང་གི་མདུན་ཐང་ནི་འོས་བསྡུའི་ལས་འགུལ་སྤེལ་ཡུལ་ཞིག་ཏུའང་གྱུར་ཡོད།
༄༅།། ཨ་མི་རི་ཀས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་མོལ་ཌོ་ཝ་ལ་ཨ་སྒོར་དུང་ཕྱུར་༡་དང་བྱེ་བ་༣་ལྷག་རོགས་རམ་སྤྲོད་རྒྱུ་དང་ཨུ་རུ་སུའི་ཤུགས་རྐྱེན་འགོག་རྒྱུའི་ཁས་ལེན་བྱས་འདུག
༄༅།། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཐན་པ་ཡུན་རིང་བྱུང་བའི་སྟབས་ཀྱིས་བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་གློ་བོའི་སྟོད་ཀྱི་བསམ་རྫོང་གྲོང་ཚོ་ས་གནས་གཞན་དུ་སྤོར་དགོས་བྱུང་བའི་གནས་ཚུལ་ཐོན་འདུག
ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཟླ་བ་རྗེས་མར་སུད་སིར་འཚོགས་འཆར་ཡོད་པའི་ཞི་བདེ་ལྷན་ཚོགས་སུ་མཉམ་ཞུགས་གནང་དགོས་ཞེས་བསྐྱར་དུ་རེ་སྐུལ་གནང་བ་དང་། ཡང་ཉིན་དེར་སྦེལ་ཇམ་ནས་F-16 རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ ༣༠ ཚུད་པའི་ཁྱོན་ཨ་སྒོར་ཐེར་འབུམ་གྱི་དམག་དོན་རོགས་སྐྱོར་ཁས་ལེན་ཐོབ།
ཨ་རིའི་སྲིད་འཛིན་འོས་མི་ལས་ཐོག་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་རྣམ་གཉིས་ཀྱི་ཆོས་ལུགས་ཀྱི་བསམ་བློ་འཁྱེར་ཕྱོགས་དང་། འོས་བསྡུའི་དྲིལ་བསྒྲགས་ལ་དེས་ཤུགས་རྐྱེན་ཇི་ལྟར་བཟོ་བཞིན་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་བའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཟླ་འདིའི་ཚེས་༢༠ཉིན་སྐུ་ཞབས་ཛེ་ལེན་སི་ཀིས་ཡུག་ཀེ་རེན་གྱི་སྲིད་འཛིན་གནང་ནས་ལོ་ངོ་ལྔ་འཁོར་ཡོད། ཡུག་ཀེ་རེན་གྱི་ཁྲིམས་ལྟར་ན་སྲིད་འཛིན་གྱི་ལས་ཡུན་ནི་ལོ་ལྔ་རིང་ཡིན། འོན་ཀྱང་དམག་འཁྲུག་ལངས་པའི་སྐབས་འདིར་དྲག་པོའི་ཁྲིམས་བཏང་ཡོད་པར་བརྟེན་འོས་བསྡུ་ཕར་འགྱངས་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
༄༅།། ལོ་གསུམ་གྱི་སྔོན་དུ་ཧོང་ཀོང་གཞུང་གིས་དམངས་གཙོའི་ལས་འགུལ་བ་༤༧་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ་བཟུང་། གཟའ་འཁོར་འདིར་མི་དེ་དག་གི་ཁོངས་ནས་མི་༡༦་ལ་ཁྲིམས་ཐག་གཅོད་རྒྱུའི་གསར་འགྱུར་ཐོན་འདུག
ཨི་སི་རེལ་གྱིས་གྷ་ཛའི་ར་ཧྥ་ཁུལ་དུ་གཏོར་རྒོལ་དྲག་པོ་ཞིག་བྱས་ཏེ་ཞི་བའི་མི་སེར་སྲོག་སྐྱོན་བྱུང་རྗེས་རྒྱལ་སྤྱིའི་ནང་ཨི་སི་རེལ་ལ་སྐྱོན་བརྗོད་བྱེད་བཞིན་པ་དང་། ཨ་རིའི་ནང་དུའང་ངོ་རྒོལ་བ་ཚོས་གཞུང་ལམ་ཞིག་བཀག་ནས་ངོ་རྒོལ་བྱས། དེ་བཞིན་ཡུ་རོབ་རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་རྒྱལ་ཁབ་ངོས་འཛིན་གཞུང་འབྲེལ་གསལ་བསྒྲགས་གནང།
ཚན་རིག་ལས་རིམ་ཞིབ་འཇུག་ཚོགས་འདུ་མཇུག་སྒྲིལ། རཱ་ཧྥ་རུ་འབར་མདེལ་གྱིས་མི་གསོད་དོན་རྐྱེན། རྡ་སའི་བོད་སློབ་ཁག་གི་རིགས་ལམ་འདུ་འཛོམས། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར།
རྒྱ་ནག་གིས་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེ་ལ་གནོན་ཤུགས་སྤྲད་ནས་༢༠༢༨་ཡས་མས་སུ་གཅིག་གྱུར་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དུ་འཇུག་རྒྱུའི་གནོན་ཤུགས་སྤྲོད་ས་རེད་ཅེས་ཨ་རིའི་ཉམས་ཞིབ་ཁང་ཞིག་གིས་སྙན་ཐོ་བཏོན་འདུག
སྤྱི་ཟླ་༥ པའི་བདུན་ཕྲག་མཐའ་མ་དེའི་རེས་གཟའ་ཟླ་བ་ཉིན་ནི་ཨ་རིའི་སྔོན་གཤེགས་དམག་མིའི་དྲན་གསོའི་ཉིན་མོ་ཡིན་ཞིང་། གཞུང་འབྲེལ་གུང་གསེང་གི་ཉིན་མོ་དེ་བཞིན་རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་གནང་མཁན་གྱི་དམག་མི་རྣམས་ལ་ཆེད་དམིགས་ཀྱིས་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཡིན་པའི་སྐོར་འདིར་གསལ།
༄༅།། སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུའི་མཐོ་རིམ་དམག་དཔོན་བཞི་གཅིག་རྗེས་གཉིས་མཐུད་དུ་གོ་གནས་ཕབ་ནས་བཙོན་དུ་བཅུག
ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོ་འཚོགས་གྲུབ་པའི་ཉིན་གསུམ་གྱི་རྗེས་སུ། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ། དྲག་པོའི་སྡིགས་སྐུལ་བྱས་ཡོད་པར། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ནག་གི་སྤྱོད་སྟངས་ཐད་གནས་ཚུལ་ག་འདྲ་སྤེལ་ཡོད་མེད་སོགས་ཀྱི་སྐོར་གཤམ་གསལ།
༄༅།། རྒྱ་ནག་གིས་ཉི་མ་གཉིས་ལ་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་ཏེ་སྲིད་འཛིན་གསར་པ་ལེ་ཆིང་ཏེ་ལ་སྡིགས་ར་བསྐུལ།
ཨ་རིའི་སྲིད་འཛིན་འོས་བསྡུ་འདིའི་སྐབས་ལ་འོས་འཕེན་པ་བརྒྱ་ཆ་ལྔ་བཅུ་ལྷག་བུད་མེད་ཡིན་པ་དང་། སྲིད་འཛིན་གྱི་འོས་མི་རྣམ་གཉིས་ཀྱིས་བུད་མེད་ཀྱི་འོས་ཤོག་ཐོབ་ཆེད་ལས་དོན་འཆར་གཞི་གང་ཡོད་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་ཕབ་སྒྱུར་བྱས་པར་གཟིགས་རོགས་གནང་།
ཨ་རིའི་སྲིད་འཛིན་གྱིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་གློག་ཤུགས་འགྲུལ་འཁོར་དང་ངར་ལྕགས། ཧ་ཡང་། དེ་བཞིན་གློག་ལེབ་འཕྲུལ་ཆས་སོགས་ཚོང་ཟོག་ཁག་གི་ཐོག་སྒོ་ཁྲལ་ཇེ་ཆེར་གཏོང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། སྲིད་འཛིན་ཟུར་པ་ཊམ་གྱིས་དེ་སྔོན་རྒྱ་ནག་གི་ཚོང་ཟོག་ཁག་གི་ཐོག་སྒོ་ཁྲལ་ཇེ་ཆེར་གཏོང་རྒྱུའི་གསལ་བསྒྲགས་གནང་བ་རེད།
མང་སྣོན།