༄༅། །ཧྥ་རན་སི་ནང་རྒྱལ་སྤྱིའི་ཨོ་ལེམ་པིག་རྩེད་འགྲན་འགོ་འཛུགས་བྱ་རྒྱུར་བདུན་ཕྲག་གསུམ་ལས་མེད་པའི་སྐབས་འདིར་ཆབ་སྲིད་ཀྱི་དཀའ་རྙོག་ལ་གདོང་ལེན་བྱེད་དགོས་གྱུར་འདུག་པ་དང། ཕྱི་ཚེས་༢༦་ཉིན་ཨོ་ལེམ་པིག་རྩེད་འགྲན་འགོ་འཛུགས་བྱེད་སྐབས་གཞུང་གི་གལ་ཆེའི་ལས་གནས་སུས་བཟུང་གི་ཡོད་གསལ་པོ་མེད་པ་རེད།
༄༅། །རེས་གཟའ་ཟླ་བ་ཉིན་ཨུ་རུ་སུས་ཡུ་ཀེ་རན་གྱི་རྒྱལ་སའི་ནང་ཡོད་པའི་ཕྲུག་གུའི་སྨན་ཁང་ཨོཀ་མཏ་ཌིཏ་གཙོས་གྲོང་ཁྱེར་འགའ་ཤས་ལ་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་ཚབས་ཆེ་བྱས་ཏེ་ཉུང་མཐར་མི་༢༠ ལ་སྲོག་སྐྱོན་དང་མང་པོར་རྨས་སྐྱོན་བྱུང་འདུག
༄༅།། སྲིད་འཛིན་བྷ་ཌན་དང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཝ་ཤིང་ཊོན་དུ་འདུས་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་།
ཨ་རིའི་རྒྱལ་སའི་ནང་བྱང་ཨཌ་ལན་ཌིག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་༧༥་འཁོར་བར་དྲན་གསོ་དང་སྦྲགས་སྒྲིག་འཛུགས་དེའི་རྒྱལ་ཁབ་༣༢་ཀྱི་དབུ་ཁྲིད་ཚོས་ཡུ་ཀེ་རན་གྱི་གནད་དོན་གཙོས་གལ་ཆེའི་གནད་དོན་ཐད་ཆེས་མཐོའི་ལྷན་ཚོགས་གནང་རྒྱུ་ཡིན་པ་དང་། སྐབས་དེར་ཡུ་ཀེ་རན་གྱི་སྲིད་འཛིན་ཡང་མཉམ་ཞུགས་གནང་རྒྱུ།
ཨུ་རུ་སུས་རྒྱ་གར་གྱི་དགྲ་ཁ་གཏད་རྒྱ་ནག་དང་འབྲེལ་བ་ཉེ་རུ་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར་རྒྱ་གར་གྱི་སྲིད་བློན་ནཱ་རན་དྷྲ་མོ་དྷི་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུར་ཉིན་གཉིས་རིང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་ཅིང་།
རེས་གཟའ་ཉི་མའི་ཉིན་ཨིས་རལ་གྱིས་གྷ་ཛ་ལུང་གཤོངས་ཀྱི་རྒྱལ་ས་གྷ་ཛ་གྲོང་ཁྱེར་ལ་གནམ་ཐོག་ནས་གཏོར་རྒོལ་ཟམ་མ་ཆད་པར་བྱས་པའི་རྐྱེན་གྱིས་མི་དྲུག་ལ་སྲོག་སྐྱོན་བྱུང་འདུག་པ་དང་། གྷ་ཛ་ལུང་གཤོངས་ཀྱི་ས་ཁུལ་གཞན་གྱི་ནང་མི་གསུམ་ལ་སྲོག་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཞེས་པ་འཚོག་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་འཛིན་གྱིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་དང་དམར་ཤོག་ཚོགས་པ་འཛུགས་སྐྱོང་ཞེས་པའི་མིང་ཐོག་ནས་མཐོ་རིམ་དཔོན་རིགས་ཚོ་ལ་རྡུང་རྡེག་དྲག་པོ་གཏོང་འགོ་ཚུགས་ཡོད་པའི་སྐོར་གཤམ་གསལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་༧གོང་ས་མཆོག་གིས་ནིའུ་ཡོག་གི་བཞུགས་གདན་འཇགས་ཡུལ་གསོལ་མགྲོན་ཁང་ནས་དམིགས་བསལ་གསུང་འཕྲིན་བསྩལ་གནང་བ།
ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཆེན་ནི་བདུན་ཕྲག་རྗེས་མར་ཝ་ཤིང་ཊོན་ནང་འཚོགས་འཆར་ཡོད་པ་དང་། ཚོགས་འདུའི་ཐོག་ཡུག་ཀེ་རན་ནུབ་ཆིངས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ་དང་། ཡུག་ཀེ་རན་གྱི་དམག་འཁྲུག་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་འགྲན་སློང་ལ་གདོང་ལེན་བྱ་རྒྱུ་སོགས་གལ་གནད་འཛིན་རྒྱུ་ཡིན་པ་ཚེ་རིང་དབང་མོས་སྙན་སྒྲོན་ཞུ།
ཟླ་བདུན་པའི་ཚེས་༤ཉིན་ཨ་རིས་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་དུས་དྲན་སྲུང་བརྩི་བྱེད་པ་རེད།
༄༅།། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་ཤར་དེར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་པའི་སྔ་ནུབ་ཏུ་ཕུ་ཊིན་དང་ཞིས་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ལ་ཚད་འཛིན་མེད་ཅེས་བསྒྲགས།
ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་གཉིས་ནུབ་ཕྱོགས་རྒྱལ་ཁབ་མཉམ་འབྲེལ་གྱི་ཤུགས་རྐྱེན་ལ་གདོང་ལེན་དང་དབུས་ཨེ་ཤ་ཡའི་དམག་དོན་ཐབས་ཇུས་ནང་ཤུགས་རྐྱེན་སླེབས་ཐབས་སུ་རེས་གཟའ་ལྷག་པའི་ཉིན་དབུས་ཨེ་ཤི་ཡའི་ཡུལ་གྲུ་ཀ་ཛ་ཀིས་ཐན་གྱི་རྒྱལ་ས་ཨས་ཏ་ནར་ཧྲང་ཧའི་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཆེད་འབྱོར་འདུག་ཅིང་།
ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་སྟེ་ཚོགས་པ་དེའི་སྲིད་འཛིན་འོས་མི་སྐུ་ཞབས་ལའེ་ཆི་དཱེ་སྲིད་འཛིན་ལ་འོས་འདེམས་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ཁོང་ནི་ཁ་བྲལ་བ་ཞིག་ལ་ངོས་འཛིན་གྱིས་ཐེ་ཝན་གཞུང་དམངས་གཉིས་ཀྱི་ཐོག་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་བ་རེད།
འཇཱོ་བྷ་ཌན་དང་ཌོ་ནལ་ཁྲམ་གཉིས་ཀྱི་དབར་བགྲོ་གླེང་དང་པོ་དེ་གནང་སྐབས་བྷ་ཌན་གྱིས་བགྲོ་གླེང་ནུས་པ་ལྡན་པ་གནང་ཐུབ་མེད་པར་བརྟེན་ད་ཆ་མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་སྐུ་ཞབས་བྷ་ཌན་གྱིས་ཕྱི་ཟླ་བཅིུག་པའི་འོས་བསྡུའི་ནང་འགྲན་རྩོད་གནང་ཐུབ་རྒྱུར་ལུས་སེམས་གཉིས་ཀའི་ནུས་པ་གདེང་ངེས་མེད་པའི་བློ་འཚབ་ཡོད་སྐོར་
རྒྱ་གར་གྱི་ཉེན་རྟོག་པ་ཟུར་པ་ཆོས་དཔོན་ལ་བསྒྱུར་བ་བྷོ་ལེ་བྷ་བྷའི་ཆོས་བཤད་ལ་མི་ཚོགས་ཆེན་པོ་འདུ་འཛོམས་བྱས་ཡོད་པ་དེ་ཚབས་ཆེ་གོད་ཆག་གི་གནས་སུ་གྱུར་འདུག་པ་དང་། དེ་ཡང་དབུས་ཞིང་ཕོངས་པའི་དད་ལྡན་རྒྱ་གར་བ་མང་པོས་ཁོང་དཀོན་མཆོག་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཐེ་ཝན་གྱི་དམག་གིས་འཐབ་འཁྲུག་ལངས་པའི་དུས་སུ་དགོན་པ་དང་ལྷ་ཁང་ཁག་མདེའུ་འཇོག་ཡུལ་གོ་མཛོད་དུ་བསྒྱུར་དགོས་པའི་གྲོས་གཞི་བཏོན་པ་རེད་ཅེས་རྒྱ་ཡིག་གི་ཚགས་པར་ཞིག་གི་ནང་དུ་གསར་འགྱུར་ཐོན་ཞིང་།
ཀེ་རི་བྷི་ཡན་མཚོ་ཁུལ་དུ་འདི་ལོར་རླུང་འཚུབ་ངར་ཤུགས་ཨང་རིམ་ལྔ་པ་ཅན་ཐོག་མར་འབྱུང་བཞིན་པ་དང་ཕྱོགས་མཚུངས་རྒྱ་གར་དང་རྒྱ་ནག་སོགས་རྒྱལ་ཁབ་མང་པོའི་ནང་ཆར་ཞོད་ཆེ་བ་དང་ཆུ་ལོག་སོགས་ཀྱི་གོད་ཆག་རིམ་པར་འབྱུང་བཞིན་པའི་སྐབས་འདིར། སྲིད་འཛིན་བྷ་ཌན་གྱིས་གཟའ་མིག་དམར་ཉིན་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཐབས་བྱུས་གསར་པ་བསྒྲཊ
༄༅།། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་ལའི་དམག་མི་ཟུར་པ་བརྒྱ་ཕྲག་འགའ་ཞིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་སར་བསྐྱོད། ཁོ་ཚོ་ཁག་ཅིག་གིས་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་བླངས་ནས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་པར་ལུས།
ཨ་རི་གཙོས་པའི་བར་བཞུགས་རྒྱལ་ཁབ་རྣམས་ཀྱིས་ཨི་སི་རེལ་དང་ཧ་མ་སིའི་བར་ཞི་བའི་གྲོས་མོལ་ལམ་ལྷོང་ཡོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གནང་བཞིན་ཡོད། འོན་ཀྱང་དེའི་རིང་ཨི་སི་རེལ་དང་ཧ་མ་སི་དབར་ལ་མུ་མཐུད་དུ་འཁྲུག་འཛིང་བྱུང་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཧྥ་རན་སིའི་གློ་བུར་གྱི་འོས་བསྡུ་རིམ་པ་དང་པོའི་ནང་གཡས་ཐལ་ཆབ་སྲིད་ཚོགས་པར་རྒྱལ་ཁ་སོན་ཡོད་པ་དང་། ཟླ་བ་འདིར་གལ་སྲིད་འོས་བསྡུ་རིམ་པ་གཉིས་པའི་ནང་མུ་མཐུད་རྒྱལ་ཁ་ཐོབ་ན་གཡས་ལྷུང་ལྟ་གྲུབ་འཛིན་མཁན་ཚོས་གཞུང་འཛིན་ཐུབ་རྒྱུ་རེད། གཡས་ཐལ་བར་ཁ་གཏད་གཅོག་ཆེད་གཡོན་ལྷུང་དང་བར་གནས་ཚོགས་པ་མཉམ་འབྲེལ་བྱ་རྒྱུ་ཡིན་པ་རེད།
མང་སྣོན།