༄༅།། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་འདུག
སྨན་ཁང་དེའི་རུས་ཚིགས་བརྗེ་པོ་བརྒྱབ་པའི་ཞབས་ཞུའི་སྡེ་ཚན་གྱི་འགན་འཛིན་ཌེ་ཝེ་དྷི་མེ་མན་ David J. Mayman ལགས་ཀྱིས་༸སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཚེས་༢༨ རེས་གཟའ་པ་སངས་ཉིན། ཞབས་པུས་ཀྱི་པུས་ཚིགས་བརྗེ་པོ་བརྒྱབ་པའི་གཤག་བཅོས་ལམ་ལྷོངས་ལྡན་པ་བྱུང་སོང་།
གཟའ་ཕུར་བུའི་ཉིན་གྲོང་ཁྱེར་སྦར་སིལ་གྱི་ཚོགས་ཆེན་ཐོག་ཡུག་ཀེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་ཡུ་རོབ་མནའ་འབྲེལ་གྱི་ཚོགས་མི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡ་དང་ཨི་སི་ཊོ་ནི་དང་མཉམ་དུ་སྲུང་སྐྱོབ་གྲོས་མཐུན་ལ་མིང་རྟགས་བརྒྱབ། གཞན་ཡང་སྲིད་འཛིན་ཛེ་ལེན་སི་ཀིས་ཡུག་ཀེ་རེན་གྱི་ཤར་ཕྱོགས་ལ་ཡོད་པའི་དམག་མི་ཚོར་འཚམས་གཟིགས་གནང་།
གཟའ་ཕུར་བུའི་མཚན་མོར་༢༠༢༤ ལོའི་སྲིད་འཛིན་འོས་མི་གཉིས་དབར་བགྲོ་གླེང་ཐེངས་དང་པོ་ཚོགས་པ་དེར་ཨ་མི་རི་ཀའི་རྒྱལ་ཡོངས་སུ་འོས་འཕེན་པ་རྣམས་འདུ་འཛོམས་ཀྱིས་བལྟས་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་གིས་འོས་འཕེན་པ་ཚོའི་བགྲོ་གླེང་སྐོར་འགྲེལ་བརྗོད་བྱས་པའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཌོ་ནལ་ཊམ་རྣམ་གཉིས་ཀྱིས་འདི་ལོ་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་བགྲོ་གླེང་ཐོག་མ་དེ་གནང་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་ Calla Yu ཡིས་བགྲོ་གླེང་རྩོད་བསྡུར་གནང་སའི་གྲོང་ཁྱེར་ Atalanta ནས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ་གི་ཡིན།།
ཨུ་རུ་སུའི་ཁྲིམས་ཁང་ཞིག་གིས་ཨ་རིའི་གསར་འགོད་པ་ཨེ་ཝེན་གྷེར་ཤི་ཁོབ་ཝི་ཆི་ལ་Evan Gershkovich གསང་བའི་སྒོ་ནས་ཞིབ་དཔྱོད་ཚུགས་ཏེ། གསང་མྱུལ་གྱི་ལས་དོན་གཉེར་ཡོད་པའི་ཉེས་འཛུགས་བྱས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིས་འདོན་སྤེལ་གནང་བའི་༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ལས། གྷ་ཛའི་དམག་འཁྲུག་གི་རྐྱེན་པས་འཛམ་གླིང་ནང་ཇིའུ་མི་རིགས་དང་ཁ་ཆེ་ཆོས་དད་པ་ཚོར་ཕྱོགས་ལྷུང་གི་ལྟ་ཚུལ་ཤུགས་ཆེན་པོ་སླེབས་ཡོད་པའི་ཉེན་བརྡ་བཏང་པར་མ་ཟད། རྒྱ་གར་ནང་ཆོས་དད་རང་དབང་གི་གནས་སྟངས་སྡུག་ཏུ་ཕྱིན་པའི་སྐྱོན་བརྗོད་བྱས།
ཨ་མི་རི་ཀའི་སྲིད་འཛིན་འོས་མི་བྷ་ཌན་དང་ཊམ་རྣམ་གཉིས་ཀྱིས་རེས་གཟའ་ཕུར་བུའི་ཉིན་འོས་བསྡུའི་བགྲོ་གླེང་དང་པོ་དེ་གནང་གི་ཡོད་པ་འདིའི་ནང་གནས་ཚུལ་ཇི་ཡོང་གི་ཐད་འདི་གའི་གསར་འགོད་པས་འོས་བསྡུའི་རྩོད་བསྡུར་བགྲོ་གླེང་གནང་སའི་གྲོང་ཁྱེར་ཨེ་ཊི་ལན་ཌ་ནས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུ་གི་རེད།།
༄༅།། འདས་པའི་ཟླ་བ་༡༢་ཀྱི་ནང་དུ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་སྒོར་དུང་ཕྱུར་༡༣༩༠་སྟེ། ཨ་སྒོར་ཐེར་འབུམ་༡༣༩་ཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྱིམ་གཞིས་སྤོས།
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལྦང་ཅུན་ཀྲེང་གིས་དེང་སྐབས་ལྷ་སའི་ཉེ་འཁོར་དགོན་སྡེ་ཁག་ལ་ཆེད་སྐྱོད་ཀྱིས་གྲྭ་བཙུན་ཚོའི་ཁྲོད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་སློབ་གསོ་རྒྱག་བཞིན་ཡོད་པའི་སྐོར།
༄༅།། ཉེ་དུས་ཤིག་ནས་རྒྱ་གར་གྱིས་བོད་དང་ཐེ་ཝན་ལ་འབྲེལ་བ་འཛིན་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་ལ་བློ་འཚབ་བྱུང་།
ཨ་རིའི་སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་དང་པོ་དེ་རེས་གཟའ་ཕུར་བུའི་ཉིན་གནང་གི་ཡོད་པ་རེད། འོན་ཀྱང་ཕྱི་མི་གཞིས་སྡོད་པའི་གནད་དོན་དང་ སྲིད་འཛིན་ཟུར་པ་ཊམ་གྱི་ནག་ཉེས་གྱོད་གཞི་ལྟ་བུའི་ཚོར་སྐྱེན་ཆེ་བའི་གནད་དོན་ཁག་གི་སྐོར་ལ་སྲིད་འཛིན་འོས་མི་རྣམ་གཉིས་ཀྱིས་གླེང་སློང་ཤུགས་ཆེ་བྱེད་འགོ་ཚུགས་ཡོད་པ་རེད།།
ཨུ་རུ་སུའི་རྒྱལ་ཕྲན་ཌ་གྷི་སི་ཐན་ནང་ཡེ་ཤུའི་ལྷ་ཁང་དང་ཇིའུ་ཆོས་ཁང་གི་ཐོག་གཏོར་རྒོལ་བཏང་བའི་ནང་སྲོག་སྐྱོན་བྱུང་པའི་མི་གྲངས་༢༠ ཟིན་ནས་རྒྱལ་ཡོངས་སུ་ཉིན་གསུམ་རིང་མྱ་ངན་སྲུང་བརྩི་བྱེད། ཨུ་རུ་སུའི་གསང་བའི་ལས་ཁང་གིས་དྲག་འཐབ་པའི་གཏོར་རྒོལ་འདི་སྔོན་འགོག་བྱེད་མ་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ཐད་དྲི་བ་ཐོན་བཞིན་པ་རེད།
སྲིད་འཛིན་འོས་མི་བྷ་ཌན་དང་ཊམ་གཉིས་ཀྱི་དབར་རེས་གཟའ་ཕུར་བུའི་ཉིན་ལ་རྩོད་གླེང་ཐེངས་དང་པོ་དེ་གནང་འཆར་ཡོད་ཅིང་། སྐབས་དེར་ཡུག་ཀེ་རེན་གྱི་གནད་དོན་དེ་རྩོད་གཞི་གལ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་རེད། ཁོང་གཉིས་ཀྱིས་ཡུག་ཀེ་རེན་ཐོག་ལ་འཛིན་པའི་ལངས་ཕྱོགས་དེ་ཅུང་ཟད་ཐ་དད་ཆགས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་མཆོག་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ་དང་། ཨི་སི་རེལ་དང་ཧ་མ་སིའི་དམག་འཁྲུག་གི་ད་ལྟའི་གནས་སྟངས། ཨུ་རུ་སུའི་རྒྱལ་ཕྲན་ཌ་གྷི་སི་ཐན་ནང་དྲག་རྒོལ། ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་རྩོད་བསྡུར་ཐོག་མའི་སྟ་གོན་སོགས་ཡོད།
༄༅།། ཡུཀ་རེན་དང་མོལ་ཌོ་ཝ་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་འགོ་ཚུགས། དེ་ནི་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་ཕུགས་བསམ་མངོན་དུ་འགྱུར་རྒྱུར་གོམ་པ་མདུན་སྤོས་ཤིག་ཡིན་ཞིང་།
༄༅།། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་མོ་ཕྱེ་ནས་ལོ་༥༠་འཁོར་བའི་དགའ་སྟོན་ཆེན་པོ་ཞིག་ཚུགས་ཀྱི་ཡོད་ཅིང་།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་དུས་ཚོད་རིང་དམིགས་ཡུལ་དང་ཀུན་སློང་ངན་པའི་སྒོ་ནས་བཅོས་རིག་བེད་སྤྱོད་བཏང་སྟེ་ཁ་གཏད་ཆབ་སྲིད་པ་སོགས་ལ་ཕན་ཐོགས་ཡོང་ཆེད་ཁྱབ་བསྒྲགས་རྫུན་བཟོ་བྱེད་བཞིན་པར་བརྟེན། ༢༠༢༤ ལོའི་འོས་བསྡུའི་ནང་བཅོས་རིག་བེད་སྤྱོད་བྱེད་ཕྱོགས་སྐོར་གྱི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་ཕབ་སྒྱུར་བྱས།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༦ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་། ཐེངས་འདིའི་འགྲེམས་སྟོན་ནང་ཚོགས་སྒེར་ཁག་བཅོ་བརྒྱད་ལྷག་མཉམ་ཞུགས་གནང་ཡོད་འདུག
ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་གནང་གི་ཕེབས་ནས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་འདུག
མང་སྣོན།