རེས་གཟའ་ལྷག་པའི་ཉིན་པེ་ལིས་ཐན་གྱི་དྲག་སྤྱོད་སྒྲི་འཛུགས་ཧ་མས་ཡིས་གསལ་བསྒྲགས་སྤེལ་བའི་ནང་ཨི་རན་ནང་ཡོད་པའི་སྒྲིག་འཛུགས་དེའི་འགོ་ཁྲིད་ཨིས་མལ་ ཧ་ནི་ཡེའི་བསྡོད་གནས་ལ་ཨིས་རལ་གྱིས་རྒོལ་རྡུང་བཏང་ནས་ཧ་ནི་ཡེ་བསད་འདུག་ཅེས་བཤད་འདུག
རྒྱ་གར་གྱི་མངའ་སྡེ་ཁག་གསུམ་དང་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་ས་གནས་གཅིག་བཅས་ཀྱི་ནང་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་ མོ་དྷི་གཞུང་གིས་སྔོན་རྩིས་འགྲོ་གྲོན་གཏན་འབེབས་བྱས་ཡོད་པ་དེར་རྒྱ་གར་གྱི་འབྲིང་རིམ་མང་ཚོགས་ཀྱིས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་བཏོན་གྱི་ཡོད་རེད་
༄༅།། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་བདེ་ཐང་མེད་པར་བུ་མོ་ཀིམ་ཇུ་ཨེ་རྗེས་འཛིན་པར་སྐྱེད་སྲིང་བྱེད་ཀྱི་ཡོད་པའི་གསར་འགྱུར་སྤེལ་འདུག
ལེ་བྷ་ནན་ནས་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བཏང་སྟེ་གྷོ་ན་རི་རྒྱུད་ནང་རྐང་རྩེད་སྤོ་ལོའི་རྩེད་ཐང་ཞིག་ཏུ་བྱིས་པ་༡༢ བསད་མ་ཐག་རེས་གཟའ་ཉི་མའི་ཉིན་ཨི་སི་རལ་གྱིས་ལེ་བྷ་ནན་གྱི་ནང་ཧེ་ཛ་བྷོ་ལའི་རྟེན་གཞི་ཁག་གི་ཐོག་གཏོར་རྒོལ་བྱས་ཏེ་མངའ་ཁུལ་གྱི་ནང་འཐབ་འཁྲུག་རྒྱ་ཆེར་འགྲོ་སྲིད་པའི་བློ་འཚབ་བྱེད་དགོས་རྐྱེན་ཆགས་ཡོད།
དམངས་གཙོ་སྲིད་དོན་ཚོགས་པས་གལ་ཏེ་སྲིད་འཛིན་ཟུར་པ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན། ཁོང་གིས་དམངས་གཙོའི་ལམ་ལུགས་རྩ་གཏོར་གཏང་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་ཀྱང་། ཊམ་གྱིས་དེ་ལས་ལྡོག་སྟེ་གལ་ཏེ་ཁོང་རང་ཉིད་འདེམས་ཐོན་བྱུང་མ་ཐུབ་པ་ཡིན་ན་དམངས་གཙོའི་ལམ་སྲོལ་དེ་བཞིན་མཇུག་སྒྲིལ་རྒྱུ་རེད་ཅེས་བརྗོད་འདུག
ཨ་རིས་འཇར་མན་དུ་མེ་ཤུགས་འཕུར་མདེལ་འགྲེམ་འཇོག་འཆར་གཞི་བཏོན་པ་དང་འབྲེལ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་དེ་མཚུངས་ཡ་ལན་སློག་རྒྱུའི་ལན་འདེབས་བྱས། ཨ་རི་དང་ཨུ་རུ་སུ་གཉིས་ཀས་གྲང་དམག་སྐབས་བཀག་འགོག་བྱས་པའི་མཚོན་ཆ་ཁག་ཅིག་བེད་སྤྱོད་གཏོང་རྒྱུའི་གྲ་སྒྲིག་ཡོད་པའི་བརྡ་བཏང་བ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
གཟའ་ཟླ་བའི་ཉིན་ཝེ་ནི་ཛུ་ལའི་སྲིད་འཛིན་གྱིས་རང་ཉིད་ལ་རྒྱལ་ཁ་ཐོབ་ཚུལ་བརྗོད་པ་དང་། དེ་མཚུངས་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མིས་རང་ལ་རྒྱལ་ཁ་ཐོབ་ཡོད་ལུགས་བརྗོད། ཨ་རིས་ཝེ་ནི་ཛུ་ལའི་འོས་བསྡུའི་གྲུབ་འབྲས་ལ་བློ་འཚབ་བསྟན་ཡོད་པ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས།
ཨ་རིས་འགོ་ཁྲིད་པའི་རྒྱལ་ཁབ་༣༠་ཐམ་པས་ཞི་བདེ་རྒྱ་མཚོའི་མཐའ་འཁོར་དུ་དམག་སྦྱོང་བྱེད་ཀྱི་ཡོད་ཅིང་། ཚེས་༢༨་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་དམག་སྦྱོང་ལ་ཞུགས་ཀྱི་ཡོད་པའི་རྒྱལ་ཁབ་༡༣་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཆགས་ཡོད་པ་དང་རྒྱལ་ཁབ་༡༧་ཡུ་རོབ་དང་ཨ་གླིང་ཁག་གསུམ་ནས་ཡོང་དགོས།
༄༅།། རྒྱ་གར་བའི་ཟས་རིགས་གྲས་སུ་ཞོ་ཁོག་ནི་མེད་དུ་མི་རུང་བའི་ཟ་ཆས་ཤིག་ཡིན་ཞིང་། ད་ལོ་རྒྱ་གར་ལ་ཞོ་ཁོག་གི་སྟོན་ཐོག་ཡག་པོ་མ་བྱུང་བ་དང་རྒྱལ་ནང་དུ་ཞོ་ཁོག་གི་རིན་གོང་འཕར། རྒྱ་གར་གྱི་ཟས་རིགས་ཁྲོམ་རའི་ནང་དུ་ཞོ་ཁོག་དཀོན་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རི་སྲིད་འཛིན་གྱི་འོས་བསྡུ་ནས་ཨ་རིའི་ནང་མི་ཁོངས་རྒྱ་གར་ནས་ཡིན་པ་ཚོར་སྤྱི་ཚོགས་ནང་སྙིང་སྟོབས་དང་བློ་བསྐྱེད་ཆེ་རུ་འགྲོ་ཡི་ཡོད་ཅིང་།
༄༅།། བལ་པོའི་སྤྱི་ཚོགས་སུ་དབུལ་ཕོངས་དང་ཞིང་པ། འབྱོར་འབྲིང་བའི་གྲས་སུ་རང་སྲོག་གཅོད་མཁན་མང་ཤོས་འབྱུང་གི་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༢༥་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུ་ཡིན་པའི་སྔ་རོལ་དུ་སྤྱི་མཐུན་ཚོགས་ཁོངས་ཀྱི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་དང་ཁོང་གི་ཁ་གཏད་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་གཉིས་ཀྱིས་འོས་བསྡུའི་ལས་འགུལ་སྤེལ་སྐབས་ཕན་ཚུན་གཅིག་གིས་གཅིག་ལ་ཐེ་ཚོམ་མེད་པར་དམའ་འབེབ་དང་སྐྱོན་བརྗོད་བྱེད་རེས་འགོ་འཛུགས་བྱས་འདུག
ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ཌི་མི་ཏྲི་ ཀུ་ལེ་བྷས་ཨུ་རུ་སུ་དང་དམག་འཐབ་མཚམས་འཇོག་བྱ་རྒྱུར་ཡུ་ཀེ་རན་གྱིས་རྒྱ་ནག་མཉམ་དུ་ཐུན་མོང་གི་ལངས་ཕྱོགས་འཚོལ་ཐབས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
ཨིས་རལ་གྱི་སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུས་ཨ་རིའི་གྲོས་ཚོགས་གོང་འོག་འཐུས་མི་ཚང་འཛོམས་ལ་གཏམ་བཤད་གནང་ནས་ཨ་རི་དང་ཨིས་རལ་གཉིས་ཀྱི་འབྲེལ་ལམ་གལ་ཆེན་པོ་ཡིན་པ་དང། ཨིས་རལ་གྱི་དམག་འཐབ་ལ་ཨ་རིས་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་བྱས་འདུག
ཨ་རྒྱ་་གཉིས་ཀྱིས་དམག་འཁྲུག་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་མཁས་པ་ཚོས་བཤད་པའི་སྐད་ཆ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་འདུག ཉམས་ཞིབ་པ་མང་ཆེ་བས་ཀ་མ་ལ་ཧེ་རི་སི་སྲིད་འཛིན་ལ་བདམས་ན་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཇེ་མཁྲེགས་སུ་མ་བཏང་ཡང་བྷ་ཌན་གྱི་སྲིད་ཇུས་རྣམས་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་འདུག་ཅེས་གླེང་།
རྒྱ་ནག་གིས་ཡུལ་དེའི་རྒྱལ་ས་པི་ཅིན་ནང་འདི་ཟླའི་ཚེས་༢༡ ནས་༢༣ བར་ཚོགས་པའི་ཚོགས་འདུའི་ཐོག་ནས་པེ་ལིས་ཐན་གྱི་ཧ་མས་ཤོག་ཁག་དང་དེའི་ཁ་གཏད་ཕ་ཏཱ་གཉིས་དབར་ད་ཡོད་དམག་འཁྲུག་མཚམས་འཇོག་བྱུང་རྗེས་ཕན་ཚུན་མཉམ་ལས་བྱས་ཏེ་བར་རྒལ་ཆིག་སྒྲིལ་གཞུང་འཛུགས་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད་ཅེས་གསལ་བསྒྲགས་སྤེལ་འདུག
ལྕམ་ཧེ་རི་སིས་འདས་པའི་ལོ་གསུམ་དང་ཕྱེད་ཀ་ཙམ་གྱི་རིང་སྲིད་འཛིན་སྐུ་གཞོན་གྱི་ཐུགས་འགན་བཞེས་པའི་རིང་འཛམ་གླིང་རྒྱལ་ཁབ་༡༩ལྷག་ཙམ་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་༡༥༠ ལྷག་དང་ཐུག་འཕྲད་གནང་བའི་སྐོར་ཕོ་བྲང་དཀར་པོའི་དྲ་རྒྱར་གསལ་བཏོན་གནང་ཡོད།
རྒྱ་གར་གྱི་སྲིད་བློན་མོ་དྷིས་ལོ་བཅུའི་རིང་སྲིད་དབང་བཟུང་ནས་ལས་ཡུན་གསུམ་པ་འགོ་འཛུགས་ཀྱི་མཚམས་འདིར་རྒྱ་གར་གྱི་དཔལ་འབྱོར་གྱི་འཕེལ་རྒྱས་རྒྱུན་སྲིང་བྱ་རྒྱུར་མི་མང་ལ་འཚོ་བརྟེན་ལས་ཀའི་གོ་སྐབས་མང་དུ་གཏོང་གི་ཡིན་གསུངས་པ།
༸གོང་ས་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་དང་འབྱུང་བཞིན་ཐོག འབྲེལ་ཡོད་ཆེད་ལས་རྣམ་པ་དང་སྐུའི་བླ་སྨན་རྣམ་པ་ཡང་མགོན་པོ་གང་ཉིད་ཀྱི་ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་དེ་རིང་ཕྱི་ཟླ་ ༧ ཚེས་༢༤ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་གནང་
ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་པར་ཟླ་བ་བཞི་ཙམ་ལས་མེད་པའི་དུས་འདིར་རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཇོ་བྷའེ་ཌན་གྱིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་མུ་མཐུད་ཞུགས་རྒྱུ་མིན་ཞེས་གསལ་བསྒྲགས་གནང་པ་དང་ཆབས་ཅིག སྲིད་འཛིན་གཞོན་པ་ཀ་མ་ལ་ ཧེ་རེས་འོས་མིར་རྒྱབ་གཉེར་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་ཡོད།
མང་སྣོན།