སྲིད་འཛིན་བྷཡེ་ཌེན་གྱིས་གཟའ་ཉི་མའི་ཉིན་ཕྱིར་བསྒྲགས་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ངོས་ཀྱི་ལས་ཡུན་ལྷག་མ་དེའི་རིང་སྲིད་འཛིན་གྱི་ལས་ཁུར་ཚུལ་བཞིན་བསྒྲུབ་རྒྱུ་དེ་ནི་ངའི་སྲིད་དོན་ཚོགས་པ་དང་། རྒྱལ་ཁབ་གཉིས་ཀར་ཕན་ཐོགས་ཆེ་བ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
བྷངྒ་ལ་དེཤ་ནང་གཞུང་གི་ལས་བྱེད་གླ་རྒྱུའི་གོ་སྐལ་དང་འབྲེལ་སློབ་ཕྲུག་ཚོའི་ངོ་རྒོལ་དེ་ཆབ་སྲིད་ཀྱི་གནད་དོན་ལ་གྱུར་ནས་སྲིད་བློན་ཤེཀ་ཧ་སི་ནའི་སྲིད་བློན་གནང་རྒྱུན་རིང་གི་ཆབ་སྲིད་ཀྱི་གནད་དོན་སྡུག་ཤོས་དེ་ཆགས་འདུག
ཨིས་རལ་གྱི་སྲིད་བློན་བྷན་ཇ་མན་ ནེ་ཏན་ཡ་ཧུ་རེས་གཟའ་ཟླ་བ་ཉིན་ཨ་རིར་ཐོན་འདུག་པ་དང་། དེ་ཡང་ཨིས་རལ་གྱིས་གྷ་ཛའི་ལྷོ་ཕྱོགས་ཁུལ་གྱི་ཁན་ཡུ་ནུས་ནང་ཨིས་རལ་གྱི་དམག་དཔུང་མ་གཏང་གོང་ས་གནས་དེའི་མི་མང་ཚོར་ཉེན་ཡོལ་དུ་འགྲོ་དགོས་པའི་གསར་དུ་བཀའ་རྒྱ་བཏང་བ་དང་དུས་མཉམ་དུ་ནེ་ཏན་ཡ་ཧུ་ཨ་རིར་ཐོན་འདུག
ཉེ་ཆར་Microsoft ཀྱིས་བརྗོད་དོན་ལྟར་ན། ཨ་རིའི་དྲྭ་འབྲེལ་ཉེན་སྲུང་ཁེ་ལས་ཁང་ CrowdStrike གིས་མ་ལག་ཁ་སྐོང་སྐབས་འཕྲུལ་ཆས་ས་ཡ་ ༨.༥ ཙམ་ལ་དཀའ་ངལ་འཕྲད་ཡོད་པ་འགྲེལ་བརྗོད་བྱས་འདུག་ལ། དེ་ནི་ལོ་རྒྱུས་ཐོག་གི་དྲ་རྒྱའི་དཀའ་ངལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།།
ཨ་རིའི་སྲིད་འཛིན་བྷ་ཌན་གྱི་འོས་བསྡུའི་འགྲན་བསྡུར་ནས་ཕྱིར་འཐེན་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད། དེ་ཉིན་སྲིད་འཛིན་མཆོག་ནས་དྲ་ལམ་བརྒྱུད་སྤེལ་ནང་ "ཨ་རིའི་སྲིད་འཛིན་གྱི་མཚན་ཐོག་ནས་ཡུལ་འདིའི་མི་མང་ལ་ཞབས་ཞུ་བསྒྲུབས་རྒྱུ་བྱུང་བ་དེ་ངའི་མི་ཚེའི་ནང་གི་གཟི་བརྗིད་ཆེ་ཤོས་ཡིན།" ཞེས་ཡོངས་བསྒྲགས་གནང་འདུག
༧གོང་ས་མཆོག་གིས་དེ་རིང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ ནིའུ་ཡོག་ནས་ལྕམ་ རོ་བྷར་ཊ་ མེཊ་སོ་ལ་དང་། ལྕམ་ ཨུར་སུ་ལ་ ཝོན་ ཌེར་ ལེ་ཡེན་རྣམ་གཉིས་ལ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོར་བསྐྱར་དུ་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་རེ་སྩལ་གནང་མཛད་ཡོད་འདུག
ཨ་རིའི་དམངས་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་དང་གྲོས་ཚོགས་འཐུས་མི་ཁག ས་གནས་ཁག་གི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོས་ཀ་མ་ལ་ཧ་རི་སི་སྲིད་འཛིན་འོས་མིར་གདམ་རྒྱུའི་རྒྱབ་སྐྱོར་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལོ་འདིའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་ཕམ་ཉེས་གཏང་རྒྱུའི་གྲ་སྒྲིག
རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཇོ་བྷའི་ཌན་གྱིས་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་རྗེས་འཛམ་གླིང་གི་དབུ་ཁྲིད་ཚོས་དགོངས་ཚུལ་བཏོན་འདུག་ཅིང་།
རེས་གཟའ་པ་སངས་ཉིན་སོག་པོའི་ཁྲིམས་ཁང་གིས་གསར་འགོད་པ་གྲགས་ཅན་ཨ་ནུར་ཚེ་ཚེག་ལ་ལོ་ལྔའི་ཉེས་ཁྲིམས་བཅད་པ་དེས་ས་གནས་ཀྱི་དབྱེ་ཞིབ་པ་དང་གསར་འགོད་ལས་དོན་གཉེར་མཁན་ཚོར་བློ་འཚབ་ཡོང་རྐྱེན་ཆགས་ཡོད་པ་རེད།
ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་ཤོལ་ཞེས་པའི་མཚོ་གླིང་དེ་ཕི་ལིབ་པིན་གྱིས་དབང་བསྒྱུར་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་བཙན་པོ་དབང་ཡོད་ཐོག་ནས་མཚོ་གླིང་དེ་ཡུལ་དེར་བདག་གི་ཡོད་པའི་འདོད་གཏམ་ཤོད་ཀྱི་ཡོད།
རེས་གཟའ་ཉི་མའི་ཉིན་ཐའི་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་དེ་སྔོན་ཐའི་ཝན་མང་ཚོགས་ཀྱི་བསམ་བློའི་ནང་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་བསྐྲུན་རྒྱུར་ཐའི་ཝན་གྱིས་གཞོགས་འདེགས་བྱེད་ཐུབ་སྲིད་པའི་ཡིད་ཆེས་བྱས་ཡོད་པ་དེ་ནོར་འཕྲུལ་རེད་ཅེས་དང་། དེ་འདྲའི་བསམ་བློ་འཁྱེར་བཟོ་ལ་ངོས་ལེན་གཏན་ནས་བྱེད་ཀྱི་མེད་ཅེས་གསུངས་པ་
སྲིད་འཛིན་ཇོ་ བྷའི་ཌན་གྱིས་སྲིད་འཛིན་བསྡུ་ནས་ཕྱིར་འཐེན་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། དེ་ཡང་རེས་གཟའ་ཉི་མའི་ཉིན་དགུང་ཙམ་ལ་སྲིད་འཛིན་བྷའི་ཌན་གྱིས་ཡོངས་ཁྱབ་གསལ་བསྒྲགས་ཕྱག་བྲིས་ཞིག་གནང་བའི་ནང་སྲིད་འཛིན་གྱི་ལས་འགན་གནང་ཐུབ་པ་དེ་ཁོང་གི་སྐུ་ཚེའི་ནང་ལས་དོན་རྩ་ཆེ་ཤོས་ལ་ངོས་འཛིན་གནང་ཡོད་ཅིང་།
༄༅།། ཌོ་ནལ་ཊམ་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ངེས་གཏན་བྱས་མེད་ཅིང་། ཊམ་གྱི་སྐད་ཆ་དེ་དག་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་རྣ་བའི་བདུད་རྩིར་གྱུར་ཀྱང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོར་ཁོང་ཁྲོ་སློང་གཞི་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།
རེས་གཟའ་ཕུར་བུའི་ཕྱི་དྲོར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་གསུང་བཤད་གནང་སྟེ་རྒྱས་འཛོམས་ཚོགས་ཆེན་མཇུག་སྒྲིལ་གནང་ཡོད་པ་དང་། དེ་ནི་གཟའ་སྤེན་པའི་ཉིན་ཁོང་དགྲོང་ཐབས་ཀྱི་དོན་རྐྱེན་དེའི་རྗེས་སུ་མང་ཚོགས་ལ་གསུང་བཤད་གནང་བ་ཐོག་མ་དེ་ཡིན་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུས་ཡོད།
སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་ཇེ་ཌི་ ཝེནྶ་ཡིས་རེས་གཟའ་ལྷག་པའི་ཉིན་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་འཐུས་མི་ལྷན་འཛོམས་ལ་གཏམ་བཤད་བྱས་སྐབས་ཨ་རིའི་རྒྱལ་ནང་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ལ་དམིགས་བཀར་གཏམ་བཤད་བྱས་འདུག་ཅིང་།
རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་འཇོ་བྷའི་ཌན་ལོས་ཝི་གྷས་གྲོད་ཁྱེར་ནང་འོས་བསྡུའི་དྲིལ་བསྒྲགས་གནང་པའི་ཞོར་དུ་གསར་འགྱུར་ལས་ཁང་ཞིག་ལ་བཅར་དྲིར་དྭང་ལེན་གནང་འདུག་པ་མ་ཟད། འོས་བསྡུའི་འདུ་འཛོམས་ཤིག་གི་ཐོག་གཏམ་བཤད་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུར་ཞུགས་པའི་འཐུས་མི་ཚོས་ཞི་ཅིན་ཕིང་གི་འཆར་སྣང་ལྟར་རྒྱལ་ཡོངས་བདེ་འཇགས་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་གནད་དོན་དང་། རྒྱལ་ནང་དུ་འཕྲུལ་རིག་ལག་རྩལ་ཡར་རྒྱས་གོང་འཕེལ་གཏང་ནས་དཔལ་འབྱོར་སླར་གསོ་བྱ་རྒྱུ་བཅས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཡོད་སྐོར་ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་
རེས་གཟའ་ལྷག་པ་ཉིན་ཨ་རིའི་སྲིད་འཛིན་ཟུར་པ་དང་སྤྱི་འཐུན་ཚོགས་པའི་སྲིད་འཛིན་འོས་མི་ཀྲམ་གྱིས་ཐའེ་ཝན་གྱིས་སོ་སོའི་རྒྱལ་སྲུང་སྐྱོབ་ཆེད་ད་ཡོད་ལས་འགྲོ་གྲོན་ཆེ་བ་གཏོང་དགོས་ཞེས་བཤད་རྗེས་རེས་གཟའ་ཕུར་བུ་ཉིན་ཐེ་པེར་གསར་འགོད་ལྷན་ཚཽགས་ཞིག་སྐོང་ཚོགས་སྐབས་ཐའེ་ལྦན་གྱི་ཕྱི་འབྲེལ་ལྷན་ཁང་ནང་ཡོད།
ཉེ་ཆར་སྲིད་འཛིན་འོས་མི་ཊམ་ལྐོག་གསོད་ཀྱི་ལས་བརྩམས་པ་དེ་སྲིད་དབང་སྒེར་གཅོད་གཞུང་དག་གིས་བེད་སྤྱོད་ལོག་པར་བཏང་ནས་འཛམ་གླིང་དོན་རྐྱེན་མང་པོ་ཞིག་ལ་ལོག་འགྲེལ་བྱེད་བཞིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་ནི་དེ་ལ་མགོ་འཁོར་ཏེ་པ་ལི་སི་ཐན་པའི་བདེ་སྡུག་སྣང་མེད་དུ་འཇོག་བཞིན་ཡོད་ཅེས་སྐྱོན་བརྗོད་བྱས། དེ་ནི་ལོག་འགྲེལ་རེད།
རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙིགས་སུ་བཟུང་སྟེ་རྒྱལ་ནང་གི་ཚོང་ལས་ཉམས་ཆག་ཕྱིན་པ་སླར་གསོ་དང་ཨ་རིར་དཔལ་འབྱོར་ཐོག་ཏུ་འགལ་ཟླ་ཆེ་རུ་འགྲོ་རུ་འགྲོ་བཞིན་པར་གདོང་ལེན། རྒྱ་ནག་གི་ཕུགས་རྒྱང་རིང་པོའི་སྲིད་ཇུས་ཤིག་གཏན་འབེབས་བྱ་དགོས་ཞེས་ཐག་བཅད།
མང་སྣོན།