དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལཱ་ཧེ་རེ་སིས་ཡུག་ཀེ་རན་ལ་དམག་དོན་གྱི་རོགས་སྐྱོར་བྱེད་ཕྱོགས་དང་རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་བྱེད་ཕྱོགས། དེ་བཞིན་ཕྱི་མི་གཞིས་ཆགས་ཀྱི་གནད་དོན་སྐོར་གྱི་ལངས་ཕྱོགས་སོགས་ལ་ཚང་མས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་ཕྱི་འབྲེལ་སྲིད་ཇུས་སྔར་རྒྱུན་གནས་རྒྱུ
སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སིས་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་དེར་མཱི་ནི་སོ་ཊ་མངའ་སྡེའི་སྤྱི་ཁྱབ་ཊིམ་ཝོལ་ཛི་(Tim Walz)་བདམས་ཡོད་ཅིང་། ད་ལོའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་བསྡུའི་ཆེདའོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུའི་ཐག་བཅད།།
ཨི་སི་རལ་དང་ཨི་རན་གྱི་དབར་འཁོན་འཛིང་ཇེ་ཆར་འགྲོ་བཞིན་པའི་སྐབས་འདིར། ཏུར་ཀིའི་སྲིད་འཛིན་ཨེར་དོ་ཝན་གྱིས་གྷ་ཛའི་དམག་འཁྲུག་ནང་ཞུགས་སྲིད་པའི་སྡིགས་སྐུལ་གནང་པ་དེ་ཡིས་མངའ་ཁུལ་གྱི་ནང་གནས་སྟངས་ཇེ་སྡུག་ཏུ་གཏོང་སྲིད་པའི་སྐོར་ལ་གསར་འགོད་པ་ ཌོ་རི་ཡན་ ཇོན་གྱིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལེ་བྷ་ནོན་དུ་གནས་སྟངས་བློ་འཚབ་ཆེ་རུ་འགྲོ་བཞིན་པ་དང་བསྟུན་དེར་གནས་སྡོད་བྱས་ཡོད་པའི་མི་སེར་རྣམས་ཕྱིར་ལོག་བྱེད་རྒྱུ་སྐུལ་མ་ཞུས་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཝེཏ་ནམ་གྱི་མཚོ་ཁ་སྲུང་དམག་སྐྱེལ་འདྲེན་བྱེད་མཁན་དམག་གྲུ་གཅིག་ཕི་ལི་ཕིནྶ་ནང་འབྱོར་རྗེས་ཡུལ་གྲུ་གཉིས་ཀྱི་མཚོ་ཁ་སྲུང་དམག་དཔུང་སྡེས་ཉིན་གྲངས་བཞིའི་རིང་ཟུང་སྦྲེལ་དམག་སྦྱོང་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དེ་གཉིས་དབར་ཕན་ཚུན་མི་མཐུན་པའི་འགལ་ཟླ་ཡོད་མིན་ལ་མ་ལྟོས་པར་བྱས་པ་ཞིག་ཡིན་ཅིང་།
ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུས་རེས་གཟའ་ཉི་མའི་ཉིན་གཏམ་བཤད་བྱས་པའི་ནང་ཨི་རན་དང་དེའི་ཕྱོགས་གཏོགས་ཚོས་ཨིས་རལ་ལ་རྒོལ་རྡུང་གཏང་བ་ཡིན་ན་དེར་རིན་པ་ཆེན་པོ་སྤྲད་དགོས་ཐུག་གི་རེད་ཅེས་གསུངས་ནས་ཤུགས་ཆེའི་རྒོལ་ལན་སློག་རྒྱུའི་ཉེན་བརྡ་བཏང་འདུག
ཨ་རིའི་སྲིད་འཛིན་གཞོན་པ་ཧེ་རི་སི་ཡིས་དེ་རིང་རེས་གཟའ་མིག་དམར་ཉིན་མངའ་སྡེ་པེན་སི་ཝེལ་ནི་ཡའི་ནང་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ཁྲོད་རང་གི་ལས་རོགས་འདེམས་བསྐོའི་གསལ་བསྒྲགས་གནང་འཆར་ཡོད། དེའི་བར་ན་སྲིད་འཛིན་ཟུར་པ་ཊམ་གྱིས་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་རྗེས་མའི་གནས་དུས་འགྱུར་བ་གཏོང་དགོས་ལུགས་བརྗོད།
༄༅།། ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་གི་དྲག་སྤྱོད་ཚོས་ཨི་སི་རལ་གྱི་བྱང་ཕྱོགས་སུ་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་བཏང་སྟེ་རྒོལ་རྡུང་བྱས་ནས་ཨི་སི་རལ་གྱི་དམག་མི་གཉིས་རྨས། ཨི་རན་ནས་ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་བསད་པར་དགྲ་ཤ་ལེན་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས།
བྷངྒ་ལ་དྷེཤའི་གཞུང་འབྲེལ་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་པར་གཞིགས་ན་ཡུལ་དེའི་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་སློབ་ཕྲུག་དང་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན། ཉེན་རྟོག་པ་བཅས་ཀྱི་དབར་གསར་དུ་དྲག་ཟིང་གི་དོན་རྐྱེན་བྱུང་བའི་ནང་མི་མང་པོར་སྲོག་སྐྱོན་དང་བརྒྱ་ཕྲག་མང་པོར་རྨས་སྐྱོན་བྱུང་འདུག
ཝེ་ནི་ཛུ་ལའི་འོས་བསྡུ་ལྷན་ཁང་གིས་ཝེ་ནི་ཛུ་ལའི་སྲིད་འཛིན་འོས་བསྡུའི་ནང་སྲིད་འཛིན་མ་ཌུ་ར་ལ་འོས་ཤོག་བརྒྱ་ཆ་༥༡དང་ཁ་གཏད་གྷོན་ཛ་ལས་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༤༤བྱུང་ཡོད་ལུགས་གསལ་བསྒྲགས་བྱས་འདུག དེ་ནི་འོས་བསྡུ་སྐོར་ཚོད་དཔག་བྱས་པ་དང་མཐུན་གྱི་མེད་ཅིང་།
ཏེའོ་ཌོ་རོ་གཉིས་མཇལ་མོལ་གནང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་མངའ་ཁུལ་ནང་དཀའ་རྙོག་ཡོད་པའི་ཐད་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་འགྲོ་ལུགས་ལྟར་བདེ་འཇགས་སྲུང་སྐྱོབ་ལ་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ལ་མཚན་རྟགས་བཀོད་འདུག
ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ལ་འགྱུར་བ་སྣ་ཚོགས་བྱུང་པ་དང་བསྟུན་སྤྱི་ཚོགས་དྲ་ལམ་བེད་སྤྱོད་གཏོང་མཁན་ཚོས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་ཚོས་དེ་སྔོན་གནང་བའི་བཀའ་མོལ་ཟུར་ཟའམ་སྐྱོན་བརྗོད་དང་བཅས་བེད་སྤྱོད་བྱེད་བཞིན་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཉེ་ཆར་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ། ཨ་རིའི་ཆུ་རྐྱལ་རྩེད་འགྲན་པས་ལུས་སྟོབས་སྐྱེད་བྱེད་ཀྱི་ངར་སྨན་བེད་སྤྱོད་བྱས་ཚུལ་གྱི་རྫུན་གཏམ་ཁྱབ་གདལ་ཤུགས་ཆེ་ཕྱིན་ཏེ། ཨ་རིའི་རྩེད་འགྲན་པ་ཚོའི་གདོང་པ་དམར་ཞིང་སྨུག་པོ་ཆགས་པ་དེས་ངར་སྨན་བེད་སྤྱོད་བྱས་པའི་རྟགས་རེད་ཅེས་འུར་བརྗོད་བྱེད་བཞིན་འདུག
ཉེ་བའི་ལོ་ཤས་རིང་ལ། རྒྱལ་ཁབ་གཞན་གྱིས་ཨ་རིའི་ཆབ་སྲིད་ལ་ཐེ་གཏོགས་བྱེད་བཞིན་པའི་གནད་དོན་ཐད་དོ་སྣང་ཤུགས་ཆེན་པོ་སླེབས་བཞིན་པར་བརྟེན། རྒྱལ་ཁབ་གཞན་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུར་ཐེ་ཇུས་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། དེས་ཨ་རིའི་ཁྲིམས་དང་སྒྲིག་གཞི་སོགས་ལ་འགྲན་སློང་ག་རེ་འཕྲད་འཇུག་གི་ཡོད་པའི་གནས་ཚུལ་གཤམ་གསལ།
ཨེ་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ སྒྲིག་འཛུགས་དེས་རིང་མིན་མང་གཙོ་ཚོགས་ཁོངས་ནས་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེ་སེ་ལའང་དྲ་ཐོག་གམ། ས་གནས་ཤིག་ཏུ་གདན་ཞུས་ཀྱིས་གནད་དོན་སྣ་མང་ཐོག་དྲི་བ་དྲིས་ལན་གོ་སྒྲིག་བྱེད་གཏན་འཁེལ་ཡོད་ཅེས་གསལ་འདོན་བྱས་འདུག
ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བཙོན་ཁང་དུ་སྡོད་དགོས་བྱུང་རྗེས་བཙོན་དཀྲོལ་བྱུང་བའི་ཧོང་ཀོང་གི་གཞོན་སྐྱེས་ཚོར་ད་ཆ་འཚོ་བའི་མཐུན་རྐྱེན་མཁོ་གྲུབ་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཀོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀིན་གྱིས་འདས་པའི་ཉིན་གྲངས་བཅུའི་རིང་ ཨ་ཤི་ཡའི་རྒྱལ་ཁབ་ཁག་གཅིག་ལ་རྒྱལ་དོན་འཚམས་གཟིགས་གནང་རྗེས་་སྲིད་དབང་གཅིག་སྡུད་པའི་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དཀྱིལ་དུ་ཆགས་པ་སོག་པོའི་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་ཐབས་ཆེད་སོག་པོའི་རྒྱལ་ས་ ཨུ་ལེཎ་བྷ་ཏོར་ནང་ཕེབས་འདུག
༄༅།། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེའི་མགྲོན་ཁང་དུ་ཟླ་བ་གཉིས་ཀྱི་སྔོན་ནས་འབར་མདེལ་སྦས། ཁ་སང་རྒྱང་ནས་འབར་མདེལ་གྱི་མཐེབ་ཅུ་མནན་ཏེ་བསད་པ་རེད་ཅེས་གསར་འགྱུར་ཐོན་འདུག
རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་བྱ་ཆེད། ཉེ་ཆར་ཨ་རིས་ཉི་ཧོང་དུ་དམག་དོན་བཀོད་འདོམས་ཁང་གསར་འཛུགས་ཀྱིས་བཀོད་འདོམས་ཀྱི་དབང་ཚད་རྒྱ་བསྐྱེད་གཏོང་བ་སོགས་ལ་བརྟེན་ནས་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མནའ་འབྲེལ་ལ་ཤུགས་སྣོན་བཞིན་པ་རེད། འོན་ཀྱང་དངོས་སུ་ཟིང་འཁྲུག་བྱུང་ན་ཨ་རི་དང་མནའ་གྲོགས་ཚོས་གྲ་སྒྲིག་ག་ཚོད་བྱས་ཡོད་དམ།
ཧ་མ་སིའི་འགོ་ཁྲིད་Ismail Haniyeh ལྐོག་བསད་ཐེབས་པའི་དོན་རྐྱེན་བྱུང་རྗེས་ཨི་རན་ཕྱོགས་ནས་ཨི་སི་རལ་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཏེ་ཡ་ལན་ནན་མོ་སློག་རྒྱུའི་སྡིགས་སྐུལ་བྱེད་བཞིན་ཡོད་ཀྱང་། ཨི་སི་རལ་ཕྱོགས་ནས་དེར་ལན་འདེབས་གང་ཡང་བྱས་མེད་པ་སོགས་ཀྱི་སྐོར་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།
མང་སྣོན།