རེས་གཟའ་ཉི་མའི་ཉིན་ཧྥི་རན་སིའི་རྒྱལ་ས་པེ་རིས་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་དེ་ཚོད་དཔག་བྱས་པ་ལས་བརྒལ་ནས་གོ་སྒྲིག་ཧ་ཅང་ལམ་ལྷོང་ལྡན་པ་བྱུང་བ་དང་། དེས་ཕྱི་ལོ་༢༠༢༨ ལོར་ཨ་རིའི་གྲོང་ཁྱེར་ལོས་ཨེན་ཇི་ལིས་ནང་གོ་སྒྲིག་གི་ཚད་གཞི་མཐོ་རུ་གཏང་རྒྱུར་མིག་ལྟོས་བཟང་པོ་བྱས་ཡོད།
ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལིན་ས་ཀིས་ཡུལ་དེའི་དཔུང་དམག་གིས་ཨུ་རུ་སུའི་ཀུར་སིག་མངའ་ཁུལ་ལ་གློ་བུར་བཙན་རྒོལ་དཔུང་འཇུག་བྱས་པ་ཡིན་ཞེས་ངོས་ལེན་བྱས་འདུག་ཅིང་། གནས་ཚུལ་དེ་བྱུང་ནས་ཉིན་འགའ་ཤས་ཤིག་སོང་བའི་རྗེས་རེས་གཟའ་སྤེན་པའི་ཉིན་རྒྱལ་ཡོངས་ལ་གཏམ་བཤད་གནང་སྐབས་ཨུ་རུ་སུའི་ས་མཚམས་ས་ཁུལ་དུ་དཔུང་འཇུག་བྱས་སྐོར་གསུངས་
ནོ་བྷེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དགུང་ལོ་༨༤ཡིན་པ་ཡུ་ནུས་བདུན་ཕྲག་འདིར་བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་བཟུང་རྒྱུར་ཡོ་རབ་ནས་རང་ཡུལ་ལ་ཕྱིར་ལོག་གནང་འདུག་པ་དང་། ཁོང་གིས་ཡུལ་ཁྲིམས་སྐྱོང་དགོས་པ་དང་ཆབས་ཅིག རྒྱལ་ཁབ་ནང་བཅོས་བསྒྱུར་གནང་དགོས་ཀྱི་ཡོད།
འོས་མི་ངེས་གཏན་མེད་པའི་རྒྱས་འཛོམས་ཚོགས་ཆེན་ནི་ཨ་རིའི་སྔོན་བྱུང་ལོ་རྒྱུས་ཀྱི་དུས་ཡུན་ཕལ་ཆེ་བར་སྲིད་དོན་གྱི་སྒྲོམ་གཞི་གྲུབ་པའི་ཆ་ཤས་ཤིག་ཡིན་པའི་སྐོར་གྱི་ངོ་སྤྲོད་འདིར་གསལ།
དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཊིམ་ཝོལ་ཛི་དང་རྒྱ་ནག་དབར་གྱི་འབྲེལ་བ་དེས་ཁོ་པ་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་ན་ཤུགས་རྐྱེན་ག་འདྲ་ཐེབས་སྲིད་པ་དང་། དེང་སང་ཁོའི་རྒྱ་ནག་སྐོར་གྱི་ལངས་ཕྱོགས་ག་འདྲ་ཆགས་མིན་དང་རྒྱ་ནག་གིས་ཁོང་ལ་ལྟ་ཚུལ་ག་འདྲ་འཛིན་གྱི་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུའི་ཀར་སི་ཀི་མངའ་ཁུལ་དུ་ཡུག་ཀེ་རན་དམག་མི་འཛུལ་ནས་ཕྱོགས་གཉིས་དབར་འཁྲུག་འཛིང་མུ་མཐུད་དུ་ཉིན་གསུམ་རིང་བྱས་ཡོད་པར་བརྟེན་ཨུ་རུ་སུའི་ཟུར་བཀར་དམག་མི་སྐད་བཏང་དགོས་བྱུང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ལྷོ་ཕྱོགས་ཨེ་ཤི་ཡའི་རྒྱལ་ཁབ་བྷང་ལ་ཌེ་ཤིའི་ནང་སྲིད་བློན་ཤེག་ཧ་སི་ནའི་ལོ་ངོ་༡༥ ཡི་རིང་སྲིད་དབང་བཀའ་བཀོད་དབང་སྒྱུར་དེར་རྒྱལ་ཡོངས་མི་མང་གིས་ངོ་རྒོལ་བྱས་ཏེ་མཇུག་བསྡུས་པའི་རྗེས་སུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མོ་ཧ་མིད་ ཡུ་ནུས་ཡིས་བར་བརྒལ་སྲིད་གཞུང་ཞིག་གི་འགོ་ཁྲིད་གནང་རྒྱུ་ཡིན་པ་ནོར་བུ་བསམ་འཕེལ་ནས།
སིན་ཝར་ཧ་མ་སིའི་ཆབ་སྲིད་འགོ་ཁྲིད་གསར་པར་བསྐོ་བཞག་བྱས་རྗེས། ཨི་སི་རལ་ཕྱོགས་ལ་མེ་འཕེན་མཚམས་འཇོག་ཡོང་ཐབས་ཀྱི་རེ་བ་ཧ་ལམ་སྟོང་ཟད་གྱུར་ཡོད་ཅིང་། ཁོ་ཚོས་ཧ་མ་སིའི་འགོ་ཁྲིད་གསར་པ་སིན་ཝར་ནི་མཁྲེགས་བཟུང་ཅན་གྱི་ཐལ་སྐྱོད་པ་ཞིག་ཏུ་མཐོང་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཤྲི་ལང་ཀའི་ནང་ཟླ་བ་རྗེས་མའི་ཚེས་༢༡ཉིན་བྱ་རྒྱུའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་འོས་མི་ཚོས་ཚེས་ ༡༥ གོང་མིང་ཐོ་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། ཤྲི་ལང་ཀའི་མི་མང་མདུན་བསྐྱོད་ཚོགས་པའི་འོས་མིར་རང་ལོ་༣༨སོན་པ་གྲོས་ཚོགས་འཐུས་མི་ནཱ་མལ། རཱ་ཛ་པཀ་ས་གཏན་འཁེལ་བྱས་འདུག
སྲིད་འཛིན་ཇོ་བྷའེ་ཌན་ལ་ཨ་རིའི་སི་བྷི་ཨེས་གསར་ཁང་གིས་བཅར་འདྲི་བྱས་པའི་ནང་གལ་ཏེ་ད་ལོའི་སྲིད་འཛིན་འོས་བསྡུའི་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་ཕམ་ཉེས་བྱུང་ཚེ་ཕྱི་ཟླ་དང་པོའི་ནང་སྲིད་དབང་རྩིས་སྤྲོད་ཞི་འཇམ་ལྡན་པ་ཡོང་གི་རེད་དམ་ཞེས་དྲིས་པར་བྷའེ་ཌན་གྱིས་དེའི་ཐད་ངོས་ལ་འདེང་ཚོད་ཡེ་ནས་མེད།
བདུན་ཕྲག་འདིའི་ནང་ཉི་ཧོང་ནང་དམག་ཆེན་གཉིས་པའི་མཇུག་ཏུ་རྡུལ་ཕྲན་འབར་གས་བྱུང་ནས་མི་ལོ་༧༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། འདས་པའི་མི་ལོ་བཅུ་གྲངས་འགའ་ཤས་རིང་ཉི་ཧོང་གིས་ཞི་བདེ་རིང་ལུགས་གཙོ་འཛིན་བྱས་ཀྱང་། ད་ཆ་ཉི་ཧོང་གི་དམག་དོན་སྐོར་གྱི་ལྟ་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།
ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་བྱེད་པར་ཟླ་བ་གསུམ་ལས་མེད་པའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀའི་སྲིད་འཛིན་འོས་མི་དང་སྲིད་འཛིན་གཞོན་པའི་འོས་མི་བཅས་གཏན་འཁེལ་ཟིན་པ།
ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོ་མཉམ་སྦྲེལ་ཐོག་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དྲག་པོའི་སྦྱོང་བརྡར་བྱས་སྐབས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གིས་དེ་ཁུལ་དུ་མཁའ་མཚོ་གཉིས་ཀྱིས་དགྲ་ཕྱོགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཚོད་ལྟའི་དམག་སྦྱོང་བྱས་འདུག་ཅེས་ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག
བྷངྒ་ལ་དེཤའི་དམག་མིའི་སྤྱི་ཁྱབ་ཀྱིས་ནོ་བྷལ་ཞི་བདེའི་གཟིངས་རྟགས་བཞེས་མཁན་མོ་ཧ་མཏ་ཡུ་ནུས་ཡིས་བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་དང་། རེས་གཟའ་ཕུར་བུའི་ཉིན་ལས་འཁུར་དམ་བཅའ་འཇོག་རྒྱུའི་མཛད་སྒོ་བྱ་རྒྱུ་ཡིན་ཞེས་བཤད་འདུག
བདུན་ཕྲག་གོང་མར་ལྐོག་བསད་ཐེབས་པའི་ཧ་མ་སིའི་ཆབ་སྲིད་འགོ་ཁྲིད Ismail Haniyeh ཡི་ཚབ་ཏུ། གྷ་ཛའི་འགོ་ཁྲིད་Yahya Sinwar བསྐོ་བཞག་བྱས་ཡོད་ཅེས་ཧ་མ་སིའི་ཕྱོགས་ནས་རེས་གཟའ་མིག་དམར་ཉིན་ལ་ཕྱིར་བསྒྲགས་བྱས་ཡོད་པའི་སྐོར་ཕུན་ཚོགས་ལྷན་གྲུབ་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅།། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གསར་པ་གུ་ལི་ཤུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་ང་ཚོས་གྲ་སྒྲིག་སྡུག་ས་ཞིག་ནས་བྱ་དགོས་ཞེས་དམག་དོན་སློབ་གླིང་ཐོན་པའི་སློབ་ཕྲུག་ཚོར་གཏམ་བཤད་བྱས་འདུག
ཨི་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལ་ དཀྱིལ་ཤར་ཡུལ་གྲུའི་ནང་ཛ་དྲག་ཅན་གྱི་གནས་སྟངས་སྡུག་ཏུ་མི་འགྲོ་བར་ཨི་རན་གྱིས་བྱེད་དགོས་པ་དེ་ཨི་རན་ལ་འགན་ཡོད་པ་དེ་འཛམ་གླིང་རྒྱལ་ཁབ་ཚོས་ཨི་རན་ལ་དྲན་སྐུལ་བྱེད་དགོས་པའི་འབོད་སྐུལ་གནང་བ་ཡིན་ཞེས་གསུངས་འདུག
རེས་གཟའ་མིག་དམར་ཉིན་བྷངྒ་ལ་དྷེཤའི་སློབ་ཕྲུག་ངོ་རྒོལ་བྱེད་མཁན་སྒྲིག་འཛུགས་ཀྱིས་ནོ་བྷེལ་གཟེངས་རྟགས་བཞེས་མཁན་མོ་ཧཱ་མཏ་ཡུ་ནི་སི་ལ་ཡུལ་དེའི་བར་བརྒལ་སྲིད་གཞུང་གསར་པ་སྣེ་ཁྲིད་གནང་དགོས་པའི་རེ་འདུན་ཞུས་པ་ལྟར་ཞལ་བཞེས་གནང་ནས་བར་བརྒལ་སྲིད་གཞུང་སྣེ་ཁྲིད་གནང་རྒྱུ་ཡིན་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ པེ་ལོ་སིའི་རང་རྣམ་དབང་ཆའི་སྒྱུ་རྩལ་ཞེས་པ་དེ་རེས་གཟའ་མིག་དམར་ཉིན་འགྲེམས་སྤེལ་གནང་འདུག
མང་སྣོན།