ཉི་ཧོང་གི་བྱང་ཤར་ས་ཁུལ་གྱི་ཡི་ཝ་ཏི་རྫོང་གི་ནང་ཉེ་བའི་ལོ་ངོ་༣༠ ནང་བྱུང་མ་མྱོང་བའི་རི་ལ་མེ་སྐྱོན་ཚབས་ཆེན་ཞིིག་ཤོར་ཡོད་པའི་གནས་ཚུལ་འདིར་གསལ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དབྱིན་ཡིག་ཨ་རིའི་གཞུང་འབྲེལ་སྐད་ཡིག་ཏུ་གཏན་འབེབས་བྱས་པའི་འཛིན་སྐྱོང་བཀོད་ཁྱབ་ཅིག་ལ་མཚན་རྟགས་བསྐྱོན་ཡོད་པའི་སྐོར་འདིར་གསལ།
དེ་རིང་རབ་གནས་ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་མོར། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཀོ་རུ་བྷི་ཨོ་ལགས་ཀྱིས་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་མཁན་ཚང་མ་ལ་ལོ་གསར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་གནང་འདུག
ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་ཁག་ཅིག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོས་ཁ་རྡུང་དྲག་པོ་བཏང་འདུག
བོད་རྒྱལ་ལོ་ ༢༡༥༢ བོད་ཟླ་ ༡ ཚེས་ ༡ རབ་གནས་ཤིང་ཕོ་སྦྲུལ་གྱི་གཞུང་འབྲེལ་ལོ་གསར་དེ་བཞིན་དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གིས་མཁན་བླ་འདུས་མང་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ལྷན་བཞུགས་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།
སྲིད་འཛིན་ཊམ་མཆོག་གིས་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་གཟའ་པ་སངས་ཉིན་ཝ་ཤིན་ཊོན་དུ་ཕེབས་ནས། ཨ་རིར་ཁེ་བཟང་ཆེ་བའི་གཏེར་རྫས་གན་རྒྱ་ཞིག་ལ་མིང་རྟགས་འགོད་རྒྱུ་རེད་ཅེས་གསུངས་ཡོད་ཀྱང་། ཡུག་ཀེ་རན་ཕྱོགས་ནས་གནད་དོན་འགའ་ཤས་ད་དུང་གསལ་པོ་ཐག་ཆོད་མེད་པ་གསུངས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ལོའི་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་སྐབས་དེར་ང་ཚོའི་ལས་རིམ་གསན་གཟིགས་གནང་མཁན་ཡོངས་ལ་ཨ་རིའི་རླུང་འཕྲིན་ཁང་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་བོད་པའི་སྒྱུ་རྩལ་པ་རྣམ་སྲས་གླིང་བློ་བསྟན་ལགས་ཀྱི་འབྲས་དཀར་བསམ་པའི་དོན་གྲུབ་འདི་གཟིགས་འབུལ་ཞུ་རྒྱུ་ཡིན།
ཨི་སི་རལ་དང་ཨ་རིས་འཇིགས་སྐུལ་བའི་སྒྲིག་འཛུགས་སུ་ངོས་འཛིན་གནང་པའི་ཧ་མ་སི་ཡི་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་དེའི་དུས་རིམ་དང་པོ་དེ་རྫོགས་ནས་དུས་རིམ་གཉིས་པའི་ཆེད་དུ་འཆར་གཞི་མེད་པའི་སྐོར་ལ་འདི་གའི་གསར་འགོད་པ་ ལིན་ཌ་གྷེ་རེ་སི་ཊན་གྱིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེཀ་ཇཱོན་སན་གྱིས་གཞུང་གྲོན་དངུལ་རྩིས་ཁོངས་ནས་སྨན་བཅོས་རོགས་དངུལ་གཅོག་གི་མེད་ཟེར། སྲིད་འཛིན་ཊམ་གྱི་དགོས་འདུན་ལྟར་དངུལ་རྩིས་གཏན་འབེབས་བྱ་དགོས་ན་སྨན་བཅོས་རོགས་དངུལ་མ་བཅག་པར་གཞུང་གྲོན་བསྲི་ཚགས་བྱ་ཐུབ་ཐབས་མེད་པར་སྣང་།
འཇར་མན་གྱི་འོས་བསྡུའི་ནང་འོས་གྲངས་མང་ཤོས་ཐོབ་པའི་རྗེས་སུ་འཇར་མན་སྲིད་བློན་རྗེས་མ་དེ་ཆགས་སྲིད་པའི་སྐུ་ཞབས་ FRIEDRICH MERZ ཡིས་ཨ་རིས་ཡུ་རོབ་ཀྱི་མ་འོངས་མདུན་ལམ་ཐོག་དོ་ཁུར་དེ་ཙམ་བྱེད་ཀྱི་མེད་པའི་ཉེན་བརྡ་བཏང་ཞིང་། ཡུ་རོབ་ཀྱིས་རང་ཉིད་ཀྱི་བདེ་འཇགས་ནུས་སྟོབས་སྒྲིག་འཛུགས་བྱེད་དགོས་པའི་རེ་སྐུལ་གནང་།
ཨ་མེ་རི་ཁའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་སྤྱི་ཟླ་༢ པའི་ ཚེས་༢༥ སྟེ་རེས་གཟའ་མིག་དམར་ཉིན་ལ། ཨ་རི་ལ་གནས་སྤོས་བྱེད་འདོད་ཡོད་པ་དང་གཞན་ལ་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པའི་ཕྱི་རྒྱལ་བ་ཚོར་ཨ་སྒོར་ས་ཡ་ལྔ་ཅན་གྱི་Gold Card འམ་གསེར་གྱི་བྱང་བུ་འཚོང་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་འདུག
སྤྱི་ཟླ་༢ པའི་ ཚེས་༢༥ སྟེ་རེས་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཙམ་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དཔྱ་ཁྲལ་དང་འགྲོ་གྲོན་ཉུང་འཕྲི་གཏོང་རྒྱུའི་སྔོན་བརྩིའི་ཁྲིམས་འཆར་ཞིག་ལ་འོས་ཤོག་༢༡༧ གྱིས་མང་མོས་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་འདུག
ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་མ་ཐག་ཏུ་ཐེ་ཝན་གཞུང་དམངས་གཉིས་ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་ལངས། ཡུཀ་རེན་ལ་གདུང་སེམས་མཉམ་སྐྱེད་དང་དམག་འཁྲུག་ལ་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་།།
ཧོང་ཀོང་ནང་ནས་སྲིད་དོན་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་དམངས་གཙོ་སྲིད་དོན་ཚོགས་པས་ཚོགས་པ་དེ་སྒོ་རྒྱག་རྒྱུའི་གྲ་སྒྲིག་གི་ལས་དོན་ཁག་བྱེད་བཞིན་ཡོད་པའི་སྐོར་གསལ་བསྒྲགས་སྤེལ་བ།
སྲིད་འཛིན་ཊམ་གྱིས་ཉེ་ཆར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་ཨ་རིའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་CQ Brown་གནས་དབྱུང་བཏང་པའི་རྗེས་སུ་ རྒྱལ་སྲུང་དྲུང་ཆེས་སྲིད་འཛིན་གྱིས་དམག་སྤྱི་ཁོང་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་བཤད་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཀར་ལ བྷོབ་ཀྱི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཞུས།
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ ཊམ་གྱིས་ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནུལ མ་ཁི་རོན་དང་མཇལ་འཕྲད་གནང་ཞིང་། ཁོང་གིས་ཡུག་ཀེ་རན་གྱི་ནང་དམག་འཁྲུག་འདི་མཚམས་འཇོག་བྱ་རྒྱུར་དམིགས་པའི་གྲོས་མཐུན་ཞིག་འཇོག་རྒྱུའི་ཉེ་བའི་མཚམས་སུ་སླེབས་ཡོད་ཅེས་གསུངས་ཡོད་པ་རེད།
ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་འབྲེལ་བ་ཡག་ཏུ་བཏང་ནས་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བར་གཏོར་བརླག་བྱ་ཐབས་སུ་འབད། གཟའ་ཟླ་བའི་ཉིན་ཞི་ཅིན་ཕིང་དང་ཕུ་ཊིན་གཉིས་བརྙན་ལམ་དུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྲ་བརྟན་ཡིན་ཞེས་བསྐྱར་དུ་བཟློས།
བལ་ཡུལ་གྱི་ཀན་ཏི་པུར་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ་སུ་དྷིར་ཤར་མས་བརྩམས་པའི་དཔེ་དེབ་གཉིས་ཀྱི་ནང་དུ་བོད་དང་བལ་ཡུལ་གྱི་འབྲེལ་བ། བལ་ཡུལ་དང་རྒྱ་ནག་གི་འབྲེལ་བ་སོགས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག
འཇར་མན་གྱི་གཟའ་ཉི་མའི་འོས་བསྡུ་ཐོབ་མཁན་གྱིས་རིང་མིན་ཟླ་བ་གཉིས་ཀྱི་ནང་ཚུད་ལ་མནའ་འབྲེལ་གཞུང་ཞིག་འཛུགས་རྒྱུ་གསལ་བསྒྲགས་གནང་འདུག དེའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྤྱན་སྒྲོན་ཞུ་རྒྱུ།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་གཙོ་ཆེ་བ་ཕྱི་མི་གཞིས་ཆགས་པ་དང་། དཔལ་འབྱོར་གྱི་གནས་སྟངས་ཀྱི་ཐོག་བྱས། ཊམ་གྱིས་སྲིད་འཛིན་གནང་སྟེ་ད་ཆ་ཟླ་བ་གཅིག་ཕྱིན་ཡོད་པའི་རྗེས་ཨ་རིའི་མི་མང་ཚོར་བསམ་ཚུལ་འདྲ་མིན་ཡོང་གི་ཡོད། ཨ་རིར་ཕྱི་ཟླ་དང་པོའི་ནང་དངུལ་གྱི་ཛ་ཐང་ཆག་སྟེ། ཟས་སོང་གི་རིན་གོང་ལ་འཕར་ཆ་བརྒྱ་ཆ་གསུམ་བྱུང་ཡོད།
མང་སྣོན།