མང་གཙོ་ཚོགས་པའི་ཁྲོད་དུ་ནུས་པ་ལྡན་པའི་སྲིད་འཛིན་འོས་མིའི་ཁ་གཏད་ཐོན་མཁན་བྱུང་མེད་པའི་ཐོག་ལ་ཟླ་བ་སྔོན་མའི་ནང་ཁོང་ལ་ཚོགས་པའི་འོས་འཕེན་འཐུས་མིའི་བརྒྱ་ཆ་༩༩ས་མིང་འབོད་གནང་སྟེ་མང་གཙོ་ཚོགས་པའི་དངོས་གཞིའི་སྲིད་འཛིན་འོས་མིར་གཏན་འཁེལ་བྱུང་ཡོད།
རེས་གཟའ་ལྷག་པའི་ཉིན་ཉི་ཧོང་གི་སྲིད་བློན་ཀི་ཤི་ཏས་ལས་གནས་ནས་འཕྲལ་དུ་དགོངས་ཞུ་གནང་རྒྱུའི་གློ་བུར་གསལ་བསྒྲགས་ཤིག་སྤེལ་གནང་འདུག
༄༅།། རྒྱ་ནག་གཞུང་གིས་ས་གནས་ཁག་ཅིག་གི་པུར་ཆོག་ཁང་རྣམས་ཚད་ལས་བརྒལ་བའི་རུལ་སུངས་སུ་གྱུར་འདུག་ཅེས་བསྒྲགས།
སྤྱི་ཟླ་༨ པའི་ཚེས་༡༤ ཉིན། པ་ཀི་སི་ཐན་རང་བཙན་ཐོབ་ནས་ལོ་ངོ་༧༧ འཁོར་བའི་དུས་དྲན་མཛད་སྒོ་ཚུགས་ཡོད་པ་དང་ཆབས་ཅིག་རྒྱལ་ཁབ་དེའི་སྲིད་བློན་གྱིས་ཨོ་ལིམ་ཕིག་ལུས་རྩལ་རྩེད་འགྲན་ཁྲོད་དུ་གསེར་གྱི་རྟགས་མ་བཞེས་མཁན་གྱི་ལུས་རྩལ་པ་ལ་ཆེ་བསྟོད་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཕྱོགས་བསྒྲིགས་སྙན་སྒྲོན་ཞུ་གནང་གི་རེད
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་པས་འབར་མའི་དྲག་པོའི་གཞུང་གིས་མི་དམངས་ལ་དམག་འཁྲུག་ནག་ཉེས་མཚོན་པའི་མི་སྤྱོད་ལས་འདས་པའི་མནར་གཅོད་ཆེན་པོ་གཏོང་བཞིན་འདུག་ཅེས་བརྗོད་འདུག་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
དཀྱིལ་ཤར་ཁུལ་དུ་དྲག་འཐབ་པའི་འགོ་ཁྲིད་ལྐོག་གསོད་ཀྱི་གནས་ཚུལ་བྱུང་སྟེ་གཟའ་འཁོར་གཉིས་ཙམ་སོང་བའི་སྐབས་འདིར་ཨི་སི་རལ་གྱིས་དགྲ་ཕྱོགས་ནས་དགྲ་ལན་སློག་སྲིད་པའི་ཚོད་དཔག་དང་ངང་སྒུག་བྱེད་བཞིན་པ་རེད། དེ་བཞིན་ཨ་རིས་ཨི་སི་རལ་ལ་F15རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོགས་གོ་མཚོན་ཚོང་སྒྱུར་གྱི་རོགས་རམ་གནང་རྒྱུ་བསྒྲགས།
ཨིས་རལ་དང་ཧ་མས་དབར་གྱི་དམག་འཐབ་དེ་འཛམ་གླིང་གི་ས་ཁུལ་དེའི་རྒྱལ་ཁབ་གཞན་ལ་ཁྱབ་བརྡལ་མི་འགྲོ་རྒྱུར་ཨི་རན་ལ་དྲག་པོའི་འཁོན་ལན་རིགས་མ་བྱེད་རྒྱུ་མེད་པར་ཡུ་རོབ་ཀྱི་རྒྱལ་ཁབ་གསུམ་གྱིས་འབོད་སྐུལ་བྱས་པ་དེར་གཟའ་མིག་དམར་ཉིན་ཨི་རན་གྱིས་ཁས་ལེན་བྱས་མི་འདུག
རྒྱ་གར་གྱི་པི་ཀྲི་ཨའེ་གསར་ཁང་གིས་རེས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་གི་འགོ་འཁྲིད་མོ་ཧཱ་མཱ་དྷི་ཡུ་ནུས་ཡིས་ཡུལ་དེའི་ཧིན་རྡུ་གྲངས་ཉུང་མི་རིགས་དང་ཐུག་འཕྲད་གནང་སྟེ་བྷང་ལ་དེཤའི་གཞུང་ལ་ལམ་སེང་སྐྱོན་བརྗོད་མ་བྱས་གོང་བཟོད་བསྲན་བྱེད་དགོས་པའི་འབོད་སྐུལ་གནང་འདུག
ཧྥ་རན་སའི་རྒྱལ་ས་པེ་རིས་ནང་ཚོགས་པའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་ཞུགས་མཁན་ཐེ་ཝན་གྱི་ལུས་རྩལ་བ་རྣམས་རེས་གཟའ་མིག་དམར་ཉིན་ཐེ་ཝན་ལ་ཕྱིར་ལོག་སྐབས་ལུས་རྩལ་བ་རྣམས་སྲུང་སྐྱོབ་བྱེད་མཁན་ཐེ་ཝན་གྱིས་མཁའ་དམག་གནམ་གྲུ་ཨེཕ་༡༦རྟགས་ཅན་གསུམ་བཏང་ནས་ཕེབས་བསུ་བྱས་འདུག
འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲུབ་འབྲས་ཀྱིས་མངའ་ཁུལ་གྱི་བདེ་འཇགས་དང་ཨ་རིའི་ཕྱི་སྲིད། དེ་བཞིན་ནུབ་ཆིངས་སྒྲིག་འཛུགས་བཅས་ཀྱི་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་བརྟེན། ཡུག་ཀེ་རེན་གྱི་མི་མང་གིས་ཨ་རིའི་སྲིད་འཛིན་འོས་བསྡུའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཉེ་ཆར་ཡུག་ཀེ་རན་གྱིས་ཨུ་རུ་སུའི་ནང་གློ་བུར་དུ་ཕར་རྒོལ་བྱས་ཡོད་པ་དང་། སྲིད་འཛིན་ཛེ་ལེན་སི་ཀི་ཡིས་བཙན་འཛུལ་བའི་མངའ་ཁོངས་སུ་ཕར་རྒོལ་བྱེད་ ཀྱིན་ཡོད་པ་ངོས་ལེན་གནང་ཡོད་པ་རེད། དེ་ཡིས་དམག་འཁྲུག་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་བློ་འཚབ་བསླངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་གཞོན་སྐྱེས་ཚོས་སྲིད་འཛིན་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་དྲི་བ་ཆེན་པོ་ཞིག་རེད། སྲིད་འཛིན་འོས་མི་གཉིས་ཀའི་དྲིལ་བསྒྲགས་རུ་ཁག་གིས་ཟེར་ན་གཞོན་སྐྱེས་ཚོས་འོས་བསྡུར་སྤྲོ་བ་དང་རྒྱབ་སྐྱོར་ཆེ་རུ་ཕྱིན་ཡོད་ཚུལ་བརྗོད་ཀྱི་ཡོད། འོན་ཀྱང་ལོ་རྒྱུས་ཐོག་ནས་འོས་འཕེན་མཁན་ཉུང་ཤོས་ནི་གཞོན་སྐྱེས་ཚོ་ཡིན་པ་རེད།
རྒྱ་ནག་གི་གསང་བའི་ལས་ཁུངས་ནས་ཐེ་ཝན་གྱི་གསང་ཉུལ་༡༠༠༠་ལྷག་རྩད་གཅོད་ཐུབ་སོང་ཞེས་ཁྱབ་བསྒྲགས་བྱས་འདུག རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་སྐད་འཕྲིན་དྲྭ་ཚིགས་སུ་ཉེ་བའི་ལོ་ཤས་ཤིག་ནས་གསང་ཉུལ་གྱི་རིགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་སོ་པ་མང་པོ་རྩད་གཅོད་ཐུབ་སོང་།
བྷང་ལ་ཌེ་ཤིའི་སྲིད་བློན་ཟུར་པ་ཤེ་ཀི་ཧ་སི་ནའི་སྲིད་དབང་བཟུང་པའི་སྐབས་སུ་འཚར་ལོངས་བྱུང་པའི་གཞོན་སྐྱེས་ཀྱི་མི་རབས་ཤིག་གིས་ངོ་རྒོལ་ལས་འགུལ་སྤེལ་ནས་ཁོང་གི་དབང་ཆ་མཇུག་སྒྲིལ་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཉི་ཧོང་ནང་མཚོ་རླུང་དྲག་པོ་འཚུབ་བཞིན་པ། རྒྱ་གར་གྱི་རྡོག་བརྫིས་དོན་རྐྱེན་ཁྲོད་མི་༩ རྐྱེན་འདས། གྷི་རི་སིའི་ཤིང་ནགས་ལ་མེ་སྐྱོན་ཤོར་བ། ༢༠༢༨ ལོའི་ཨོ་རྩལ་འགྲན་ཚོགས་ལ་རེ་སྒུག་སོགས་ཡོད།
ཨ་རིའི་ནང་ད་ཆ་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་རྣོ་ངར་ལྡན་པར་བྱེད་བཞིན་པ་དང་ཕྱོགས་མཚུངས་འོས་མི་གཉིས་ཀྱིས་མང་ཚོགས་ལ་གཏམ་བཤད་གནང་བའི་ནང་དོན་དང་རྣམ་འགྱུར་ནི་ཐ་དད་ཡིན་པ་དེས་འོས་བསྡུར་དོ་སྣང་བྱེད་མཁན་དང་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་མིན་ཐད་གསར་འགྱུར་ལས་ཁང་ཚོས་དཔྱད་པ་བྱས་འདུག
པེ་རིས་ནང་བསྐོང་འཚོགས་བྱས་པའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ཧ་ཅང་གྲུབ་འབྲས་ལྡན་པའི་རྩེད་འགྲན་ཞིག་བྱུང་ཡོད་ནའང་། ཧྥི་རན་སི་ནི་རྒྱལ་ནང་གི་ཆབ་སྲིད་ཀྱི་དཀའ་རྙོགས་ལ་གདོང་ལེན་བྱེད་དགོས་གྱུར།
རེས་གཟའ་ཟླ་བའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱེད་དགོས་པ་དང་། ཧ་མས་ཡི་གཏའ་མར་བཙན་ཉར་བྱེད་བཞིན་པ་རྣམས་གློད་དཀྲོལ་གཏང་དགོས་པ། གྷ་ཛའི་མི་མང་རྣམས་ལ་ཉེ་བར་མཁོ་བའི་ཛ་དྲག་གི་སྐྱོབ་གསོའི་རོགས་རམ་དེ་བར་ཆད་མེད་པར་སྤྲོད་དགོས་ཀྱི་འདུག་ཅེས་གསུངས་འདུག
༄༅།། ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་ར་ཤི་ཡའི་མཐའ་མཚམས་ཀྱི་ས་གནས་གཉིས་ནས་ཞི་བའི་མི་སེར་རྣམས་ཉེན་བྱོལ་དུ་བྲོས།
སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་འཛིན་འོས་མི་ཊམ་གྱི་ཨ་རིས་ཨི་སི་རེལ་ལ་རྒྱབ་སྐྱོར་གནང་རྒྱུ་མཚོན་པའི་ཕྱི་འབྲེལ་སྲིད་ཇུས་མང་པོར་མོས་མཐུན་བྱེད་ཀྱང་རྒྱ་ནག་དང་ཡུག་ཀེ་རན་སོགས་ཀྱི་ཐད་འགལ་ཟླ་ཆེན་པོ་ཡོད་པར་བརྟེན་ཊམ་གྱི་འཛིན་སྐྱོང་ཐེངས་གཉིས་པར་སྲིད་ཇུས་ལག་བསྟར་ཐད་རྙོག་འཛིང་ཆེ་རུ་འགྲོ་སྲིད།
མང་སྣོན།