༄༅།། ཡུཀ་རེན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་ཡོད་ཅིང་། ཕུ་ཊིན་གྱིས་འཕྲལ་དུ་ཡུཀ་རེན་གྱི་བཙན་འཛུལ་འགོག་མ་ཐུབ་པར་རྒྱལ་ནང་དུ་རྒྱབ་སྐྱོར་བ་ཉམས་སྲིད་པའི་ཉེན་ཁ་ཆེ། ཕྱི་ཟླ་༨་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་
རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོང་ཁྱེར་ཆི་ཁ་གྷོ་ནང་དམངས་གཙོ་ཚོགས་པའི་འཐུས་མི་རྒྱས་འཛོམས་ཀྱི་ཚོགས་ཆེན་ཐོག་སྲིད་འཛིན་ཟུར་པ་ཨོ་བྷ་མས་གསུང་བཤད་གནང་སྟེ་འདི་ལོའི་ཕྱི་ཟླ་༡༡པའི་སྲིད་འཛིན་འོས་བསྡུའི་སྐབས་ཊམ་ལ་ཕམ་ཉེས་གཏོང་རྒྱུར་ལྕམ་ཧེ་རེ་སི་སྲིད་འཛིན་ལ་འོས་འདེམས་བྱ་རྒྱུའི་གདམ་ཀ་དེ་མ་ནོར་བ་བྱེད་དགོས་ཞེས་གསུངས་ཡོད།
ཧ་མས་སྒྲིག་འཛུགས་ཀྱིས་དེའི་གོང་གི་གྲོས་འཆར་དེ་དག་ལ་ཁས་ལེན་མ་བྱས་པར་ཨིས་རལ་དང་ཨ་རི་གཉིས་ཀྱིས་ལྷག་བསམ་རྣམ་ཐག་གིས་གྲོས་མོལ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
ཆབ་སྲིད་ཀྱི་ལས་དོན་ནང་ཞུགས་མི་ཆོག་པ་བཟོས་པའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས་ཐའི་ལེན་ཌིའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཁྲིམས་ཁང་གིས་ཐེ་བྱུས་བྱ་རྒྱུ་སྔོན་འགོག་བྱ་ཐབས་སུ་ཡུལ་དེའི་ཆབ་སྲིད་མི་སྣ་ཚོས་ཁྲིམས་ཁང་གི་ལམ་ལུགས་ལ་བསྒྱུར་བཅོས་ངེས་པར་གཏོང་དགོས་པ་ཡིན་ཞེས་བཤད་འདུག
ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཕུ་མིའོ་ ཀི་ཤི་ཌས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཐག་གཅོད་བྱས་
༄༅།། ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གྱིས་སོག་ཡུལ་བརྒྱུད་ནས་རྒྱ་ནག་ལ་རང་བྱུང་སོལ་རླངས་འདྲེན་པའི་ལྕགས་སྦུག་འཛུགས་དགོས་པའི་གྲོས་གཞི་བཏོན། བདུན་ཕྲག་སྔོན་མར་སོག་པོའི་གཞུང་གིས་ཕྱི་རུ་བཀྲམ་པའི་ལོ་ལྔའི་ལག་བསྟར་ལས་གཞིའི་ཁོངས་སུ་ལྕགས་སྦུག་འཐེན་རྒྱུ་དེ་ཚུད་མེད་ཅིང་།
ལྷན་ཚོགས་དེའི་སྐབས་ད་ལྟའི་སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེས་ཚོགས་པ་དེའི་འོས་མི་དང་སྐུ་ཞབས་ཀྲིམ་ ཝོལྫ་སྲིད་འཛིན་གཞོན་པར་གཞུང་འབྲེལ་ངོས་ལེན་གནང་རྒྱུ་ཡིན་པ་རེད།
ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལནྶ་ཀིས་རེས་གཟའ་ཉི་མའི་ཉིན་གསུངས་དོན་ལ་ ཉེ་དུས་ཨུ་རུ་སུའི་ས་ཁུལ་ཀུར་ས་ནང་དཔུང་འཇུག་བྱས་པའི་དམིགས་ཡུལ་ནི་ཨུ་རུ་སུའི་ས་མཚམས་བརྒལ་ནས་ཡུ་ཀེ་རན་ལ་བཙན་རྒོལ་སྔར་ལས་ཤུགས་ཆེ་བ་བྱེད་ཀྱི་ཡོད་པ་དེ་སྔོན་འགོག་ཆེད་བདེ་འཇགས་ལྟེ་གནས་འཛུགས་རྒྱུའི་ཆེད་བྱས་པ་ཡིན་ཞེས་གསུངས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་བི་ལིན་ཀེན་གྱིས་ཨིས་རལ་གྱིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུར་ཨ་རིས་བཏོན་པའི་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་པ་དང་། ཧ་མས་ཡིས་ཀྱང་གྲོས་འཆར་དེར་མོས་མཐུན་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག
༄༅།། ཡུཀ་རེན་གྱི་གནམ་དམག་གིས་སླར་ཡང་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་ཟམ་པ་ཞིག་གཏོར་བ་ཡིན་ཞེས་བསྒྲགས།
རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཆི་གྷ་གོ་གྲོང་ཁྱེར་ནང་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་འཚོག་གི་ཡོད་པ་དང་། སྐབས་དེར་གྷ་ཛའི་ནང་དམག་འཁྲུག་འཕྲལ་དུ་མེ་འཕེན་མཚམས་འཇོག་དགོས་པའི་དགོས་འདུན་གཙོ་བོར་བསྒྲགས་ཏེ་ངོ་རྒོལ་ལས་འགུལ་བ་སྟོང་ཚོ་མང་པོ་ཞིག་གིས་གྲོང་ཁྱེར་དེའི་ནང་འཛོམས་རྒྱུ་ཡིན་པ།
ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུར་དུས་ཡུན་ཟླ་བ་གསུམ་ཙམ་ལས་མེད་པའི་སྐབས་འདིར་མང་ཚོགས་ཀྱི་འཕྲོད་བསྟེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཐད་སྲིད་འཛིན་གྱི་འོས་མི་གཉིས་ཀྱིས་རྙོག་གླེང་ཅན་གྱི་གཏམ་བཤད་མི་འདྲ་བ་སྤེལ་བའི་རྐྱེན་གྱིས་མང་ཚོགས་ཧ་ཅང་བློ་འཚབ་སྐྱེ་གཞིར་གྱུར་ཡོད་པའི་གནས་ཚུལ་ཞིག་སྤེལ་འདུག
རྒྱ་ནག་ནང་ས་ཚོང་དང་ཁང་ཚོང་བྱེད་མཁན་ཚོ་བུ་ལེན་ནང་ཚུད་ཡོད་བ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་ཚོང་འབྲེལ་གྱི་འབྲེལ་བ་ཇེ་སྡུག་འགྲོ་བཞིན་པའི་སྐབས་འདིར་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་རྒྱུར་འབད་བརྩོན་བྱེད་བཞིན་པ་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཐེ་ལེན་ཌིའི་ཁྲིམས་ཁང་གིས་སྲིད་བློན་ཤི་རེ་ཊ་གོ་གནས་ནས་སྤུད་པའི་རྗེས་ལ་གཟའ་པ་སངས་ཉིན་གྲོས་ཚོགས་ཀྱིས་གཞུང་འཛིན་པུ་ཐེའི་ཆབ་སྲིད་ཚོགས་པའི་ཤིན་ཝ་ཏ་རའི་མི་རྒྱུད་ནས་སྲིད་བློན་མི་ཐོག་གསུམ་པ་དང་། བུད་མེད་ཀྱི་སྲིད་བློན་ཞིག་འོས་འདེམས་བྱས་ཡོད་པ་རེད། དེའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་ནང་དེང་སྐབས་ཨ་རིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཚོས་སྒོམ་རྒྱག་གི་ཡོད་པ་དང་། སྒོམ་བརྒྱབ་པ་ཡིན་ན་སློབ་ཕྲུག་ཚོའི་སེམས་ཁམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་སློབ་གྲྭའི་དགེ་རྒན་ཚོས་བརྗོད་ཀྱི་ཡོད་པ་རེད།
ཨིས་རལ་གྱིས་ཧ་མས་ལ་དམག་འཐབ་བྱས་ནས་ད་ཆ་ཟླ་བ་བཅུ་ལྷག་ཙམ་སོང་བའི་དུས་འདིར་དམག་འཁྲུག་དེའི་འོག་འདས་གྲོངས་གྱུར་བའི་གྲངས་འབོར་ཁྲི་བཞི་བརྒལ་འདུག་ཅེས་གསལ་སྟོན་བྱས་འདུག
ཡུ་ཀེ་རེན་གྱི་དམག་མིས་བདུན་ཕྲག་གཅིག་གི་གོང་ཨུ་རུ་སུའི་ས་མཚམས་ཀྱི་ས་གནས་ཀུར་ས་ལ་བཙན་འཛུལ་དཔུང་འཇུག་བྱས་པ་དེ་ནི་ཡུལ་དེས་རྡུལ་ཕྲན་གྱི་མཚོན་ཆ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་གཅིག་ལ་བཙན་འཛུལ་དཔུང་འཇུག་བྱས་པ་དང་། དེ་ནི་སྙིང་སྟོབས་ལྡན་པའི་རྒྱན་རྩེད་ཆེན་པོར་ངོས་འཛིན་བྱེད།
༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་ཆབ་སྲིད་ནི་ཁྲག་སྦྱོར་མེད་པའི་དམག་འཁྲུག་ཅིག་རེད། དམག་འཁྲུག་ནི་ཁྲག་སྦྱོར་གྱི་ཆབ་སྲིད་ཅིག་རེད་ཅེས་བཤད་མྱོང་ཞིང་།
དེ་རིང་རེས་གཟའ་ཕུར་བུའི་ཉིན། ཨ་རི་དང་ཁ་ཊར། ཨེ་ཇིབ་བཅས་ཀྱི་བར་འདུམ་བྱེད་མཁན་ཚོ་ཁ་ཊར་གྱི་རྒྱལ་སར་འཛོམས་ནས། གྷ་ཛའི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་གྲོས་མོལ་བྱ་འཆར་ཡོད་ཅིང་། གྲོས་མོལ་དེའི་ནང་ཧ་མ་སི་དྲག་སྤྱོད་ཚོགས་པ་མཉམ་ཞུགས་བྱ་རྒྱུ་མིན་ཡང་། ཕོ་བྲང་དཀར་པོས་གྲོས་མོལ་དེ་ལ་གདེང་སྤོབས་དང་ཡིད་ཆེས་ཡོད་པ་བརྗོད།
ཡུག་ཀེ་རན་གྱི་དམག་སྤྱི་ཆེན་མོས་སྲིད་འཛིན་ཛེ་ལེན་སི་ཀི་ལ་ཨུ་རུ་སུའི་ཀུར་སུ་ཀུའི་མངའ་ཁུལ་ནང་མུ་མཐུད་མདུན་སྐྱོད་བྱེད་བཞིན་པའི་སྙན་སེང་ཞུས་ཡོད། ཡང་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་ཀུར་སི་ཀུ་ལ་རྒོལ་རྡུང་བཏང་པར་བརྟེན་ཞི་བའི་གྲོས་མོལ་འཕྲལ་སེལ་རིང་བཀག་རྒྱུ་གསལ་བསྒྲགས་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ལ་གཟིགས་རོགས།
མང་སྣོན།