ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་གཉིས་གདོང་ཐུག་བཀའ་མོལ་གནང་མྱོང་མེད་པ་མ་ཟད། ཕན་ཚུན་བཀའ་མོལ་གནང་རེས་བྱུང་མེད། འོན་ཀྱང་ཟླ་བ་རྗེས་མའི་ཕྱི་ཚེས་བཅུའི་ཉིན་སྲིད་འཛིན་འོས་མི་གཉིས་དབར་བགྲོ་གླིང་དང་པོ་དེ་གནང་རྒྱུ་ཡིན་ཅིང་། བགྲོ་གླེང་མ་བྱས་གོང་སྒྲིག་གཞིའི་ཐད་རྩོད་གླེང་བྱུང་བཞིན་པ་རེད།
ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱེག་སུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིད་རེས་གཟའ་མིག་དམར་ཉིན་མོ་པེ་ཅིང་དུ་ཐུག་འཕྲད་བྱས་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཐད་འགག་རྩའི་རྩོད་གཞི་རྣམས་སེལ་ཐབས་སུ་གྲོས་མོལ་འགོ་བཙུགས་བྱས་འདུག
ཨེ་ཤི་ཡ་ནས་ཨ་མི་རི་ཀར་སླེབས་ཏེ་ཨ་རིའི་མི་སེར་དུ་གྱུར་བ་དག་ནི་ཨ་རིའི་ཕྱི་མི་གཞིས་ཆགས་པའི་ནང་ནས་འོས་ཤོག་འཕེན་པའི་ཆ་རྐྱེན་ཚང་བའི་མི་རིགས་མང་ཤོས་དེར་གྱུར་ཡོད་པ་དང་། སྒྲིག་འཛུགས་གཅིག་གི་འོག་ནས་ནུས་ཤུགས་འདོན་རྒྱུ་ཧ་ཅང་དཀའ་བར་གྱུར་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་། ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་པར་ཡར་ཐོན་ཅན་གྱི་མཚོ་འོག་དམག་གྲུ་མང་དུ་གཏང་རྒྱུའི་ཐག་བཅད། ཕྱི་ཟླ་༨་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གཞུང་གིས་༢༠༣༨་བར་དུ་ཧེ་ཁུན་ཞེས་པའི་མཚོ་འོག་དམག་གྲུ་བདུན་བཟོ་རྒྱུའི་འགྲོ་གྲོན་ཟུར་དུ་བཅད་ཡོད་ཅིང་།
སྲིད་འཛིན་གཞོན་པ་ཧེ་རེ་སིས་དམངས་གཙོ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐོག་ལ་གཏམ་བཤད་གནང་སྐབས་མོ་རང་ཨི་སི་རལ་ལ་རྒྱབ་སྐྱོར་ཡོད་པ་དང་། ད་ཡོད་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་བསྐྱར་དུ་ནན་བརྗོད་གནང་། ཨི་སི་རལ་ལ་རྒྱབ་སྐྱོར་ཐད་པ་ལེ་སི་ཐན་ཕྱོགས་གཏོགས་ཚོས་མུ་མཐུད་ངོ་རྒོལ་གྱིས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད།
ཁ་སང་རེས་གཟའ་ཟླ་བའི་ཉིན་ཡུག་ཀེ་རན་གྱི་རྒྱལ་ས་ཀིབ་ཐེ་བས་མངའ་ཁུལ་གཞན་༡༤ ཙམ་གྱི་ནང་ཨུ་རུ་སུས་མེ་ཤུགས་འབར་མདེལ་གྱིས་གཏོར་རྒོལ་དྲག་པོ་བྱས་པའི་ནང་ཉུང་མཐར་ཡང་མི་བཞི་ལ་སྲོག་རྐྱེན་དང་གློག་ཁང་སོགས་ཀྱི་ཐོག་གཏོར་སྐྱོན་ཚབས་ཆེ་བྱས་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོོགས་གནང་།།
ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་ཁོང་གི་ཁ་གཏད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་གཞོན་པ་ཀ་མ་ལ་ ཧེ་རེས་གཉིས་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་ཐུབ་པའི་མངའ་སྡེ་བདུན་ལ་བསྐྱོད་དེ་འོས་བསྡུའི་དྲིལ་བསྒྲགས་ཤུགས་ཆེ་གནང་རྒྱུ་ཡིན་པ་
པ་ཝལ་ ཌུ་རོཝ་ཨུ་རུ་སུར་སྐྱེས་ཤིང་ཊེ་ལི་གྷ་རམ་ཞེས་པའི་ཏར་འཕྲིན་ཆ་ལག་གསར་འཛུགས་བྱེད་མཁན་ཡིན་པ་དང་། ཧྥི་རན་སིར་འཛིན་བཟུང་བྱས་འདུག་པ་དང་། འཛིན་བཟུང་བྱས་རྗེས་ཧྥི་རན་སིའི་སྲིད་འཛིན་གྱིས་དེ་ནི་ཁྲིམས་ལུགས་ལས་དོན་ཞིབ་ལ་འཛུག་གི་ཆ་ཤས་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་ཀུན་གློང་མེད་ཅེས་གསུངས་འདུག
ཨིས་རལ་དང་ལེབ་ནན་གྱི་དྲག་སྤྱོད་ཤོག་ཁ་ཧེཛ་བྷོ་ལའི་དབར་ལོ་བཅུ་ཕྲག་མང་པོ་ཕྱིན་པའི་འཐབ་འཛིངས་དང་། ལྷག་པར་གྷ་ཛའི་དམག་འཁྲུག་གི་རྐྱེན་གྱིས་དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་ཨིས་རལ་དང་ལེ་བ་ནན་གྱི་ཧེཛ་བྷོ་ལའི་དབར་དམག་འཁྲུག་ཤུགས་ཆེ་ལངས་ཉེར་གྱུར་ཡོད།
༄༅།། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱ་ནས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་རྫོག་ཁག་གསར་པ་ལྔ་འཛུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག
པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་ཨི་སི་རལ་དང་ཨ་མི་རི་ཀ་གཉིས་ཀས་འཛིན་བྱས་མ་ཐུབ་པར་ཨོ་ས་མ་བྷིན་ལཱ་ཌན་ལྟར་གྱུར།
རྒྱ་ནག་ནང་གཞོན་སྐྱེས་ལས་ཀ་མེད་པའི་གྲངས་འབོར་ཧ་ཅང་མཐོ་བོར་སླེབས་ཏེ་མཐོ་རིམ་སློབ་གྲྭ་ཁག་ནས་ཐོན་པའི་རྒྱ་རིགས་གཞོན་སྐྱེས་ས་ཡ་འགའ་ཤས་ཀྱིས་རང་གི་སློབ་སྦྱོང་བྱས་པའི་ལས་གླའི་ཚད་གཞི་ལས་དམའ་བའི་ལས་རིགས་མ་བྱས་ཀ་མེད་གྱུར་ཡོད་པ་མ་ཟད། གཞོན་སྐྱེས་འགའ་ཤས་ཀྱིས་རང་གི་འཚོ་རྟེན་ཕ་མའི་རྒས་ཕོགས་ལ་བརྟེན་དགོས་གྱུར་
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀ་སིམ་ཀཤེ་གྷར་གྱིས་གནས་ཚུལ་སྤེལ་གསལ་དུ་ གྲངས་ཐོར་བཀག་འདོམས་ཞེས་པའི་གོ་ལ་ཁྱོན་དུ་གཏམ་བརྗོད་རང་དབང་གོང་འཕེལ་དོན་གཉེར་བའི་སྒྲིག་འཛུགས་ཀྱིས་འདོན་སྤེལ་བྱ་རྒྱུའི་དཔར་འགྲེམས་རྗེས་མའི་ནང་ཚན་རིག་དང་ཚན་རིག་པར་དམ་བསྒྲགས་སྐོར་གནས་ཚུལ་འགོད་སྤེལ་བྱ་རྒྱུ་ཡིན་ཅིང་།
ཨིས་རལ་གྱིས་བཤད་གསལ་ལ་ལེ་བ་ནན་གྱི་ཁ་ཆེའི་དྲག་སྤྱོད་ཤོག་ཁ་ཧེཛ་བོ་ལས་རེས་གཟའ་ཉི་མའི་ཉིན་ཨིས་རལ་ལ་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར་ཨིས་རལ་གྱིས་སྔོན་ཚུད་ནས་ཕར་རྒོལ་བྱས་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་དུ་འགྲོ་གྲོན་ཆེན་པོ་བཏང་ནས་དངུལ་གྱི་བསླུ་བྲིད་འོག་གསང་བའི་ཚོགས་པ་འཛུགས་བཞིན་པ་དང་། དེ་ཚོར་གསང་ཉུལ་བ་བསྡུ་རུབ་བྱེད་དུ་བཅུག་ཏེ་རྒྱ་ནག་ལ་མགོ་འབུལ་ལུས་འགུལ་བྱེད་ཀྱིན་པ་དང་དངུལ་བླངས་ནས་སོ་ཉུལ་གྱི་ལས་ཀ་བྱེད་མཁན་ཐེ་ཝན་པ་བརྒྱད་ལ་ཐེ་ཝན་ཆེས་མཐོའི་ཁྲིམས་ཁང་གིས་བཙོན་མཇུག་ཁྲིམས་ཐག་བཅད་འདུག
བྱང་ཀོ་རི་ཡ་ནས་བྲོས་བྱོལ་དུ་ཡོང་བའི་མི་སྣ་ཁག་ཅིག་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་རུ་དྲྭ་ཚིགས་གསར་པ་ཞིག་སྒོ་འབྱེད་བྱས་ཏེ་བྱང་ཀོ་རི་ཡའི་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སུན་འབྱིན་བྱེད་བཞིན་ཡོད། ཁོ་ཚོས་ད་རུང་སོ་སོའི་ཕ་ཡུལ་གྱི་གནས་སྟངས་གཞན་སོགས་ངོ་སྤྲོད་བྱེད་བཞིན་པའི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་ཞུ
མདང་དགོང་ལྕམ་ཀ་མ་ལ་ཧེ་རི་སི་ཀྱིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ངོས་ལེན་ཞུས་ཡོད་པ་རེད། ཁོང་གིས་འདས་པའི་ཁྲིམས་རྩོད་ཀྱི་ཕྱག་ལས་དང་མ་འོངས་འཆར་སྣང་སྐོར་གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཉི་ཧོང་གི་སྲིད་བློན་ཀི་ཤི་ད་ཡིས་བསྐྱར་དུ་གུ་ཡངས་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་མིན་པ་གསལ་བསྒྲགས་གནང་ཞིང་ཟླ་བ་རྗེས་མར་སྲིད་བློན་གསར་པ་ཞིག་འོས་འདེམས་བྱ་རྒྱུ་ཡིན་པ་རེད། ཀི་ཤི་ད་ཡི་བདེ་འཇགས་སྟོབས་ཤུགས་ཆེ་རུ་གཏོང་ཐབས་དེ་སྲིད་བློན་གསར་པས་དེ་རྒྱུད་འཛིན་བྱ་རྒྱུ་ཡིན་མིན་དྲི་བ་ཆགས་ཡོད།
ཕྱི་ཟླ་༨་པའི་ཚེས་༢༢་ཉིན་ཨ་རིའི་ཨེ་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་སྲིད་འཛིན་འོས་བསྡུའི་འགྲན་སྡུར་ཁོངས་ནས་ཕྱིར་འཐེན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་འདུག་ཅེས་གསར་འགྱུར་ཐོན།
གཟའ་ལྷག་པའི་དགོང་དྲོར་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་སྟེང་ལ་མི་ནི་སོ་ཊའི་མངའ་སྡེའི་སྤྱི་ཁྱབ་ཊིམ་ཝལ་ཛི་ཀྱིས་སྲིད་འཛིན་གཞོན་པའི་འོས་མི་ངོས་ལེན་ཞུས་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
མང་སྣོན།