U.S. presidential candidate Kamala Harris is from one of America’s most politically liberal states — California. Her work as a local prosecutor, as the state’s attorney general and as its U.S. senator is central to Harris’ presidential campaign.
ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་འགུལ་ནི་འཛམ་གླིང་ཐོག་འོས་བསྡུའི་དུས་ཡུན་རིང་ཤོས་གྲས་ཤིག་ཡིན་ཞིང་། ཨ་རིའི་འོས་བསྡུ་དང་རྒྱལ་ཁབ་གཞན་གྱི་འོས་བསྡུའི་བར་དུས་བཀག་གི་ཁྱད་པར་ག་རེ་ཡོད་པ་གཤམ་དུ་གསལ།
རིང་མིན་ཧེ་རི་སིའམ་ཊམ་གང་རུང་སྲིད་འཛིན་གནང་སྲིད་པའི་གནས་སྟངས་འོག་ཡུག་ཀེ་རན་གྱི་ཐོག་ཤུགས་རྐྱེན་མི་འདྲ་བ་ཆེན་པོ་ཞིག་ཡོང་སྲིད་པ་རེད།དཔྱད་ཞིབ་པ་ཁག་གིས་བརྗོད་དོན་བྱས་ན་དུས་ཡུན་འདིའི་ནང་དམག་སའི་གནས་སྟངས་ལ་འགྱུར་ལྡོག་ཕྱིན་ཏེ་ཡུག་ཀེ་རན་གྱིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་རྒྱུའི་ནུས་སྟོབས་ཤིག་འབྱུང་སྲིད་ཟེར།
༄༅།། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཆབ་སྲིད་ལས་འགུལ་བ་དབྱང་ཀྲི་ཡོན་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད།
རེས་གཟའ་གཟའ་ཕུར་བུའི་ཞོགས་པ་རྒྱལ་ས་པེ་ཅིང་ནང་ཡོད་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་གླིང་ཆེན་ཨ་ཕྷེ་རི་ཀའི་ཡུལ་གྲུ་ཁག་གི་འགོ་ཁྲིད་ལྔ་བཅུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨེན་ཐོ་ནིའོ་ གྷུ་ཏེ་རེས་བཅས་མཉམ་ཞུགས་ཡོད་པའི་ཚོགས་ཆེན་འགོ་འཛུགས་བྱས་འདུག
ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཨི་སི་རལ་ལ་རྒོལ་རྡུང་དམར་གསོད་གཏོང་མཁན་གྱི་ཧ་མ་སི་ཚོགས་པའི་འགོ་ཁྲིད་རྣམས་ལ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཉེས་འཛུགས་སྐྱེལ་ཡོད་པ་དེས་གྷ་ཛ་རུ་དམག་འཁྲུག་མཚམས་འཇོག་ཡོང་རྒྱུའི་གྲོས་མོལ་གྱི་འབད་རྩོན་ལ་འགོག་རྐྱེན་བཟོ་རྒྱུ་མ་རེད་ཅེས་ཨ་རིའི་གཞུང་གིས་ལན་འདེབས་གནང་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་ཨ་རི་གཞུང་གིས་འབྲེལ་ཡོད་ཚོང་གཉེར་ཁང་དེ་རིགས་དང་མི་སྣ་ཚོར་ཁྲིམས་ཐོག་གི་ཉེས་འཛུགས་དང་དཔལ་འབྱོར་དམ་བསྒྲགས་བྱ་རྒྱུ་སོགས་ཀྱི་ཉེས་ཁྲིམས་འགེལ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག
རེས་གཟའ་ཟླ་བའི་ཉིན་སོག་པོའི་རྒྱལ་ས་ཨུ་ལཱན་སྦྭ་ཏར་གྱི་གནམ་ཐང་དུ་པུ་ཊིན་གྱི་གནམ་གྲུ་བབས་ནསས་པུ་ཊིན་སོག་པོའི་ས་ཐོག་རྐང་པ་བཙུགས་པ་དང་འཛིན་བཟུང་བྱེད་དགོས་ཀྱི་ཡོད་ཀྱང་། སོག་པོས་དེ་ལྟར་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ལས་ལྡོག་སྟེ་པུ་ཊིན་ལ་བསུ་བ་དང་སྣེ་ལེན་ཟབ་རྒྱས་བྱས་པ།
༄༅།། བལ་ཡུལ་གཞུང་གིས་ཉུང་མཐར་ཡང་རང་གི་སྤྱི་དམངས་༤༠་ཐམ་པ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་ངེས་གཏན་བྱུང་།
ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལན་སི་ཀིས་བློན་ཆེན་གྱི་ལས་གནས་ལ་འཕོ་འགྱུར་བཏང་རྗེས་ཕྱི་སྲིད་བློན་ཆེན་ཀེ་ལུ་བྷས་ལས་གནས་ནས་དགོངས་ཞུ་བྱས་འདུག་པ་དང་། དེ་ནི་སྲིད་གཞུང་གི་ལས་སྣེའི་ནང་འགྱུར་བ་ཧ་ཅང་ཆེན་པོ་བྱུང་བ་ཞིག་ཡིན་ཅིང་།
ཨ་རིའི་འོས་བསྡུའི་བདེ་འཇགས་འགོ་ཁྲིད་ཚོས་སླེབས་ལ་ཉེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐོར་ལ་དྲིལ་བསྒྲགས་ལོག་པ་གང་བྱུང་སྤེལ་བཞིན་པ་ཁག་ལ་ཨ་རིའི་འོས་འཕེན་མི་མང་ཚོས་སྣང་མེད་བཞག་ནས་དེར་དོ་སྣང་བྱ་རྒྱུ་མེད་ཅེས་ནན་བརྗོད་གནང་འདུག་ཅིང་།
༄༅།། ཨ་རིའི་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཁེ་ཐི་ཧོ་ཁུལ་གྱི་ལས་དྲུང་ཟུར་པ་ལིན་ཌ་སུན་ནམ། རྒྱ་མིང་དུ་སུན་ཝེན་ཞེས་འབོད་པ་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ངོ་ཚབ་ཡིན་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་འདུག
བདེན་རྫུན་ཕྱེ་བ་ཞེས་པའི་ཨ་རིའི་ཞིབ་འཇུག་ལྷན་ཁང་ཞིག་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཞིག་གིས་ཨ་རིའི་སྤྱི་འབངས་ཡིན་ཁུལ་གྱིས་ཕྱི་ཟླ་༡༡པའི་ཚེས་༥ཉིན་བྱ་རྒྱུའི་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཤུགས་རྐྱེན་བྱེད་རྒྱུར་ཨ་རིའི་ཆབ་སྲིད་མི་སྣ་དང་ཆབ་སྲིད་ཚོགས་པའི་སྐོར་ལ་གནས་ཚུལ་རྫུན་མ་མང་པོ་ཞིག་སྤེལ་གྱི་ཡོད་སྐོར་
ཨི་སི་རལ་ནང་ཧ་མ་སེ་དྲག་སྤྱོད་པས་བཙན་ཉར་བྱས་པའི་བཙོན་པ་དྲུག་གི་ཕུང་པོ་ཨིས་རལ་གྱི་དམག་མིར་རྙེད་སོན་བྱུང་རྗེས་ཁོང་ཁྲོ་དང་སེམས་སྡུག་ཆེན་པོར་ལྷུང་བའི་ཨིས་རལ་གྱི་མི་མང་ཚོས་རྒྱལ་ཡོངས་ནང་ཡུལ་དེའི་སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱས་འདུག
སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཐད་ཤུགས་གནོན་རྒྱག་ཡུལ་གནད་དོན་གལ་ཆེན་གསུམ་ཡོད་པ་དེ་དག་ནི་དཔལ་འབྱོར་དང་ཕྱི་མི་གཞི་ཆགས། དེ་བཞིན་མངལ་གནས་ཕྲུག་གཏོར་བཅས་ཡིན་པ་དང་། སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་དབར་བདུན་ཕྲག་རྗེས་མར་བརྙན་འཕྲིན་ཐོག་བགྲོ་གླེང་ཐེངས་དང་པོ་བྱ་རྒྱུ་ཡིན་འདུག
ཡུ་རོབ་མནའ་འབྲེལ་གྱིས་མོ་སོ་ཀོའི་མ་དངུལ་བཀག་སྡོམ་བྱས་པའི་ཁེ་སྤོགས་དག་རྐུ་འཕྲོག་གིས་ཡུག་ཀེ་རན་ལ་མཁོ་སྤྲོད་བྱེད་བཞིན་འདུག་ཅེས་ཨུ་རུ་སུས་སྐྱོན་བརྗོད་བྱས། འབྱོར་ལྡན་རྒྱལ་ཁབ་བདུན་པོས་འདི་ལྟར་རོགས་སྐྱོར་བྱ་འཆར་ཡོད་ཀྱང་། རྒྱལ་ཁབ་འགའ་ཡིས་རོགས་སྐྱོར་བྱེད་ཚད་ཉུང་དུ་གཏོང་སྲིད་པའི་བློ་འཚབ་ཀྱང་སྐྱེ་བཞིན་པ་རེད།
ཚ་བ་དང་ལུས་པོར་འབུར་ཐོར་སྐྱེས་པའི་ནད་རིགས་ Mpox ཟེར་བ་གཙོ་བོ་ཙི་ཙི་དང་སྤྲེའུ་བརྒྱུད་ཁྱབ་པའི་འབུ་ཕྲ་ལས་བྱུང་པའི་ནད་རིགས་དེ་ནི་རྒྱལ་སྤྱིའི་འཕྲོད་བསྟེན་ཐད་ཛ་དྲག་གྱུར་ཟིན་ཡོད་པ་ལྟར་ཨ་ཧྥེ་རི་ཀའི་ཀོན་གྷོ་སྤྱི་མཐུན་རྒྱལ་ཁབ་ནང་ནད་པ་མང་བ་དང་སྨན་བཅོས་མི་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
ཕྱི་ཟླ་༩་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་སོག་ཡུལ་དུ་རྒྱལ་དོན་འཚམས་འདྲིར་འབྱོར་ཏེ་སྲིད་འཛིན་ཨུག་ན་ཁུ་རེལ་སག་དང་ཐུག་འཕྲད་གྲོས་མོལ་བྱུང་།
ཨུ་རུ་སུས་ཡུག་ཀེ་རན་ལ་རྒོལ་རྡུང་བཏང་ནས་ཉུང་མཐར་མི་བཞི་བཅུ་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དེ་ནི་གཟའ་མཇུག་ལ་ཕྱོགས་གཉིས་ཕན་ཚུན་བར་རྒོལ་རྡུང་ཐེངས་མང་པོ་བཏང་པའི་མཇུག་འབྲས་ཤིག་ཆགས་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
མང་སྣོན།