ཡུག་ཀེ་རན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ ཛེ་ལིནསི་ཀི་ཡིས་དེ་རིང་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་སུ་ཡུན་རིང་ངང་སྒུག་བྱས་པའི་རྒྱལ་ཁའི་འཆར་གཞི་ཞེས་པ་སྙན་སྒྲོན་ཞུས་སྐབས་ཡུག་ཀེ་རན་གྱི་མངའ་ཁོངས་ས་ཆ་གང་འདྲ་ཞིག་ཀྱང་ཨུ་རུ་སུར་བློས་གཏོང་བྱ་རྒྱུ་མིན་ཞེས་ནན་བརྗོད་གནང་ཡོད་པ་རེད།
ཨ་རིའི་འོས་བསྡུ་ཆེན་མོ་ལ་དུས་ཡུན་ཟླ་བ་གཅིག་མ་ཟིན་ཙམ་ལས་ལྷག་མེད་པའི་སྐབས་འདིར། སྲིད་འཛིན་འོས་མི་རྣམ་གཉིས་ཀྱིས་འོས་ཤོག་སུ་ལ་བླུག་རྒྱུ་ད་དུང་ཐག་ཆོད་མེད་པའི་འོས་འཕེན་པ་ཚོ་འགུག་ཐབས་བྱེད་བཞིན་པ་དང་། འོས་འཕེན་པ་འགའ་ཤས་ཀྱིས་ད་དུང་གཏན་འཁེལ་བྱས་མེད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ།
ཨ་རིའི་བཟའ་ཚོ་ཞིག་གིས་ཡུག་ཀེ་རན་རྒྱལ་ཁབ་ནང་ལོགས་སུ་རྒྱང་ཐག་ཀི་ལོ་མི་ཊར་ཆིག་སྟོང་ལྷག་ལ་བང་རྒྱུག་བྱས་ཏེ་འཛམ་གླིང་གིས་ཡུག་ཀེ་རན་ཐོག་ལ་དོ་སྣང་མུ་མཐུད་དེ་འཇོག་ཐབས་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ཀུན་བཟང་རིག་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་བསྟན་འཛིན་དབང་འདུས་ལགས་ཀྱིས་བོད་ཁྱིམ་སྤྱི་ཁྱབ་ཕྱི་འབྲེལ་དྲུང་ཆེ་སྐལ་བཟང་ཕུན་ཚོགས་ལགས་དང་ལྷན་དུ་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་བཞི་བཅུ་འཁོར་བ་དང་། དུས་ཡུན་དེའི་རིང་གི་གྲུབ་འབྲས་དང་འགྱུར་བ། མ་འོངས་པའི་སློབ་གྲྭའི་གནས་སྟངས་བཅས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ནས་ཉི་ཧོང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལ་འཚམས་འདྲི་སྩལ་བ། བལ་ཡུལ་འཇང་དགུན་ཆོས་ཆེན་མོ་ཐེངས་༡༤པ། ཧྥ་རན་སིའི་བོད་རིགས་གཞོན་སྐྱེས་ཚོས་འགྲེམས་སྟོན་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་བ། སྲིད་སྐྱོང་གླེང་སྟེགས་༢༠༠༠སྟེང་མཉམ་ཞུགས་གནང་བ་སོགས་ཡོད།
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་འདོན་སྤེལ་བྱས་པའི་ནང་ཉེ་ཧོང་ནང་གནས་འཁོད་རྒྱ་རིགས་མི་སེར་ཚོས་རྒྱ་ནག་གཞུང་ལ་མ་འདོད་པའི་ངོ་རྒོལ་ལས་འགུལ་སོགས་ལ་མཉམ་ཞུགས་བྱ་རྒྱུ་སྔོན་འགོག་ཆེད་དུ་རྒྱ་ནག་གཞུང་གིས་རྒྱ་རིགས་ཉི་ཧོང་གི་མི་སེར་ཚོར་བསུན་རྩིར་དང་འཇིགས་སྐུལ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག
ཧ་ཅང་གྲགས་ཆེ་བའི་རྒྱ་གར་གྱི་ཚོང་དཔོན་ཆེན་མོ་ར་ཏན་ཀྲ་ཀྲ་རེས་གཟའ་ལྷག་པའི་ཉིན་གྲོང་ཁྱེར་མུམ་བྷའེ་ནང་འདས་གྲོངས་སོང་འདུག་པ་དང་། ཁོང་དགུང་གྲངས་༨༦ ཡིན་པ་རེད།
རྒྱ་ནག་གི་རྒྱལ་ཁབ་ཡར་རྒྱས་དང་བསྒྱུར་བཅོས་ལས་དོན་ལྷན་ཁང་ནས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་མ་འོངས་པའི་ལས་དོན་འཆར་གཞི་ཁ་གསལ་ཞིག་གསལ་བསྒྲགས་བྱས་མེད་པའི་རྐྱེན་གྱིས་གཟའ་ལྷག་པའི་ཉིན་མོ་རྒྱ་ནག་གི་མ་རྐང་ཁྲོམ་རའི་རིན་གོང་ལོ་༢༧ ནང་དམའ་ཤོས་ལ་སླེབས་འདུག
ཨ་རིའི་མངའ་སྡེ་༡༣ དང་ཝ་ཤིན་ཌོན་བཅས་ཀྱིས་ཊིག་ཊོག་སྤྱི་ཚོགས་དྲ་ལམ་ལ་ཁྲིམས་གཏུགས་བྱས་འདུག་པ་དང། སྤྱི་ཚོགས་དྲ་ལམ་དེས་ཨ་རིའི་ནང་གི་གཞོན་སྐྱེས་ཚོར་གནོད་སྐྱོན་བྱེད་བཞིན་པ་དང། གཞོན་སྐྱེས་ཚོ་སྲུང་སྐྱོབ་ཐུབ་གྱི་མེད་པའི་སྐོར་བཤད་ནས་ཨ་རིའི་མངའ་སྡེ་ཁག་གིས་སྤྱི་ཚོགས་དྲ་ལམ་དེར་གྱོད་འཛུགས་བྱས་འདུག
སྲིད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱས་པའི་ནང་དེང་སྐབས་ཨིས་རལ་གྱིས་དཀྱིལ་མངའ་ཁུལ་ནང་ཡོད་པའི་ཨི་རན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཚོར་དམིགས་ནས་གཏོར་རྒོལ་བྱེད་བཞིན་ཡོད་པ།
གདོད་མའི་མི་རིགས་ཚོས་ སྲིད་དོན་ཚོགས་པ་གང་གི་འོས་མིར་འོས་མང་བ་འཕེན་བ་ཡིན་ཚེ་ དེ་དག་གིས་མཐའ་མའི་འོས་ཐོབ་ཤོར་ལ་ཁྱད་པར་བཟོ་སྲིད་པ།
ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གི་ཐོངས་མཆན་ཆག་ཡང་གི་སྲིད་ཇུས་འོག་བོད་པ་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་དང་། པ་ཀི་སི་ཏན་གྱི་གནམ་ཐང་ཉེ་འཁྲིས་སུ་གས་གཏོར་བྱུང་ནས་རྒྱ་མི་གཉིས་བསད་ཡོད་པ། འོས་བསྡུར་ཕྱི་མི་གནས་སྤོ་བ་ས་ཡ་༢༤ ཙམ་གྱིས་འོས་ཤོག་འཕེན་ཆོག་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
རེས་གཟའ་ཟླ་བའི་ཉིན་མོ་ནི་ལོ་གཅིག་གོང་ཧ་མཱས་དྲག་སྤྱོད་པས་ཨིས་རལ་ལ་གློ་བུར་དྲག་རྒོལ་བྱས་ཏེ་ལོ་གཅིག་འཁོར་བའི་དུས་ཚིགས་ཡིན་པ་དང་། རེས་གཟའ་ཟླ་བའི་ཞོགས་པ་ཨི་རན་གྱིས་རྒྱབ་གཉེར་བྱས་པའི་ཧེཛ་བུ་ལ་དྲག་སྤྱོད་རུ་ཚོགས་ཀྱིས་ཨིས་རལ་གྱི་གྲོང་ཁྱེར་ཆེ་ཤོས་གསུམ་པ་ཧེ་ཕཱ་ལ་མེ་ཤུགས་འཕུར་མདེལ་རིམ་པར་འཕེན་འདུག
པ་ཀིས་ཐན་གྱི་ཚོང་ལས་གྲོང་ཁྱེར་ཆེ་ཤོས་ཀ་ར་ཅིའི་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འཁྲིས་སུ་རྒྱ་ནག་གི་མི་སེར་གཉིས་ལ་འབར་རྗས་ཀྱིས་གཏོར་རྒོལ་བྱས་ཏེ་རྐྱེན་ལམ་དུ་བཏང་འདུག
སྲིད་འཛིན་བྷ་ཌན་ནི་སྲིད་འཛིན་གྱི་དུས་ཡུན་ལས་ལམ་རྡུམ་དུས་ཡུན་རིང་ཚུད་ཡོད་པའི་བརྗོད་སྟངས་ཤིག་ཡོད་པ་དང་། དེ་ཡི་མཚོན་དོན་དང་བྱུང་སྟངས་ག་འདྲ་ཞིག་ཡིན་པ་འདི་རུ་འགྲེལ་བརྗོད་བྱས་ཡོད།
ཨ་རིའི་ནེའུ་ཡོག་གི་མངའ་སྡེ་ཨི་ཐ་ཁ་གྲོང་ཁྱེར་དུ་རྟེན་གཞི་བྱེད་ཡོད་པའི་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་དང་། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་གཉིས་ཀྱི་ངོ་སྤྲོད།
༄༅།། སྲིང་འཛིན་བྷ་ཌན་ནས་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་ཨི་སི་རལ་གྱིས་རྒོལ་རྡུང་བྱ་རྒྱུར་རྒྱབ་སྐྱོར་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།
ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་ཨི་སི་རལ་གྱི་ས་མཚམས་བརྒལ་ནས་རྒོལ་རྡུང་བཏང་ཏེ་ལོ་ངོ་གཅིག་འཁོར་གྱི་ཡོད་པ་དང་བསྟུན་ཡོ་རོབ་རྒྱལ་ཁབ་མང་པོས་ཨི་སི་རལ་གྱིས་གྷ་ཛ་ནང་རྒོལ་རྡུང་གཏོང་མཚམས་འཇོག་རྒྱུའི་འབོད་སྐུལ་ཤུགས་ཆེ་རུ་བཏང་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
༄༅།། རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་རྒུད་ཆེན་པོ་བྱུང་སྟེ་ཁང་ཆེན་ས་ཡ་མང་པོ་སྟོང་པར་ལུས། ད་ལྟ་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པས་གྲོང་ཁྱེར་ཁག་གི་ཁང་ཆེན་སྟོང་པ་རྣམས་རྦད་དེ་སྟོང་པར་ལུས་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།
མངའ་སྡེ་ཨོ་ཧ་ཨོ་ནས་ཡིན་པའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་སྲིད་འཛིན་གཞོན་པའི་འོས་མི་ཝན་སི་དང་། མངའ་སྡེ་མཱི་ནེ་སོ་ཊའི་སྤྱི་ཁྱབ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཝོལ་ཛི་ཡིས་སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནིའུ་ཡོག་གྲོང་ཁྱེར་དུ་རྩོད་གླེང་ཐེངས་དང་པོ་དང་མཐའ་མ་དེ་བྱས་པ་རེད།
མང་སྣོན།