ཨ་རིའི་མངའ་སྡེ་མེ་སི་ཆུ་སེ་ཊི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷ་ཝན་མཆོག་གིས་བོད་དོན་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གནང་ཡོད་པ་དང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སོགས་མཉམ་ཞུགས་གནང་ཡོད་ཅིང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཧི་མ་ཅལ་མངའ་སྡེའི་སི་མོར་རྫོང་གི་བོད་མིའི་གཞིས་ཆགས་ཁག་དང་Uttarakhand མངའ་སྡེའི་ཁོངས་སུ་ཡོད་པའི་བོད་མིའི་ས་ཁུལ་ཁག་འགའ་ཞིག་ལ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་དབུ་འཛུགས་གནང་ཡོད་འདུག་ཅིང་།
ད་རེས་ཀྱི་བཀའ་ཆོས་དེའི་ཐོག་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཆོས་ཞུ་བ་༡༢༠༠ལྷག་དང་། གཞན་རྒྱ་རིགས་མང་དག་ཅིག དེ་བཞིན་བོད་རིགས་དང་ཧི་མ་ལ་ཡའི་མི་རིགས་གཙོས་པའི་ཕྱི་རྒྱལ་བ་བཅས་ཁྱོན་ཆོས་ཞུ་བ་སྟོང་ཕྲག་ཁ་ཤས་ཆེད་བཅར་ཞུས་ཡོད་པ་དང་། མགོན་པོ་མཆོག་ནས་བྱང་ཆུབ་སེམས་པའི་སྡོམ་པ་ཡང་སྩལ་གནང་མཛད་སོང་།
༄༅།། འདས་པའི་བདུན་ཕྲག་དེར་ཨི་སི་རལ་གྱིས་ལེ་བྷ་ནན་ལྷོ་ཕྱོགས་སུ་ཡོད་པའི་ཧི་ཛི་བྷུ་ལཱ་འཇབ་དམག་གི་མཐོ་རིམ་འགོ་ཁྲིད་བདུན་བསད།
ཧྥ་རན་སིའི་འགྲེམས་སྟོན་ཁང་ quai Branly ནང་བོད་ཅེས་པའི་ཐ་སྙད་རང་སོར་འཇོག་རྒྱུའི་ཁས་ལེན་བྱེད་ཡོད་ཀྱང་། འགྲེམས་སྟོན་ཁང་Guimet ནས་ད་བར་ཡ་ལན་ཁ་གསལ་གང་ཡང་མ་བྱུང་བར་བརྟེན་ཧྥ་རན་སི་བོད་རིགས་ཚོགས་པས་སྣེ་འཁྲིད་དེ་ཚོགས་པ་ཁག་དྲུག་གི་གོ་སྒྲིག་འོག་གཞི་རྒྱ་ཆེ་བའི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་དེ་ཕྱི་ཚེས་༢༩ ཉིན་སྤེལ།
ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པས་རྒྱལ་སྲུང་བློན་ཆེན་ཟུར་པ་ཤི་གྷེ་རུ་ཨི་ཤི་བྷ་སྲིད་བློན་གསར་པར་བདམས། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ནི་ཨི་ཤི་བྷ་ཉི་ཧོང་གི་སྲིད་བློན་འོས་མིར་ལངས་པ་ཐེངས་ལྔ་དང་གཟའ་པ་སངས་ཉིན་འདེམས་ཐོན་བྱུང་།
ཨི་སི་རལ་གྱི་བྱང་ཕྱོགས་ས་འབྲེལ་རྒྱལ་ཁབ་ལེ་བྷ་ནཱན་གྱི་དྲག་འཐབ་ཤོག་ཁག་ཧེ་ཛི་བྷོ་ལ་དང་ཨི་སི་རལ་དབར་གྱི་འཁྲུག་རྩོད་ཀྱིས་ད་ཆ་ལེ་བྷ་ནཱན་ཀྱང་དམག་འཁྲུག་ནང་ཚུད་ཉེན་གྱི་ཉེན་ཁ་ཆེ་རུ་བཏང་ཡོད་པའི་སྐབས་འདིར་ཧེ་ཛི་བྷོ་ལ་ཟེར་བ་དེར་ལེ་བྷ་ནཱན་གྱི་གཞུང་དམངས་ཀྱི་རྒྱབ་སྐྱོར་ག་ཚོད་ཡོད་པའི་གནས་ཚུལ་འཕྲིན་ལས་ཆོས་སྒྲོན་གྱིས་ཞུས།
ཡུག་ཀེ་རན་གྱི་དམག་འཁྲུག་དང་། སུའུ་ཌན་ནང་གི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན། དེ་བཞིན་དཀྱིལ་ཤར་དམག་འཁྲུག་རྒྱ་བསྐྱེད་འགྲོ་སྲིད་པའི་ཉེན་ཁ་བཅས་ནི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཉིན་གཉིས་པའི་བརྗོད་གཞི་གཙོ་བོ་ཆགས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་གྱིས་ལེ་བྷེ་ནན་གྱི་ལྷོ་ཕྱོགས་ཁུལ་ལ་མུ་མཐུད་མཁའ་ཐོག་ནས་གཏོར་རྒོལ་བྱེད་བཞིན་པ་དང་། ཨི་སི་རལ་དང་ཧེ་ཛི་བྷོ་ལ་གཉིས་ཀྱིས་མུ་མཐུད་འཐབ་འཛིང་རྣོ་ངར་ལྡན་པ་བྱེད་མུས་རེད། ལེ་བྷ་ནན་གྱི་དཔོན་རིགས་ཚོས་བཤད་དོན་ལ། ད་ཕན་ཨི་སི་རལ་གྱིས་གཏོར་རྒོལ་འོག་མི་སྣ་༥༥༠ ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་ཀུན་བཟང་རིག་འཛིན་གྱིས་ཞུས།
༄༅།། ཨ་རི་དང་ཧྥ་རན་སི་གཉིས་ནས་ཨི་སི་རལ་གྱི་དམག་གིས་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་ཉི་མ་༢༡་ལ་མེ་འཕེན་མཚམས་འཇོག་བྱ་དགོས་ཞེས་གྲོས་གཞི་བཏོན།
ཉི་ཧོང་ནང་གཟའ་འཁོར་འདིར་སྲིད་བློན་གསར་པ་འོས་འདེམས་ཞུ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། སྲིད་བློན་གྱི་འོས་མི་སུ་ལ་ཐོབ་རྒྱུ་ཡིན་པ་ལ་མ་ལྟོས་པར་ཉི་ཧོང་གི་ཕྱི་འབྲེལ་སྲིད་ཇུས་ཁག་ལ་འགྱུར་བ་ཡོང་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད།
༄༅། །བྷ་ཌན་གྱིས་རྒྱལ་ཚོཊ་སུ་སྲིད་འཛིན་གྱི་གཏམ་བཤད་མཐའ་མ་དེ་གནང་སྐབས། ཚོགས་ཞུགས་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱིས་ཡུག་ཀེ་རན་གྱི་དམག་འཁྲུག་དང་། དེ་བཞིན་གྷ་ཛ་དང་སུའུ་ཏན་ནང་གི་ཟིང་འཁྲུག་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱ་དགོས་པའི་རེ་འབོད་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
༄༅།། རྒྱ་ནག་གིས་ལམ་སྟོན་རྩ་འཛིན་༢༢་པ་ཞེས་པ་ཞིག་ལག་ལེན་བསྟར་ནས་ཐེ་ཝན་གྱི་དམག་མི་དང་རང་བཙན་འཐབ་རྩོད་པ་ཚོ་དམིགས་སུ་བཀར་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་འཛམ་གླིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཆེད་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་ཡོད་པ་དང་སྟབས་བསྟུན་ནས་ཡུག་ཀེ་རན་གྱི་དམག་འཁྲུག་ཐད་རྒྱབ་སྐྱོར་ཇེ་ཆེར་གཏོང་ཐབས་སུ་རེས་གཟའ་ཟླ་བའི་ཉིན་འཇར་མན་དང་རྒྱ་གར། ཉི་ཧོང་བཅས་ཀྱི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་ཡོད་པ་རེད།
༄༅།། ཉེ་ཆར་ཡུཀ་རེན་གྱིས་ར་ཤི་ཡའི་ནུབ་ཕྱོགས་ཀྱི་ཊ་ཝེར་ས་གནས་སུ་ཡོད་པའི་དམག་གི་གོ་མཛོད་ཅིག་ལ་གཏོར་རྒོལ་བྱས་ནས་སྒྱོགས་མདེལ་ཡོད་ཚད་བཀད།
འབྲུག་ཡུལ་གྱི་རྒྱལ་པོ་རིམ་པའི་ལམ་སྟོན་དབུ་ཁྲིད་དང་རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གི་རྒྱབ་སྐྱོར་ལྟར་འབྲུག་ཡུལ་དུ་འོས་བསྡུའི་འཕྲུལ་ཆས་དར་ནས་དམངས་གཙོར་གྱུར།།
ཨོ་རྒྱན་རྟ་མང་གིས་ང་ལ་འཇིགས་སྣང་ཆེན་པོ་ཡོང་གི་འདུག ང་ནི་རང་ཡུལ་དུ་གསོན་པོར་ལོག་ཐུབ་པའམ། ཡང་ན་རོ་སྒམ་ནང་དུ་རོ་བྱས་ནས་ལོག་ཐུབ་རྒྱུ་ཡིན་མིན་དེར་ངེས་གཏན་ཅི་ཡང་མི་འདུག རྒྱ་གར་གཞུང་གིས་ངའི་ཚེ་སྲོག་སྐྱོབ་རོགས་བྱོས་ཞེས་འབོད་སྐུལ་ཞུས།
༄༅།། ཨི་སི་རལ་གྱི་མོ་ས་ད་ཕྱི་སོ་ལས་ཁུངས་དང་དམག་དོན་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་གི་བརྡ་འབྱོར་འཕྲུལ་ཆས་སམ། དབྱིན་སྐད་དུ་ཕེ་ཇཱེར་ཞེས་འབོད་པ་དེའི་ནང་དུ་འབར་རྫས་སྦས་པ་རེད་ཅེས་ལེ་བྷ་ནན་གྱི་མཐོ་རིམ་ལས་སྣེ་ཚོས་སྐྱོན་འཛུགས་བྱས་འདུག
༄༅།། བདུན་ཕྲག་སྔོན་མར་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར། ལོ་རྗེས་མའི་ཕྱི་ཟླ་དང་པོ་ནས་འགོ་ཚུགས་ཏེ་༢༠༤༠་བར་དུ་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་དེ་ལོ་༥་སྤར་རྒྱུའི་ཐག་བཅད།
༄༅།། རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་ཚོགས་གཙོ་ཁྲེན་ཝེན་ཆིང་གིས་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་སྔོན་འདིར་བོད་ས་ཁག་ཏུ་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སྟེ་ཁ་བྲལ་ལ་དྲག་གནོན་བྱ་དགོས་ཞེས་བཀའ་ཕབ།
མང་སྣོན།