རྒྱ་ནག་གི་བཙན་བཟུང་འོག་ཏུ་ཡོད་པའི་བོད་དང་རྒྱ་གར་གྱི་ས་མཚམས་སུ་འདས་པའི་མི་ལོ་བཞི་ལྷག་རིང་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་ལ་ཛ་དྲག་གདོང་ཐུག་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པའི་ཐད། མཐོ་རིམ་དཔོན་རིགས་མཇལ་མོལ་གྱི་ཐོག་ནས་ས་མཚམས་ཁག་ཏུ་ཡོད་པའི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུའི་གྲོས་འཆམ་བྱུང་ཡོད།
༧གོང་ས་མཆོག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་རྣམ་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། མགོན་པོ་མཆོག་ནས་ཕོ་བྲང་དུ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད། ཚོགས་གཙོ་པདྨ་སྒྲོལ་མ་ལགས་ཀྱིས་ཁོང་རྣམས་ཀྱི་ལས་དོན་ལ་བསྔགས་བརྗོད་དང་སེམས་ཤུགས་མ་ཆག་པར་བོད་དོན་འཐབ་རྩོད་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་འགྲེལ་བརྗོད་གནང་།
ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་མི་ཚང་མས་འོས་བསྡུའི་གཡུལ་སར་འབོད་པའི་མངའ་སྡེ་བདུན་པོར་དོ་སྣང་ལྷག་པར་བྱེད་ཅིང་། མངའ་སྡེ་དེ་དག་གིས་༢༠༢༤ ལོའི་འོས་བསྡུའི་མཇུག་འབྲས་ལ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། མངའ་སྡེ་ནེ་ཝ་ཌའི་འོས་བསྡུའི་མཇུག་འབྲས་ནི་ཕྱོགས་གཉིས་གང་རུང་ལ་ངེས་གཏན་མ་ཐུབ་པའི་གནས་སྟངས་ཤིག་གི་ངང་དུ་གནས་ཡོད།
དཀྱིལ་ཤར་ཁུལ་དུ་འཚམས་འདྲིར་ཕེབས་ཡོད་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི བྷ་ལི་ཁེན་མཆོག་རེས་གཟའ་པ་སངས་ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་ལེ་བྷ་ནན་གྱི་སྲིད་བློན་ནེ་ཇིབ་མཱི་ཁ་ཐི་དང་ཐུག་འཕྲད་གནང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་ ༡༡ ཚེས་༥ ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་སྐབས་འོས་འཕེན་པ་རྣམས་ཀྱིས་སྲིད་འཛིན་འོས་འདེམས་བྱེད་རྒྱུ་དང་དུས་མཚུངས་གྲོས་ཚོགས་འོག་མའི་འཐུས་མི་ཚང་མ་དང་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆ་གཅིག་འོས་འདེམས་བྱ་རྒྱུ་ཡིན་པ་རེད། གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གང་གྲངས་མང་ཆགས་མིན་དེ་སྲིད་འཛིན་གསར་པར་གནད་འགག་ཆགས།
ཟླ་འདིར་ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་བཏོན་གནང་བའི་རྒྱལ་ཁའི་འཆར་གཞི་ཞེས་པ་དེ་ལ་ནུབ་ཕྱོགས་མཐུན་གྲོགས་རྒྱལ་ཁབ་ཚོས་དཔྱད་ཞིབ་བྱས་ཏེ་གསལ་ཁ་མེད་པའི་རྣམ་འགྱུར་ཞིག་སྟོན་བཞིན་པ་རེད། དེང་སང་ཡུག་ཀེ་རན་གྱི་མི་སེར་ཚོ་དང་ཆེད་མཁས་པ་ཚོས་འཆར་གཞི་དེ་ལ་ལྟ་ཚུལ་ག་འདྲ་འཛིན་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་དང་ཨི་རན། ཨུ་རུ་སུ་བཅས་ཀྱིས་སླེབས་ལ་ཉེ་བའི་ཨ་རིའི་འོས་བསྡུ་ཆེན་མོ་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་པའི་དཔང་རྟགས་གསར་པ་ཐོན་ཡོད་པ་དང་། ཨ་རིའི་ནང་གི་སྐད་གྲགས་ཆེ་བའི་དྲ་ལམ་ཁེ་ལས་ཁག་ཅིག་གིས་གསར་དུ་སྙན་ཐོ་བཏོན་ནས་རྒྱལ་ཁབ་དེ་དག་གི་ཐེ་བྱུས་ཁག་ཅིག་མཐེར་འདོན་བྱས་ཡོད།
ཨ་རིའི་ནང་གི་འོས་འཕེན་པ་ས་ཡ་༡༤ ཙམ་ནི་ལས་རྩོལ་བའི་མཐུན་ཚོགས་ཀྱི་འཐུས་མི་ཡིན་པ་དང། གཞི་རྐང་ཨ་རིའི་འོས་བསྡུའི་ནང་ལས་རྩོལ་བ་ཚོ་ནི་འོས་འཕེན་པའི་གྲངས་འབོར་ཉུང་ཤས་ཡིན་པར་ལྟོས་མེད་སྲིད་འཛིན་འོས་མི་གཉིས་ཀྱིས་ལས་རྩོལ་བའི་མཐུན་ཚོགས་ཀྱི་རྒྱབ་སྐྱོར་སོན་ཐབས་ཤུགས་ཆེ་གནང་བཞིན་ཡོད་པ་རེད།
༄༅།། དེང་སྐབས་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུ་བྱ་ལ་ཉེ་བའི་སྐབས་དེར་ རྒྱ་ནག་ནས་བཟོས་པ་སྲིད་ཟུར་ཏྲམ་དང་། སྲིད་འཛིན་སྐུ་གཞོན་ཀཱ་མ་ལ་ཧེ་རི་སི་གཉིས་ཀྱི་འོས་བསྡུའི་ལས་འགུལ་དང་འབྲེལ་བའི་ཚོང་ཟོག་མང་པོ་ཞིག་ཨ་རིའི་ཁྲོམ་རའི་ནང་འབྱོར་ཡོད་པའི་སྐོར་གྱི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་འཚོག་བཞིན་པའི་རྒྱལ་ཚོགས་ཀྱི་རྒྱལ་འཛོམས་ཚོགས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐོག་ལ་ནུབ་ཕྱོགས་རྒྱལ་ཁབ་༡༥་ཡིས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བློ་འཚབ་ཡོད་པའི་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་སྐོར་པ་་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་གྱིས་ཉེ་ཆར་ནང་ཁུལ་དུ་ཡོད་པའི་དགྲ་བོ་འདུལ་དགོས་ལུགས་འགྲེལ་བརྗོད་གནང་པ་ལ་ཁ་གཏད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སོགས་ཀྱིས་དེར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད། སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་གཏམ་བཤད་ཁྲོད་ཚོར་ཤུགས་ཆེན་པོ་ཆགས་བཞིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས།
རེས་གཟའ་སྤེན་པར་ཉི་ཧོང་གི་གཞུང་འཛིན་ཚོགས་པའི་དབུས་ལས་ཁུངས་ལ་མི་ཞིག་གིས་འབར་རྫས་ཁ་ཤས་འཕངས་ཡོད་པ་མ་ཟད། སྲིད་བློན་གྱི་གཟིམ་ཁང་གི་ལྕགས་རིར་རླངས་འཁོར་གྱིས་གདོང་ཐུག་བྱེད་པའི་དོན་རྐྱེན་བྱུང་བ་དང་། དོགས་གཞི་ཅན་གྱི་མི་དེ་དོ་དམ་བྱས་ཟིན་པ།
དེང་སང་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་དང་། གཞུང་གི་ལས་བྱེད། གཞུང་འབྲེལ་ཁེ་ལས་ཁག་གི་མཐོ་རིམ་འགོ་ཁྲིད་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུར་དམ་དྲག་ནན་མོ་བྱེད་དེ་སྒེར་གྱི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་ཡོད་པའི་གནས་ཚུལ་སྐོར་ལ་སྲིད་དོན་དབྱེ་ཞིབ་པ་ཚོས་དབྱད་ཞིབ་བྱས་ཡོད་པ་འདིར་གསལ།
རང་དབང་ཁང་པའི་སྙན་ཐོའི་ནང་། གོ་ལའི་ཁྱོན་ཡོངས་སུ་དྲ་རྒྱའི་རང་དབང་གི་གནས་སྟངས་བསྟུད་མར་ལོ་༡༤ རིང་ཇེ་སྡུག་ཕྱིན་ཡོད་པ་དང་། དམིགས་བསལ་རྒྱ་ནག་དང་འབར་མ་ནི་དྲ་རྒྱའི་རང་དབང་གི་ཚད་སྡུག་ཤོས་རྒྱལ་ཁབ་གཉིས་ཡིན་ཞིང་། དྲ་རྒྱའི་རང་དབང་ནི་དམངས་གཙོའི་ལམ་སྲོལ་དེ་བཞིན་རྒྱུན་གནས་གོང་འཕེལ་ཡོང་རྒྱུར་གནད་འགག་ཆགས་ཡོད་པ་བསྟན།
ཨི་སི་རལ་གྱི་དཔུང་དམག་གིས་ཧ་མ་སིའི་འགོ་ཁྲིད་སིན་ཝར་བསད་པའི་གནས་ཚུལ་ཐོན་པ་དང་། དེ་རིང་ཕྱི་ཚེས་༡༨ ཉིན་ཨི་སི་རལ་གྱི་དཔུང་དམག་གིས་སིན་ཝར་གྱི་ཕུང་པོ་རྒྱལ་ཁབ་ཀྱི་ཁྲིམས་དོན་སྨན་སྦྱོར་ལྟེ་གནས་སུ་ཁྱེར་ཏེ་ཁོ་པ་ངེས་གཏན་ཡིན་མིན་བརྟག་དཔྱད་བྱས་ཤིང་ངོ་ཐག་ཆོད་དེ་འགོ་ཁྲིད་ཁོང་ལ་སྲོག་སྐྱོན་བྱུང་པ་ངེས་གཏན་ར་སྤྲོད་བྱས།
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་དེ་རིང་ནས་འཇར་མན་དུ་འཚམས་གཟིགས་གནང་བཞིན་པ་དང་། ཨ་རི་དང་འཇར་མན་གཉིས་ཀྱིས་ཡུག་ཀེ་རན་ལ་རྒྱབ་སྐྱོར་བྱེད་བཞིན་པའི་ཐད་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྐྱེན་གྱིས། ཉེ་ལམ་རྒྱལ་ཁབ་དེ་གཉིས་ཀྱིས་བདེ་འཇགས་ཀྱི་འཆར་གཞི་གསར་པ་རེ་ཕྱིར་བསྒྲགས་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས།
ཨ་རིའི་ནང་ཕྲུ་གུ་མངལ་ནས་འདོན་རྒྱུའི་ཁྲིམས་གཞིའི་ཐད་ཁ་གཏད་སྲིད་དོན་ཚོགས་པ་གཉིས་པོས་སྲིད་བྱུས་ཐ་དད་འཛིན་པའི་སྐབས་འདིར། ཨ་རི་བ་མང་པོར་གནད་དོན་དེ་ནི་ད་ལོའི་རྒྱལ་ཡོངས་འོས་བསྡུར་མཉམ་ཞུགས་བྱེད་དགོས་དོན་གཙོ་བོ་ཞིག་ཆགས་ཡོད་པ་མངའ་སྡེ་ནེ་ཝ་ཌ་ནས་བཏང་པའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ།
༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་འོས་མི་སུ་ལ་རྒྱལ་ཁ་སོན་མིན་དེ་མངའ་སྡེ་བདུན་གྱིས་ཐག་གཅོད་རྒྱུའི་གནས་སྟངས་ཡོད་པ་དང། འདས་པའི་ལོ་ཤས་ནང་མངའ་སྡེ་བདུན་ནས་ཁ་ཤས་སྲིད་དོན་ཚོགས་པ་གང་རུང་ལ་རྒྱབ་སྐྱོར་ཆེ་བ་བྱེད་མཁན་ལ་གྱུར་ཡོད་ཅིང། ཨ་རིའི་དབུས་ཕྱོགས་མངའ་སྡེ་Nevada ནི་འགྱུར་བ་ཆེ་བའི་མངའ་སྡེ་ཞིག་ཆགས་ཡོད་པ་རེད།
ཨ་རིས་ཨི་སི་རལ་ལ་བརྡ་ཡིག་བཏང་ནས། གྷ་ཛ་ནང་གི་མི་ཆོས་དགེ་བའི་ལས་དོན་ལ་རམ་འདེགས་དང་ཤུགས་སྣོན་གྱིས་ས་གནས་མི་མང་ཚོར་རོགས་སྐྱོར་དངོས་ཟོག་སྔར་ལས་མང་བ་མཁོ་སྤྲོད་བྱ་དགོས་པའི་རེ་འབོད་བྱས། དེ་བཞིན་ཨི་སི་རལ་ནང་འབྱུང་འགྱུར་གཏོར་རྒོལ་འགོག་སྲུང་ཆེད་ཨ་རིའི་མཁའ་ཐོག་འགོག་སྲུང་གི་མ་ལག་ཨི་སི་རལ་ནང་འབྱོར་འགོ་ཚུགས་ཡོད།
རེས་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛི་ལནྶ་ཀིས་དམག་འཐབ་ཀྱི་རྒྱལ་ཁའི་ལས་འཆར་གསལ་བསྒྲགས་གནང་བའི་ནང་ནུབ་ཕྱོགས་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་གྲོས་མོལ་བྱེད་དགོས་པར་ནན་བསྐུལ་བྱེད་སྐོར་གསལ་འདུག
མང་སྣོན།