ཨི་སི་རལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་པ་ལི་སི་ཐན་ཆེད་དུ་སྐྱབས་བཅོལ་ལས་ཁུངས་དང་འབྲེལ་ལམ་གཅོད་རྒྱུའི་གཞུང་འབྲེལ་གསལ་བརྡ་བཏང་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བློ་འཚབ་དང་སྐྱོན་འཛུགས་གནང་འདུག་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
དེ་རིང་ཕྱི་ཟླ་༡༡་པའི་ཚེས་༥་ཉིན་ཨ་མི་རི་ཀ་བ་ས་ཡ་མང་པོས་སྲིད་འཛིན་༤༧་པ་དང་གྲོས་ཚོགས་འོག་མའི་འཐུས་མི་ཡོད་དོ་ཅོག གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག་དང་མངའ་སྡེའི་སྤྱི་ཁྱབ་སོགས་འོས་འདེམས་བྱེད་ཀྱི་ཡོད་ཅིང་།
༄༅།། རྒྱ་ནག་གཞུང་གིས་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་མེད་པར་བལ་བོད་ས་མཚམས་ཀྱི་བོད་པ་དང་བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་ཝ་ལུང་བ་སོགས་ལ་དུས་རབས་མང་པོར་ཕན་ཚུན་གཉེན་སྒྲིག་གི་ལམ་སྲོལ་ཞིག་ཚུགས་ཡོད་པ་བཀག་ཡོད་ཅིང་།
འདི་ལོའི་སྲིད་འཛིན་འོས་བསྡུ་བྱ་ལ་ཉེ་བའི་སྐབས་འདིར་འོས་མི་སྲིད་ཟུར་ཊམ་དང་། ལྕམ་ཧེ་རེ་སི་རྣམ་གཉིས་ཀྱིས་གཟའ་ཟླ་བའི་ཉིན་འོས་བསྡུའི་གོང་གི་མཐའ་མའི་དྲིལ་སྒྲོག་འབད་བརྩོན་གནང་ཡོད་པའི་སྐོར་། ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་མི་སེར་ཆགས་མཁན་ཚོ་༢༠༢༤ ལོའི་རྒྱལ་ཡོངས་ཀྱི་འོས་འཕེན་པའི་གྲངས་འབོར་སྤྱིའི་ནང་ནས་བརྒྱ་ཆའི་༡༠ ཟིན་ཡོད་པ་དང་། ཁོ་ཚོས་ད་ལོའི་འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པའི་སྐོར་འདིར་གསལ།
ཨུ་རུ་སུ་ཡིས་ནུབ་ཕྱོགས་པས་རྡོ་སྣུམ་གྱི་རིན་གོང་གཏན་འབེབ་ལས་གཡོལ་ཐབས་སུ་གྲིབ་འོག་གྲུ་སྡེ་ཞེས་འབོད་པའི་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་ཆེས་རྙིང་ཁོག་རིགས་ཤིག་བེད་སྤྱོད་བྱེད་ཀྱིན་ཡོད་པ་དེ་དག་གིས་ཁོར་ཡུག་ལ་གནོད་སྐྱོན་བྱེད་ཀྱིན་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་ལགས་ནས་ཕབ་སྒྱུར་བྱས།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ནང་འོས་མི་སུ་ལ་རྒྱལ་ཁ་འཐོབ་མིན་ངེས་གཏན་མེད་ཀྱང་། ཡུ་རོབ་རྒྱལ་ཁབ་ཚོས་ཨ་རིའི་སྲིད་འཛིན་ཟུར་པ་ཊམ་བསྐྱར་དུ་འདེམས་ཐོན་འབྱུང་སྲིད་པའི་ཐད་གྲ་སྒྲིག་བྱེད་བཞིན་པ་དང་། ཨ་རིའི་འོས་བསྡུ་དེ་བཞིན་ནུབ་ཆིངས་སྒྲིག་འཛུགས་དང་ཨུ་ཡུག་དམག་འཁྲུག་སོགས་ལ་གལ་གནད་ཆེན་པོར་ངོས་འཛིན་བྱེད།
ཧེ་ཛི་བྷོ་ལའི་འགོ་ཁྲིད་གསར་པས། ད་ཕན་ཨི་སི་རལ་ཕྱོགས་ནས་དོན་ཐོག་ཆོད་ཐུབ་པའི་མེ་འཕེན་མཚམས་འཇོག་གི་གྲོས་གཞི་ཞིག་བཏོན་མེད་པ་རེད། གལ་ཏེ་མེ་འཕེན་མཚམས་འཇོག་ཡོང་དགོས་ན་ཨི་སི་རལ་གྱིས་བཏོན་པའི་ཆ་རྐྱེན་དེ་འོས་ཤིང་འཚམས་པ་ཞིག་དགོས་ཀྱི་རེད། དེ་ལྟར་བྱུང་ན་མེ་འཕེན་མཚམས་འཇོག་བྱ་རྒྱུར་མོས་མཐུན་ཡོད་ཅེས་བརྗོད་འདུག
རེས་གཟའ་ལྷག་པའི་ཉིན། ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་རྣམ་གཉིས་མཇལ་འཛོམས་གནང་སྐབས། བྱང་ཀོ་རི་ཡའི་དམག་མི་ཁྲི་གཅིག་ཙམ་ཨུ་རུ་སུ་ནང་དུ་འགྲེམ་འཇོག་བྱས་ཡོད་པའི་སྐོར་ལ་གོ་བསྡུར་གནང་སྟེ། བྱང་ཀོ་རི་ཡས་དམག་མི་དེ་དག་གང་མགྱོགས་ཨུ་རུ་སུ་ནས་ཕྱིར་འཐེན་བྱ་དགོས་ཞེས་ནན་སྐུལ་གནང་ཡོད།
གལ་ཏེ་ཟླ་བ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་སྡུར་ལྕམ་ཀ་མ་ལ་ཧེ་རེ་སི་ལ་རྒྱལ་ཁ་ཐོབ་ན། ཁོང་ལོ་རྒྱུས་ཐོག་ཨ་རིའི་བུད་མེད་སྲིད་འཛིན་དང་པོ་དེ་ཆགས་རྒྱུ་ཡིན་པ་མ་ཟད། ཁོང་གི་སྐུ་ཟླ་ཌོ་གྷི ཨེམ་ཧོབ་ཡང་ཨ་རིའི་སྐུ་ཟླ་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད།
ཌོ་ནལ ཊམ་མཆོག་༢༠༡༦ ལོར་ཨ་རིའི་སྲིད་འཛིན་ལ་འདེམས་བསྐོ་བྱུང་པ་ནས་བཟུང་ཁོང་གི་སྐུ་ལྕམ་མཱེ་ལ་ནི་ཡ ཊམ་ལ་ཐུགས་སྤྲོ་པོ་དང་མི་སྤྲོ་སྦྲེལ་མའི་ཉམས་མྱོང་བྱུང་རྗེས་སྐུ་ཟླ་ཡང་བསྐྱར་སྲིད་འཛིན་ལ་འཁོད་ན་སྐུ་ལྕམ་མཆོག་ཕོ་བྲང་དཀར་པོར་ལོག་ཕེབས་སྲིད་པ་ཞིག་ཆཊ་ཡོད་པའི་སྐབས་འདིར་མོའི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་ཞུ།
སྲིད་འཛིན་ཟུར་པ་ཊམ་མཆོག་སླར་ཡང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ། སྒོ་ཁྲལ་སྤར་ཆའི་སྲིད་ཇུས་གཏན་འབེབས་གནང་རྒྱུའི་འཆར་གཞི་བཏོན། བརྙན་ཐུང་ཚན་པ་འདི་ལས་སྒོ་ཁྲལ་སྤར་ཆས་ཨ་རིའི་འཛད་སྤྱོད་པ་དང་། ཐོན་སྐྱེད་བྱེད་མཁན། དེ་བཞིན་སྔོན་རྩིས་འཆར་དངུལ་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སྲིད་པར་འཚོལ་ཞིབ་བྱས་ཡོད་པས་གཟིགས་འཚལ།
ཨ་རིའི་སྲིད་འཛིན་འོས་བསྡུ་བྱ་རྒྱུའི་གཟའ་འཁོར་གཅིག་གི་སྔོན་འདིར་སྲིད་འཛིན་འོས་མི་རྣམ་གཉིས་ཀྱིས་འོས་འཕེན་པ་མང་ཚོགས་ལ་མཐའ་མའི་རྩོད་གླེང་གསལ་བསྒྲགས་ཞེས་པ་དེ་གནང་ཡོད་པའི་སྐོར་ལ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀེ་རོ་ལིན་པི་རི་སུ་ཊི་ཡིས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ།
ཨ་རིའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་དང་ཨ་རིའི་ཕྱི་སྲིད་ལ་འགྱུར་ལྡོག་འབྱུང་སྲིད་པ་ནི་ཕྱི་རྒྱལ་ཁག་ཏུ་བཅའ་སྡོད་ཨ་རིའི་རྒྱལ་འབངས་ཚོ་ལ་དམིགས་བསལ་གྱི་གནད་འགག་ཆགས་ཡོད། དེའི་ནང་ནས་ཡུག་ཀེ་རན་གྱི་ས་ཐོག་ཏུ་བཅའ་བཞུགས་ཀྱི་ཨ་རི་བ་ཚོར་ཁྱད་པར་དེ་བས་བཟོ་ཡི་ཡོད་པ་སོགས་ཀྱི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ།
དེང་སྐབས་དཀྱིལ་ཤར་མངའ་ཁུལ་དང་ཡུ་རོབ་ཀྱི་ནང་དམག་འཁྲུག་འབྱུང་བཞིན་པའི་སྐབས་འདིར། སྲིད་འཛིན་འོས་མི་གཉིས་ཀྱི་ཕྱི་སྲིད་ལངས་ཕྱོགས་གང་འདྲ་ཞིག་གིས་འཐབ་འཁྲུག་ཇེ་ཉུང་དུ་གཏོང་ཐུབ་མིན་ཐད་མཁས་པ་ཁག་ཅིག་ལ་འདི་གའི་གསར་འགོད་པ་ པེཌ་སི ཝི་དུ་ཀུསི་ཝ་རས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ།
༢༠༢༠ ལོ་ནས་བཟུང་ཕྱི་མི་ཨ་རིའི་རྒྱལ་ཁོངས་སུ་བཅུག་པ་ཁག་གི་ནང་ནས་འོས་ཤོག་འཕེན་རྒྱུའི་ཆ་རྐྱེན་ཡོད་པ་མི་གྲངས་ས་ཡ་༣ དང་ཕྱེད་ཀ་ཙམ་ཞིག་ཡོད་པ་དེ་དག་གིས་འདི་ལོའི་སྲིད་འཛིན་འོས་བསྡུའི་ནང་ཤུགས་རྐྱེན་ཞིག་བསྐྲུན་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད་པའི་སྐོར། ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད་།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་གྱིས་ཨི་རན་གྱི་དམག་དོན་རྟེན་གཞི་ཁག་ལ་འཇབ་རྒོལ་བྱས་སྐོར་དང་། ཊམ་དང་ཧེ་རེ་སི་གང་རུང་གིས་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་མིན། འོས་བསྡུའི་རྗེས་ཉི་ཧོང་དུ་ཆབ་སྲིད་བརྟན་ལྷིང་མེད་པའི་དུས་ཚོད་ཤར། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད
༢༠༢༤ ལོའི་ཨ་རིའི་འོས་བསྡུའི་ནང་ལ་ཊིན་མི་རྒྱུད་ཀྱི་འོས་འཕེན་མཁན་གྱི་གྲངས་འབོར་དེ་ལོ་རྒྱུས་སུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། ཁོ་ཚོའི་ཤུགས་རྐྱེན་ནི་དེ་སྔོན་གྱི་འོས་བསྡུ་གང་གི་སྐབས་ལས་ཀྱང་ཆེ། ཡ་ཡོ་ཅན་གྱི་མངའ་སྡེ་དེ་དག་གི་ནང་ལ་ཊིན་མི་རྒྱུད་ཚོའི་ཤུགས་རྐྱེན་ལ་དཔྱད་ཞིབ་བྱས་ཡོད།
སྲིད་འཛིན་ཟུར་པ་ཊམ་གྱི་མཐོ་རིམ་གཞུང་ཞབས་ཟུར་པ་མང་པོ་ཞིག་གིས་སྲིད་འཛིན་ཟུར་པ་ཁོང་ནི་ཧྥ་ཤི་སི་རིང་ལུགས་པ་ཞིག་རེད་ཅེས་བརྗོད་ནས་ཁོང་ནི་སྲིད་འཛིན་གནང་རྒྱུའི་འོས་བབ་མེད་པ་ཞིག་ཡིན་ལུགས་ཀྱི་སྐྱོན་བརྗོད་གནང་ཡོད་པ་རེད། འོན་ཀྱང་ཊམ་གྱི་སྲིད་འཛིན་གཞོན་པའི་འོས་མི་ཇེ་ཌི ཝན་སི་ཡིས་སྐྱོན་བརྗོད་དེ་དག་ངོས་ལེན་བྱས་མེད།
ཉི་ཧོང་གི་འོས་བསྡུ་ཆེན་མོའི་ནང་ཆབ་སྲིད་ཚོགས་པ་གང་ལའང་མང་མོས་མ་ཐོབ་པར་གཞུང་འཛིན་གཏན་འཁེལ་བྱུང་མེད་པ་རེད་ལ། སྐབས་སུ་བབ་པའི་གཞུང་འཛིན་ཆབ་སྲིད་ཚོགས་པ་ LDP དང་། དེ་ཡི་མཐུན་ཕྱོགས་ཆབ་སྲིད་ཚོགས་པ་ Komeito གཉིས་ཟུང་འབྲེལ་གནང་ཡོད་ཀྱང་གྲོས་ཚོགས་འོག་མའི་འཐུས་མིའི་ཞབས་སྟེགས་ ༢༡༥ ལས་ཐོབ་མེད།
མང་སྣོན།