ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་གྱིས་ན་ནིང་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་རྒྱལ་ནང་དུ་འཁྱུག་ཙམ་རིང་དམག་ཁྲིམས་བསྡམས། ཁ་སྔོན་ཕྱི་ཟླ་དང་པོའི་ཚེས་༡༥་ནས་སྲིད་འཛིན་བཟུང་འོག་ཏུ་ཚུད།
ཨེ་ཇེབ་རྒྱལ་ཁབ་ཀྱིས་གྷ་ཛའི་མ་འོངས་གནས་སྟངས་ཐད་འཆར་གཞི་ཞིག་གཏན་འབེབས་གནང་སྟེ། རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་འཆར་གཞི་དེར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་སར་གཏམ་བཤད་གནང་ཁོངས་ནས། དཔལ་འབྱོར་དང་ཕྱི་མི་གནས་སྤོ། དེ་བཞིན་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཐུགས་ཚོར་ཅི་བྱུང་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅། །ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུལ་དེར་འཚམས་འདྲིར་འབྱོར་ཡོད་པའི་འབར་མའི་དྲག་པོ་དམག་གི་འགོ་ཁྲིད་མིན་ཨང་ལེ་དང་ཐུག་འཕྲད་གྲོས་མོལ་བྱས་འདུག
ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་དྲ་རྒྱར་སིལ་འཛུལ་བྱེད་མཁན་རྒྱ་ནག་གི་མི་སེར་༡༢ ཁྲིམས་སར་གཏུགས་ཡོད་པ་གསལ་བསྒྲགས་བྱས་འདུག
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་དང་བགྲོ་གླེང་། དྲ་སྣང་གི་བོད་ལ་སོགས་པའི་ཀུན་གླེང་ལེ་ཚན་མཐའ་དག་དུས་ཐོག་ཏུ་འཕྲིན་ལམ་འདིར་འགོད་པ་ཡིན། དེ་བཞིན་ལས་རིམ་གཞན་དག་ཀྱང་འཕྲིན་ལམ་འདི་རུ་དུས་ཐོག་གཟིགས་ཐུབ། ཨ་རིའི་རླུང་འཕྲིན་ཁང་གི་ཡུག་ཊུབ་འཕྲིན་ལམ་འདི་མངགས་ལེན་གནང་བར་ཞུ། https://www.youtube.com/@VOATibetan
ཕྱི་ཟླ་༣་པའི་ཚེས་༤་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་རྒྱལ་ལོ་༢༡༥༢། རབ་གནས་ཤིང་སྤྲུལ་གནམ་གསར་དུ་ཚེས་པའི་ལོ་གསར་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་འོག་མའི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ།འགྲོ་བ་མིའི་ཐོབ་ཐང་ཀྱི་ལས་སྣེ་ཨལ་བྷར་ཊ་ཊི་གྷོམ་བི་སི་ཕེབས་ནས་གཤམ་གྱི་གསུང་བཤད་གནང་འདུག
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བརྒྱ་ཆ་ལྔའི་ཐོག་གཏན་འབེབ་བྱས། ཨ་རི་དང་མཉམ་ཚོང་འབྲེལ་དང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོར་གདོང་ལེན་བྱེད་བཞིན་པར་ལྟོས་མེད་ཀྱིས་འདི་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་ནི་སྔ་ལོའི་དམིགས་ཚད་ནས་འགྱུར་བ་ཕྱིན་མེད་པའི་སྐོར་ནོར་བུ་བསམ་འཕེལ་ནས།
ཁེ་ས་རེས་གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་ཚོགས་རྒྱས་འཛོམས་ཀྱི་གསུང་བཤད་ཀྱི་ནང་། དབུས་གཞུང་གི་འགྲོ་གྲོན་སྲི་ཚགས་དང་། ཨ་མི་རི་ཀའི་ཉེ་བའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཐོག་སྒོ་ཁྲལ་བཀོད་སྡོམ། དེ་བཞིན་ཡུག་ཀེ་རན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འཐབ་འཛིང་མཚམས་འཇོག་བྱ་རྒྱུར་གནོན་ཤུགས་སྤྲད་པ་སོགས་གནང་ཡོད།
ཨི་ཇེབ་གཞུང་གིས་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་གྱི་འཆར་གཞི་ཞིག་བཏོན་པར་ཨ་རབ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་ས་གནས་གཞན་དུ་སྤོ་དགོས་ཞེས་གནས་ལུགས་མེད་པའི་སྐད་ཆ་ཞིག་བཤད།
སྲིད་འཛིན་ཌོ་ནལ ཊམ་གྱིས་དོ་དགོང་སྟེ་གཟའ་མིག་དམར་ཉིན་གྱི་དགོང་མོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་རྒྱས་འཛོམས་ཀྱི་སར་རྒྱལ་ཡོངས་ལ་གཏམ་བཤད་གནང་རྒྱུ་ཡིན་པ་རེད། སྲིད་འཛིན་གྱི་གཏམ་བཤད་ནང་དོན་དང་མ་འོངས་སྲིད་ཇུས་སོགས་ཀྱི་ཐད་ངོ་སྤྲོད་དང་འགྲེལ་བཤད།
ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པས་ཡུ་རོབ་མཉམ་འབྲེལ་གྱིས་ཡུ་སྒོར་ཐེར་འབུམ་༨༠༠་ཐམ་པ་རྒྱལ་སྲུང་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན།
ཡི་ཤུའི་བླ་ཆེན་མཆོག་༢༠༡༣ལོར་རྣམ་དག་ཡི་ཤུའི་དབུ་འཁྲིད་གནང་རྒྱུར་རང་ཡུལ་Argentinaནས་ཕེབས་ཐོན་གནང་ཡོད་པ་ནས་བཟུང་ཁོང་རང་ཡུལ་ལ་ཕྱིར་ཕེབས་གནང་མེད་པས་མི་མང་ཚོས་ཁོང་རང་ཡུལ་ལ་ཕེབས་རྒྱུར་མོས་གུས་ཆེན་པོས་ངང་སྒུག་ཞུ་གི་ཡོད་རུང་། ཁོང་གློ་ཚད་ཀྱི་སྙུང་གཞི་བཞེས་ཏེ་ཕྱིར་ཕེབས་གནང་ཐུབ་ཀྱི་མེད་པ་སོགས་ཀྱི་སྐོར་
ཡུག་ཀེ་རན་དང་དཀྱིལ་ཤར་མངའ་ཁུལ་གྱི་དམག་འཁྲུག་མཚམས་འཇོག་དང་། རྒྱལ་ཁབ་གཞན་ཁག་གི་ཐོག་སྒོ་ཁྲལ་བཀོད་སྡོམ། དེ་བཞིན་ཨ་རི་དབུས་གཞུང་ལ་འགྱུར་བཅོས་གཏོང་ཕྱོགས་སོགས་ནི་སྲིད་འཛིན་ཊམ་གྱིས་སང་ཉིན་ཨ་རིའི་གྲོས་ཚོགས་རྒྱས་འཛོམས་ཀྱི་ཐོག་གསུང་བཤད་ཀྱི་ནང་གནད་དོན་གལ་ཆེ་ཁག་ཆགས་ཡོད་པ་ནོར་བུ་བསམ་འཕེལ་ལགས་ཀྱིས་ཕབ་སྒྱུར་བྱས།
༄༅།། འབྲུག་ཡུལ་དུ་བཟོ་གྲྭ་དང་རྡོ་སོལ། རླངས་འཁོར་སོགས་ཀྱི་ནག་རྫས་དུ་རླངས་སམ། ཡང་ན་ཟེ་རླངས་ཀྱི་འབག་བཙོག་མེད་ཀྱང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དེ་འབྲུག་ཡུལ་དུའང་ཁྱབ།
འདི་ལོ་བོད་རྒྱལ་ལོ་ ༢༠༥༢ རབ་གནས་ཤིང་སྦྲུལ་ལོའི་ལོ་གསར་སྐབས་སུའང་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་བོད་མདོ་དབུས་ཁམས་གསུམ་གྱི་གྲོང་ཁྱེར་དང་གྲོང་རྡལ། མི་ཚོགས་ཆེ་ས་གང་སར་དམག་མི་འགྲེམས་འཇོག་གིས་དོ་དམ་ནན་པོ་བྱེད་བཞིན་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༨ པ་འཚོགས་བཞིན་ཡོད་ཅིང་། ཕྱི་ཟླ་ ༢ ཚེས་ ༢༨ བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན། ཧལ་སིན་ཀེ་ འགྲོ་བ་མིའི་ཐོབ་ཐང་ཐེབས་རྩས་གོ་སྒྲིག་འོག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཟུར་ཚོགས་ཤིག་འཚོགས་གནང་ཡོད་ཅིང་།
སྲིད་འཛིན་ཊམ་གྱིས་དབུས་གཞུང་གི་སྲི་ཞུ་བ་ལས་མེད་དུ་བཏང་རྣམས་རྒྱ་ནག་དང་ར་ཤི་ཡ་སོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་བསྡུས་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ཤེསཐབས་བྱ་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག
ཨི་སི་རལ་གྱིས་ཨ་རིའི་གྷ་ཛ་རུ་གནས་སྐབས་རིང་མེ་འཕེན་མཚམས་འཇོག་གི་འཆར་གཞི་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་ཧ་མ་སིས་ཁས་ལེན་བྱས་མེད་པའི་སྐོར་འདིར་གསལ།
མང་སྣོན།