༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་ཁ་པར་ནང་དུ་ཡུཀ་རེན་གྱི་དམག་འཁྲུག་ཛ་དྲག་ཆེ་རུ་མ་གཏོང་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་གིས་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་སྒྲིལ་བ། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་ཏུ་གཞུང་འབྲེལ་འཚམས་གཟིགས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་མཇུག་སྒྲིལ་བ་སོགས་ཡོད།
ཀུན་གླེང་ལས་རིམ་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དབུ་འབྱེད་གནང་བའི་སྨོན་ལམ་མངོན་གྱུར་དག་གི་ཁྱད་ཆོས་དང་བཀོལ་སྤྱོད། མི་མང་གིས་མཉམ་ཞུགས་གནང་ཕྱོགས། དེ་བཞིན་མ་འོངས་པའི་ཁ་ཕྱོགས་དང་བཅས་པའི་སྐོར་ལ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་སྨོན་ལམ་ལགས་དང་ལྷན་དུ་གླེང་མོལ་ཞུས།
རྒྱལ་ཁབ་མང་ཆེ་བར་དབུས་འོས་བསྡུ་ལྷན་ཁང་ཡོད་ཀྱང་། ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ནི་མངའ་སྡེ་སོ་སོས་གོ་སྒྲིག་བྱེད་ཀྱི་ཡོད་སྟབས། འོས་ཤོག་འཕེན་པའི་དུས་ཚོད་དང་འོས་ཤོག་འཕེན་སྟངས་སོགས་མངའ་སྡེ་སོ་སོ་ལ་སྒྲིག་གཞི་ཐ་དད་ཡོད་པ་རེད། འོ་ན་ཨ་རིའི་འོས་བསྡུའི་ནང་འོས་ཤོག་རྩིས་རྒྱག་སྟངས་ག་འདྲ་ཡིན་པ་འདིར་གསལ།
ཆེད་མཁས་པ་ཕེ་རེ་ལིན་ཁེ་ལགས་ཀྱིས་སྤྱི་ཟླ་༡༡ པའི་ཚེས་༥ ཡི་འོས་བསྡུ་དངོས་གཞིའི་དགོང་མོར་སྲིད་འཛིན་ཟུར་པ་ཊམ་མཆོག་སླར་ཡང་ཨ་རིའི་སྲིད་འཛིན་ཐོབ་པ་ཡིན་ན་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཡིན་པ་དང་ཁོ་པས་ཊམ་ལ་སྲིད་འཛིན་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད། ཅེས་གསུངས་སྐོར་སོཊ་འདིར་གསལ།
འོས་བསྡུའི་ཉིན་མོའི་སྔོན་ལ་དམངས་ཀྱི་བསམ་ཚུལ་ཕྱོགས་བསྡོམས་ལྟར་ན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་བསྡུར་ནང་སྲིད་འཛིན་འོས་མི་གཉིས་དབར་ལ་འགྲན་བསྡུར་ཧ་ཅང་ཐག་ཉེ་པོ་བསྟན་ཡོད། སྲིད་འཛིན་ཟུར་པ་ཊམ་ལ་སྐྱེས་པ་དང་། བུད་མེད། ལ་ཐིན་འོས་འཕེན་པ་སོགས་འོས་ཤོག་ཁྱབ་ཁོངས་མང་པོ་ནས་རྒྱལ་ཁ་ཐོབ་སྟངས་སྐོར་དབྱེ་ཞིབ་བྱས་ཡོད
ཨེ་ཤེ་ཡའི་ནང་ཡོད་པའི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཊམ་མཆོག་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་ཡོད་ཀྱང་། མི་མང་པོ་ཞིག་གིས་ཊམ་མཆོག་གི་ཨ་རི་ཨང་དང་པོར་འཇོག་དགོས་པའི་ཕྱི་འབྲེལ་སྲིད་ཇུས་དེ་ལ་བློ་འཚབ་ཡོང་གི་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུ།
པེ་ཅིང་གི་ཚོང་ལས་གཙོ་བོའི་ལྟེ་གནས་ཉེ་འཁྲིས་སུ་འཛུགས་སྐྲུན་འཕྲུལ་འཁོར་མཐོན་པོ་ཡོད་པ་མཐོང་རྒྱུ་ཡོད།
སྲིད་འཛིན་བྷ་ཌན་གྱིས་རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དག་ངོས་ལེན་བྱེད་རྒྱུའི་རེ་སྐུལ་གནང་། སྲིད་འཛིན་ཟུར་པ་ཊམ་གྱིས༢༠༢༠ ལོའི་འོས་བསྡུའི་རྗེས་ཁོང་གི་རྒྱབ་སྐྱོར་བ་ཚོར་གྲོས་ཚོགས་ཁང་ཆེན་ཐོག་དྲག་རྒོལ་བྱ་རྒྱུར་སྐུལ་སློང་བྱས་པ་དང་། བྷ་ཌན་གྱིས་ཊམ་ལ་སྲིད་དབང་རྩིས་སྤྲོད་གནང་རྒྱུའི་ཁས་ལེན་གནང་།
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལས་དུས་དང་པོའི་སྐབས་སུ་ཨ་རི་དང་ཡུ་རོབ་བར་གྱི་འབྲེལ་ལམ་བརྟན་པོ་མིན་པ་ཆགས་ཡོད་པས། ད་ལན་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས། འབྱུང་འགྱུར་ནུབ་ཆིངས་དང་ཡུ་རོབ་ཀྱི་བདེ་འཇགས་དང་དཔལ་འབྱོར་སོགས་ལ་ཤུགས་རྐྱེན་ག་རེ་ཐེབས་སྲིད་པའི་སྐོར་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱས་ཡོད་པའི་གནས་ཚུལ་ཡོད།
ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ནི་གསར་དུ་འདེམས་ཐོན་བྱུང་པའི་སྲིད་འཛིན་ཊམ་ལ་འཚམས་འདྲི་གནང་མཁན་རྒྱལ་སྤྱིའི་དབུ་ཁྲིད་དང་པོའི་གྲས་སུ་ཡོད། ཨུ་རུ་སུའི་གཞུང་གིས་སྲིད་འཛིན་ཊམ་གྱིས་ཡུག་ཀེ་རན་དུ་ཞི་བདེ་བཟོ་རྒྱུའི་ཁས་ལེན་གྱི་བཀའ་མོལ་དེ་བརྗེད་མེད་ཅེས་འགྲེལ་བརྗོད་བྱས་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས།
༄༅།། ལ་དྭགས་པ་ཚོས་ལོ་ཤས་གོང་ནས་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཀསྨིར་གྱི་འཚོ་བ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ནང་སྲིད་ལྷན་ཁང་ནས་ལ་དྭགས་ཀྱི་གནད་ཡོད་སྐུ་ཚབ་༦་ལྡི་ལི་གསར་པར་གྲོས་མོལ་བྱེད་དུ་ཤོག་ཅེས་མགྲོན་འབོད་བྱས་འདུག
ཊམ་བསྐྱར་དུ་འོས་འདེམས་བྱུང་རྗེས་ནུབ་རྒྱ་མཚོ་ཆེན་པོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཇི་ལྟར་ཆགས་རྒྱུ་ཡིན་མིན་མ་ངེས་ཀྱང་། ཡུ་རོབ་ནང་གི་ཨ་རིའི་མཐུན་གྲོགས་ཚོས་ཊམ་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པའི་སྐོར་ Henry Ridgwell ལགས་ཀྱིས་ལོན་ཌོན་ནས་བཏང་གནང་བའི་གནས་ཚུལ་དེ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ།
རེས་གཟའ་ལྷག་པའི་ཉིན། སྤྱི་མཐུན་སྲིད་དོན་ཚོགས་པར་གྲོས་ཚོགས་གོང་མའི་ནང་གདན་གྲངས་མང་ཤོས་ཐོབ་ཡོད་པ་དང་། རྒྱལ་ཁ་ཆེན་པོ་དེས་འབྱུང་འགྱུར་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་མཆོག་ལ་གྲོས་ཚོགས་སུ་ཁྲིམས་འཆར་གཏན་འབེབས་ཡོང་རྒྱུར་ལག་ཆ་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་ལྷག་པའི་ཉིན་གུང་རྒྱབ་ལ་ཝ་ཤིང་ཊོན་ནས་ཨ་རིའི་སྲིད་འཛིན་གཞོན་པ་ཧེ་རི་སི་ཡིས་སྲིད་འཛིན་འོས་བསྡུའི་ནང་ཕམ་པ་ངོས་ལེན་ཞུས་པ་དང་། སྲིད་འཛིན་བྷ་ཌན་གྱིས་བདམས་ཐོན་སྲིད་འཛིན་ཊམ་ལ་རྒྱལ་ཁ་སོན་པར་འཚམས་འདྲི་ཞུས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
རྒྱ་ནག་དང་ཐེ་ཝན་གྱི་འགོ་ཁྲིད་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་སླར་ཡང་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས། ཚེས་༧་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་རིང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར།
ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཀས་སྐུ་ཞབས་ཊམ་གྱི་རྒྱལ་ཁ་ལ་འཚམས་འདྲི་གནང་པ་དང་། ཨི་སི་རལ་གྱི་རེ་བ་ལ་ཧ་མ་སི་དང་ཧེ་ཛི་བྷོ་ལཱ་དང་ཨི་རན་སོགས་དང་ཨི་སི་རལ་གྱི་འགལ་ཟླ་མུ་མཐུད་བཞིན་པའི་ཐད་ལ་སྲིད་འཛིན་ཊམ་གྱིས་ཨི་སི་རལ་ལ་རྒྱབ་སྐྱོར་གནང་བའི་རེ་བ་གནང་བཞིན་ཡོད། པ་ལི་སི་ཐན་གྱིས་རྒྱལ་ཁབ་གསར་འཛུགས་ཡོང་བར་རེ་བ་གནང་ཡོད།
འདི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་འདིའི་ནང་སྲིད་འཛིན་ཟུར་པ་ཊམ་གྱིས་སྲིད་འཛིན་གཞོན་པ་ཧེ་རེ་སི་ལ་ཕམ་ཉེས་བཏང་ནས་ལོ་བཞིའི་སྲིད་འཛིན་ལས་དུས་ཐེངས་གཉིས་པ་ཞིག་ཐོབ་ཡོད་པའི་སྐོར་གནས་ཚུལ་དེ་གསན་རོགས་གནང་།།
༄༅།། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཨ་མི་རི་ཀའི་སྲིད་འཛིན་༤༧་པར་འདེམས་ཐོན་བྱུང་བར་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྟེན་འབྲེལ་ཞུས།
ཨ་རི་བ་ས་ཡ་མང་པོས་སྲིད་འཛིན་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་འདེམས་རྒྱུར་འོས་ཤོག་འཕེན་འདུག་པ་དང་། ད་ལམ་གྱི་ཨ་རིའི་སྲིད་འཛིན་འོས་བསྡུ་དེ་དེང་རབས་ཨ་རིའི་ལོ་རྒྱུས་ནང་འོས་བསྡུའི་དྲིལ་བསྒྲགས་རྣོ་ངར་ཆེ་ལ་འོས་མི་སུ་ལ་རྒྱལ་ཁ་ཐོབ་བརྗོད་དཀའ་བར་གྱུར་བ་སོགས་ཨ་རིའི་འོས་བསྡུའི་བརྒྱུད་རིམ་ལ་དམིགས་བབསལ་ལས་རིམ།
མང་སྣོན།