༄༅།། ཐེ་ཝན་གྱིས་དམག་འཁྲུག་དུས་སུ་ཕྱིའི་རྒྱབ་སྐྱོར་ཡོད་མིན་ལ་མ་ལྟོས་པར་ཕྱི་ནང་གི་བརྡ་འཕྲིན་འབྲེལ་ལམ་མི་ཆད་པའི་གྲ་སྒྲིག་ལ་བྲེལ།
བདམས་ཐོན་སྲིད་འཛིན་ཊམ་གྱིས་རང་ཉིད་ཀྱི་རྒྱབ་སྐྱོར་བ་རྙིང་པ་ཞིག་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལ་མཚན་འདོན་གནང་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཀྱི་ཕྱག་ལས་ལ་རྒྱུས་ལོན་ཡོད་མཁན་ཞིག་རེད། གསང་བའི་ལས་ཁུངས་ཁག་ཅིག་གི་འགན་འཛིན་ལ་མཚན་འདོན་གནང་པའི་མི་སྣ་ཅིག་གིས་བཀའ་མོལ་རྩོད་གཞི་ཅན་གནང་མྱོང་ཡོད།
ཀསྨིར་དང་ལ་དྭགས་པ་༢༥༡༠་ལ་བརྟག་དཔྱད་བྱས་པ་དེའི་གྲས་སུ་སྐྱེས་པ་དང་བུད་མེད་གཉིས་མང་ཉུང་འདྲ་མཉམ་བདམས། མི་མང་བརྟག་དཔྱད་བྱ་ཡུལ་བརྒྱ་ཆ་༧༠་ཐམ་པ་གྲོང་གསེབ་པ་དང་བརྒྱ་ཆ་༣༠་ཐམ་པ་གྲོང་ཁྱེར་ཁག་གི་མི་མང་ཡིན་འདུག
ཌོ་ནལ་ཊམ་ཕྱི་ལོའི་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་ཕོ་བྲང་དུ་ཕྱིར་ལོག་གནང་གི་ཡོད་ཀྱང་། ཁོང་གིས་ད་ལྟ་ནས་འབྱུང་འགྱུར་ལོ་བཞིའི་ལས་དུས་ཀྱི་རྒྱལ་ནང་གི་སྲིད་ཇུས་ཀྱི་ཆེད་དུ་རྨང་གཞི་དང་འཆར་གཞི་དེ་དག་འགོ་འཛུགས་གནང་གི་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པས་ཕོ་བྲང་དཀར་པོ་ནས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཞུས།
ཨ་རིའི་སྲིད་འཛིན་འོས་བསྡུའི་སྔོན་ལ་ལས་ཐོག་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་རྣམ་གཉིས་ཀྱིས་ཉི་ཧོང་གི་བཟོ་ཚོང་ཁང་ཞིག་གིས་ཨ་རིའི་བཟོ་ལས་ཡར་རྒྱས་ཀྱི་མཚོན་རྟགས་ལ་བརྩི་བའི་ཨ་རིའི་དྭངས་ལྕགས་བཟོ་གྲྭ་ཆེ་ཤོས་དེ་ཉོ་རྒྱུར་དགག་བྱ་གནང་ཡོད། འོན་ཀྱང་འོས་བསྡུའི་རྗེས་ཉོ་ཚོང་བྱེད་ན་འགྲིག་གི་ཡོད་པའི་རྣམ་པ་བསྟན་ཡོད།
༄༅།། ཕུར་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་ཚོང་འབྲེལ་བཅད། ར་ཤི་ཡར་དཔལ་འབྱོར་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་སྟེང་དུ་ཟས་སོང་འཕར།
བལ་ཡུལ་གྱི་སྲིད་བློན་ཁེ་པི་ཤར་མ་ཨོ་ལིའི་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་དེ་རྒྱ་གར་ལ་མ་ཕེབས་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཐག་བཅད།
སྲིད་འཛིན་བྷ་ཌན་གྱི་འགན་ཡུན་འཁྱུར་གྲབས་ཡོད་པའི་སྐབས་མཚམས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཐུག་རྒྱུ་དང་སྦྲགས་དེ་རིང་ནས་རྒྱལ་སྤྱིའི་ཚོགས་ཆེན་ཆེ་ཁག་གཉིས་ལ་ཕེབས་དུས་རྒྱལ་སྤྱིའི་འགོ་ཁྲིད་ཚོར་ཨ་རིའི་འགྱུར་བའི་ཐད་བཀའ་ལན་གནང་དགོས་རྒྱུའི་གནས་སྟངས་ཤིག་འཕྲད་ཡོད་པ་སོཊ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ།
ཁ་སང་ཕོ་བྲང་དཀར་པོར་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་བདམས་ཐོན་སྲིད་འཛིན་ཊམ་མགྲོན་འབོད་གནང་པ་ལྟར་མཇལ་འཕྲད་སྐབས་ཞི་བའི་སྒོ་ནས་སྲིད་དབང་རྩིས་སྤྲོད་གནང་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པ་རེད། དེའི་སྐོར་གྱི་གནས་ཚུལ་ཞིག་གཤམ་ལ་གསན་གཟིགས་གནང་རོགས་གནང་།
ཨ་རིའི་གྲོས་ཚོགས་འོག་མའི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཤོས་ཆགས་ཏེ་ད་ནི་གྲོས་ཚོགས་གོང་འོག་གཉིས་ཀ་དང་ཕོ་བྲང་དཀར་པོ་གསུམ་ག་སྤྱི་མཐུན་ཚོགས་པའི་སྟངས་འཛིན་འོག་ཆགས་ཡོད་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ཇོན་སན་ནི་སྔར་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཆགས་རྒྱུ་ཡིན་པའི་སྐོར་བསོད་ནམས་གཡང་འཛོམས་ནས།
ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་འགའ་ཤས་ཀྱི་འགོ་ཁྲིད་ཚོའི་སེམས་ལ་དྲན་པ་རྣམས་ཁ་ནས་དངོས་སུ་བཤད་འགོ་ཚུགས། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཡུཀ་རེན་དང་ར་ཤི་ཡ་གཉིས་ལ་གྲོས་མོལ་གྱི་ལམ་ནས་དམག་ཐག་གཅོད་དུ་འཇུག་རྒྱུ་ཡིན་ཞེས་ཁས་བླངས།
ཨ་རིའི་སྲིད་འཛིན་ཇཱ་བྷ་ཌན་མཆོག་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཆེད་དུ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕཱུ་རུའི་ནང་ཕེབས་ཀྱི་ཡོད་པ་དང་།འདི་གར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ཟུར་མཇལ་ཞིག་གནང་འཆར་ཡོད་པ་སོགས་གནས་ཚུལ་ཐོན་པ།
ཌོ་ནལ་ཊམ་གྱིས་སྲིད་འཛིན་འོས་བསྡུ་ལས་རྒྱལ་ཁ་ཐོབ་ཟིན་ཡང་། དུས་ཡུན་ཟླ་བ་༡༡ གི་རྗེས་སུ་གཞི་ནས་སྲིད་དབང་དངོས་སུ་རྩིས་བཞེས་རྒྱུ་ཡིན་པ་དང་། དེའི་བར་ལ་ཁོང་གིས་ཉིན་གྲངས་༧༦ རིང་ལ་སྲིད་གཞུང་གསར་པའི་སྔོན་འགྲོའི་སྟ་གོན་ཁག་གནང་ཆོག་གི་ཡོད་སྐོར་གྱི་ངོ་སྤྲོད་མདོར་བསྡུས་ཤིག་འདིར་གསལ།
ཨ་རི་དང་ཨིན་རྡུ་ནེ་ཤེ་ཡ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏང་རྒྱུར་རེས་གཟའ་མིག་དམར་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་བྷ་ཊན་དང་སྲིད་འཛིན་Prabowo Subianto གཉིས་མཇལ་མོལ་གནང་ཡོད་པ་དང། དེའི་གོང་ལ་ཨིན་རྡུ་ནེ་ཤེ་ཡ་དང་རྒྱ་ནག་གཉིས་ཀྱིས་མཚོ་ཐོག་གི་གྲོས་མཐུན་ཞིག་བཞག་པའི་རྗེས་སུ་ཨ་རིར་འཚམས་གཟིགས་ལ་སླེབས་ཡོད།
ད་རིང་ཚེས་༡༣དང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་བྷའེ་ཌན་དང་གདམ་ཐོན་སྲིད་འཛིན་ཁྲམ་རྣམ་གཉིས་ཕོ་བྲང་དཀར་པོར་མཇལ་ནས་སྲིད་དབང་རྩིས་སྤྲོད་སྐོར་ལ་བཀའ་མོལ་གནང་ཡོད་ཅིང་། དེ་ཡང་སྲིད་འཛིན་ཟུར་པ་ཁྲོམ་ལོ་ངོ་བཞིའི་རྗེས་སུ་སླར་ཡང་ཕོ་བྲང་དཀར་པོའི་ནང་ཕེབས་པ་ཞིག་ཆགས་ཡོད་འདུག
༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་དང་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་རོ་བྷར་ཊི་ཨོབ་རེན་གཉིས་སྲིད་གཞུང་གསར་པའི་མཐོ་རིམ་ལས་སྣེའི་གྲས་སུ་བསྐོས་མེད་པར་རྒྱ་ནག་བློ་བདེ་བྱུང་བའི་གནས་ཚུལ་ཐོན་འདུག
སྤྱི་ཟླ་༡༡ པའི་ཚེས་༡༡ སྟེ་རེས་གཟའ་ཟླ་བའི་ཉིན་ལ། ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་སྲིད་བློན་ལས་ཐོག་ཨི་ཤི་བྷ་ལ་གདན་གྲངས་༢༢༡ ཐོབ་ནས་ཁོ་པ་མུ་མཐུད་ནས་སྲིད་བློན་གྱི་གོ་གནས་བཞེས་རྒྱུར་མང་མོས་ཐག་གཅོད་བྱུང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་མི་རི་ཀའི་བདམས་ཐོན་ཌོ་ནལ་ཊམ་གྱིས་སྲིད་གཞུང་གསར་པ་ཞིག་སྒྲིག་འཛུགས་ཀྱི་ལས་དོན་འགོ་འཛུགས་གནང་བཞིན་པའི་སྐབས་འདིར་ཁོང་གིས་འོས་བསྡུའི་སྐབས་སུ་ཁས་ལེན་གནང་པ་དེ་དག་ལག་ལེན་བསྟར་མིན་དང་ཡང་ན་ཁོང་གི་ཁ་གཏད་ཚོར་འཁོན་ལན་སློག་ཐབས་གནང་མིན་གྱི་ཐཽག་ཨ་རིའི་མི་མང་ཚོས་དྭོགས་འདྲི་བྱེད་བཞིན་པ་རེད།
སའོ་ཌིའི་རྒྱལ་སྲས་ཀྱིས་ཨ་རབ་དང་ཁ་ཆེའི་ཚོགས་ཆེན་སྟེང་ལ་ཨི་སི་རལ་གྱི་ལས་འགུལ་ལ་སྐྱོན་འཛུགས་གནང་ཡོད་པ་དང་། ཡང་ཁ་ཏར་གྱི་དཀྱིལ་ཤར་གྱི་གྲོས་མོལ་ལ་བར་འདུམ་བྱེད་རྒྱུ་འཕྲལ་སེལ་རིང་མཚམས་འཇོག་བྱས་ཡོད་པ་རེད། དེའི་རིང་ཨི་སི་རལ་གྱིས་གྷ་ཛ་དང་ལེ་བྷ་ནོན་ལ་རྒོལ་རྡུང་བཏང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས་སྙན་སྒྲོན་ཞུ
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རེའི་གནམ་གཤིས་ཚོགས་ཆེན་དེ་རེས་གཟའ་ཟླ་་བའི་ཉིན་ཨ་ཛར་བྷའེ་ཇན་དུ་འགོ་འཛུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་སྲིད་དོན་གྱི་གནད་ཡོད་འགོ་ཁྲིད་འགའ་ཞིག་ཚོགས་ཆེན་དུ་ཕེབས་འཆར་མེད་པ་དང་། དེ་བཞིན་ཨ་རིའི་ནང་ཌོ་ནལ་ཊམ་བསྐྱར་དུ་འོས་འདེམས་བྱུང་པའི་ཐོག་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།
མང་སྣོན།