འབར་མའི་དམག་སྤྱིས་རོ་ཧིང་གྷ་མི་རིགས་ཕོན་ཆེ་ལ་སྡུག་པོ་དང་གནོད་འཚེའི་ནག་ཉེས་བསགས་པའི་ཉེས་འཛུཊ་ལ་ཁྲིམས་བཤེར་བྱ་རྒྱུར་དམག་སྤྱི་དེ་འཛིན་བཟུང་རྩིས་སྤྲོད་དགོས་པའི་བཀའ་རྒྱ་བཀྲམ་དགོས་པ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་རྩོད་པས་སྙན་ཞུ་སྒྲོན་པ་འཕྲིན་ལས་ཆོས་སྒྲོན་གྱིས་ཕྱོགས་སྒྲིག་བྱས།
བདམས་ཐོན་སྲིད་འཛིན་ཊམ་གྱིས་འཛམ་གླིང་ནང་དམག་སྡེ་གཞི་རྒྱ་ཆེ་ཤོས་རྒྱལ་ཁབ་འདིའི་རྒྱལ་སྲུང་དྲུང་ཆེའི་གོ་གནས་སུ་ཧྥོ་ཀི་སི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་དམག་ཞབས་ཟུར་པ་ཞིག་འདེམས་སྒྲུག་གནང་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པས་རྒྱལ་སྲུང་ལས་ཁུངས་ནས་བཏང་པའི་གནས་ཚུལ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་ཞུས།
ཨི་སི་རལ་གྱི་བྱང་ཕྱོགས་ས་སྦྲེལ་རྒྱལ་ཁབ་ལེ་བྷ་ནོན་གྱི་དྲག་སྤྱོད་ཚོཊ་པ་ཧྭེ་ཛི་བྷུ་ལ་དང་ཨི་སི་རལ་གྱི་དབར་གྱི་དྲག་པོའི་འཁྲུག་རྩོད་ལོ་གཅིག་དང་ཟླ་བ་གཉིས་འགྲོ་གྲབས་ཡོད་པ་དེར་མེ་འཕེན་མཚམས་འཇོག་ཡོང་བ་འདས་པའི་ཟླ་བ་མང་པོའི་རིང་ལ་ཨ་རི་དང་ཧྥ་རན་སིས་བར་འདུམ་གནང་རྗེས་ལམ་ལྷོང་སོན་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ནས།
ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་ཚོས་ལོ་གཉིས་གོང་རྒྱ་ནག་ནང་དུ་བྱུང་བའི་ཤོག་བུ་དཀར་པོའི་ངོ་རྒོལ་ལས་འགུལ་ལ་དྲན་གསོ་བྱས་ཡོད་པ་དང་།གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དེས་རྒྱ་རིགས་གཞོན་སྐྱེས་ཚོར་དམངས་གཙོ་དང་མཉམ་འབྲེལ་ལ་སྐུལ་མ་ཐེབས་ཡོད་པའི་སྐོར།
ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལྜ་ ཊམ་གྱིས་རྒྱ་ནག་དང་ཁེ་ཎེ་ཌ། མེཀ་སི་ཁོ་བཅས་ནས་ཨ་རིའི་ནང་ཚོང་ཟོག་ནང་འདྲེན་བྱས་པར་སྒོ་ཁྲལ་སྤོར་རྒྱུའི་ཁས་ལེན་བྱས་འདུག་པ་དང་།རྒྱལ་ཁབ་དེ་གསུམ་གྱིས་ཨ་རི་ལ་ཚོང་འབྲེལ་ཆེ་ཤོས་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ཚོང་ཟོག་ཉོ་མཁན་ཚོར་དངོས་ཟོག་གི་རིན་གོང་ཆེ་རུ་འགྲོ་རྒྱུ་ཡིན་པའི་སྐོར།
ཨི་སི་རལ་དང་ལེ་བྷ་ནོན་དབར་ལ་མུ་མཐུད་དུ་མཁའ་ཐོག་ནས་རྒོལ་རྡུང་གཏོང་རེས་བྱས་པ་དང་དུས་མཚུངས་མེ་འཕེན་མཚམས་འཇོག་གི་གྲོས་མོལ་ཡོང་ཐབས་སུ་ཡོ་རོབ་མཉམ་འབྲེལ་གྱིས་ཨི་སི་རལ་ལ་གནོན་ཤུགས་སྐྱེལ་བཞིན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་འོས་བསྡུའི་རྒྱལ་ཁ་ཊམ་ལ་ཐོབ་པ་ནས་བཟུང་ནུབ་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་ཁབ་ཚོས་འབྲེལ་ལམ་འཁྲུག་པོ་ཆགས་སྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ལས་ཡུན་ཐེངས་དང་པོར་སྲིད་འཛིན་ཊམ་གྱིས་ནུབ་ཆིངས་ཀྱི་ལས་དོན་དང་ཚོགས་མི་ཚོས་མ་དངུལ་བསྡུ་རུབ་བྱེད་དགོས་རྒྱུ་ནན་བརྗོད་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་ཞུས།
༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་གཞུང་ནས་མི་དམངས་ཤོག་སྒོར་འཛའ་ཐང་བཅག་སྟེ་ཨ་མི་རི་ཀར་ལན་པ་སློག་རྒྱུའི་རྟགས་མཚན་མངོན།
ཨ་མི་རི་ཀའི་ནང་ལྷོ་ཕྱོཌ་ཨ་མི་རི་ཀའི་ཡུལ་གྲུ་ཝེ་ནེ་ཛུ་ལ་དང་། ཀོ་ལོམ་བྷི་ཡ། གྷཽ་ཊི་མཱ་ལ་སོཌ་ནས་ཡོང་བའི་ཁྲིམས་མཐུན་གྱི་ལག་འཁྱེར་མེད་པའི་ཕྱི་མི་གཞིས་ཆགས་པ་ས་ཡ་མང་པོ་ཡོད་པ།
བལ་ཡུལ་གྱི་སྲིད་བློན་ཁེ་པི་ཤར་མ་ཨོ་ལི་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་པའི་སྐབས་སུ་བལ་བོད་ས་མཚམས་ཀྱི་འཛིན་སྐྱོང་དང་བདེ་འཇགས་སྲུང་སྐྱོབ་སོགས་ལ་གྲོས་སྡུར་བྱ་རྒྱ་ཡིན་ཞིང་། བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་ཐབས་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། རྒྱ་ནག་གི་དཔལ་འབྱོར་དར་རྒུད་ཀྱི་གནས་སྟངས་ཅི་ཡིན་ནི་བསྐལ་བ་བཟང་བའི་དུས་སུའང་ཤེས་དཀའ། རྒྱ་ནག་གཞུང་གིས་དཔལ་འབྱོར་ཐོན་སྐྱེད་ཀྱི་གཞི་གྲངས་ལོག་པ་ཕྱིར་བསྒྲགས་བྱེད་པའམ། ཡང་ན་སྐབས་འགར་གྱི་དཔལ་འབྱོར་ཐོན་སྐྱེད་ཀྱི་གཞི་གྲངས་ཕྱི་རུ་མ་བསྒྲགས་པར་ཉམས་ཞིབ་པ་ཚོས་ཚོད་དཔག་མི་ཐུབ་པའི་དཀའ་ངལ་རྒྱུན་དུ་འཕྲད།
མཇུག་སྒྲིལ་ལ་ཉེ་བའི་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ཐེངས་༢༩ པའི་ཐོག་ཕྱོགས་སོ་སོའི་བར་མ་དངུལ་སྐོར་གྱི་གྲོས་མཐུན་ཞིག་ལ་འདོད་བློ་མ་ཁེངས་པར་ཕན་ཚུན་སྐྱོན་བརྗོད་དང་འཁང་ར་བྱེད་རེས་བྱས་ཡོད་པ་དང་། འགལ་ཟླ་མང་པོ་ཞིག་སེལ་ཐུབ་མེད་པའི་གནས་སྟངས་འོག་ཚོགས་ཆེན་དེ་བཞིན་དེ་རིང་གཟའ་པ་སངས་ཉིན་ལ་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་ཁོང་གི་རྒྱལ་སྲུང་བློན་ཆེན། དེ་བཞིན་ཧ་མ་སིའི་འགོ་ཁྲིད་བཅས་ལ་ཨི་སི་རལ་དང་ཧ་མ་སིའི་དམག་འཁྲུག་དང་འབྲེལ་ཐོགས་དམག་གི་ཁྲིམས་ཉེས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཁྲིམས་འགལ་གྱི་གྱོད་འཛུགས་འོག་འཛིན་བཟུང་གི་བཀའ་རྒྱ་གནང་ཡོད་པ་ནོར་བུ་བསམ་འཕེལ་ནས།
ཡུག་ཀེ་རན་གྱི་Dnipro་གྲོང་ཁྱེར་ལ་ཨུ་རུ་སུས་རྒོལ་རྡུང་བཏང་པའི་མེ་ཤུགས་འཕུར་མདེལ་གྱི་མགྱོགས་ཚད་དང་ནུས་པར་གཞིགས་ན་གླིང་ཆེན་གཅིག་ནས་གཞན་ལ་འཕེན་ཐུབ་རྒྱུའི་མེ་ཤུགས་འཕུར་མདེལ་རེད་ཅེས་ཡུག་ཀེ་རན་གྱིས་སྐྱོན་འཛུགས་གནང་། འོན་ཀྱང་ཨུ་རུ་སུའི་གཞུང་གིས་དེའི་ཐད་ལན་འདེབས་གནང་མེད་པའི་སྐོར་བསོད་ནམས་དབྱངས་འཛོམས་ནས།
༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ནས་བཟུང་། ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་ཏུ་མཐུན་གྲོགས་བསྒྲིགས་པ་དང་དགྲ་ཟླར་གྱུར་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡག་ཏུ་བཏང་ནས་ཌོ་ནལ་ཊམ་ལ་ཁ་གཏད་གཅག་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་གཞུང་གསར་པ་དེས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་མཁྲེགས་པོ་དེ་བཞིན་སྒོ་ཁྲལ་དང་ཚོང་འབྲེལ་གྱི་ཁྱབ་ཁོངས་ཁོ་ན་ཙམ་ལ་གནས་མི་སྲིད་པ་མཚོན་གྱི་ཡོད་པ་རེད་ཅེས་ཆེད་མཁས་པ་ཚོས་གསུངས་ཡོད་པའི་སྐོར་གྱི་རྩོམ་ཡིག་ཅིག་གཤམ་གསལ།
ཟླ་བ་གཉིས་ཀྱི་གོང་དུ་ལེ་བྷ་ནོན་ནང་སེ་རི་ཡ་ནས་སྐྱབས་བཅོལ་བ་མི་གྲངས་ས་ཡ་ཕྱེད་ཙམ་ཞིག་འབྱོར་བ་ཚོར་ལེ་བྷ་ནོན་དུ་ཡང་གཏོར་རྒོལ་ཕོག་གི་ཡོད་པར་བརྟེན་སྐྱབས་བཅོལ་བ་མང་པོ་ཞིག་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་སྐོར་། ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད་།
ཨ་རིའི་བདམས་ཐོན་སྲིད་འཛིན་ཊམ་གྱིས་དྲུང་ཆེ་གཙོས་པའི་ལྷན་ཁང་ཁག་གི་འགོ་ཁྲིད་ལ་མཚན་བཏོན་པ་ཁག་ཅིག་ནི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཕྱོགས་གཉིས་ཀས་རྩོད་གཞི་ཅན་གྱི་མི་སྣར་བརྩི་བཞིན་ཡོད། གྲོས་ཚོགས་འོག་མའི་ཚོགས་གཙོ་ཇོན་སན་གྱིས་ཊམ་ལ་གནས་བབས་འགྱུར་བ་གཏོང་རྒྱུའི་དབང་ཚད་གནང་ཡོད་རེད་ཅེས་གསུངས་ཡོད།
འདས་པའི་ལོ་སུམ་ཅུའི་རིང་འབྲུག་གཞུང་གིས་ཆབ་འབངས་ལ་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་། ཕྲུ་གུའི་ཤེས་ཡོན་སློབ་སྦྱོང་བཅས་པ་རིན་མེད་དུ་མཁོ་སྦྱོར་བྱས་ཏེ་མིའི་ཚེ་ཚད་རིང་དུ་སོང་ཡང་འབྲུག་པའི་ཤེས་ཡོན་ཅན་རྣམས་ཕྱི་རྒྱལ་དུ་གནས་སྤོར་བྱ་རྒྱུ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
ཨུ་རུ་སུས་ཡུག་ཀེ་རན་ལ་འདས་པའི་དུས་ཡུན་མང་པོའི་རིང་གི་མཁའ་ལམ་ཐོག་ནས་རྒོལ་རྡུང་ཆེ་ཤོས་དེ་བཏང་ཡོད་ཅིང་། ཡུག་ཀེ་རན་གྱི་རྒྱལ་ས་ཀིབ་ལ་ཨུ་རུ་སུའི་དམག་གིས་འཕངས་པའི་འབར་མདེལ་མང་པོ་ཡུག་ཀེ་རན་གྱི་མཁའ་དབྱིངས་འགོག་སྲུང་མ་ལག་གིས་བཀག་འགོག་བྱས་ཡོད་འདུག
མང་སྣོན།