༄༅།། ལྷོ་ཀོ་རི་ཡའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཡོན་སུག་ཡོལ་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་ཅེས་བཀའ་ཕབ། ཕྱི་ཟླ་༡༢་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲིམས་བསྡམས།
ཡུག་ཀེ་རན་གྱི་དམག་འཁྲུག་ཆེད་ཨུ་རུ་སུའི་ཁོངས་སུ་བྱང་ཀོ་རི་ཡའི་དམག་མི་བཏང་ནས་ནུས་པ་ཆེ་རུ་གཏོང་ཐབས་བྱས་ཡོད་པ་དང་། ཡང་རྒྱ་ནག་གིས་སོ་སོའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་བྱེད་སྟངས་ལ་ཚོད་འཛིན་བྱེད་དགོས་ཀྱི་རེད་ཅེས་ཨ་མི་རི་ཀས་སྐུལ་མ་བྱེད་བཞིན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨི་སི་རལ་གྱིས་གྷ་ཛའི་ནང་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་འཛུགས་བྱས་ཡོད་པ་དང། འདི་ནི་གྷ་ཛའི་དམག་འཐབ་དེ་འགོ་ཚུགས་པ་ནས་བཟུང་ཐོབ་ཐང་ཚོངས་པ་འདིས་ཨི་སི་རལ་ལ་ཉེས་འཛུགས་དེ་འདྲ་བྱས་པ་ཐོག་མ་དེ་ཡང་ཆགས་ཡོད། ཨི་སི་རལ་གྱིས་སྐྱོན་བརྗོད་དེར་ངོས་ལེན་བྱེད་ཀྱི་མེད།
སི་རི་ཡའི་གྱེན་ལོག་པ་ཚོས་ཨ་ལེ་པོ་དང་ཧ་མ་སོགས་གྲོང་ཁྱེར་དང་གྲོང་རྡལ། གྲོང་ཚོ་བཅས་ས་གནས་༢༥༠་ལྷག་བླངས། གཟའ་འཁོར་གཅིག་གི་ནང་དུ་སི་རི་ཡའི་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་ཁྱོན་ལྡབ་གཉིས་རྒྱ་བསྐྱེད།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་ཉེ་ལམ་སྐུ་གཤེགས་པའི་བོད་བཞུགས་མཁས་པ་ནོར་བྲང་ཨོ་རྒྱན་ལགས་དམ་པ་དེའི་མཛད་རྗེས་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་དམར་ཤོག་ཚོགས་པས་རིག་གཞུང་རྨེག་མེད་གཏོང་བར་གདོང་ལེན་ཆེད་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་པ། ཁུ་ནུ་སྟོད་སྨད་བར་གསུམ་གྱི་་བརྟན་བཞུགས་བཅས་ཡོད། ཀུན་གླེང་དུ་ཉེ་ལམ་སྐུ་གཤེགས་པའི་བོད་བཞུགས་མཁས་པ་ནོར་བྲང་ཨོ་རྒྱན་ལགས་དམ་པ་དེའི་མཛད་རྗེས་ཐད་བགྲོ་གླེང་ཞུ།
ནུབ་ཆིངས་ཀྱི་ཚོཊ་མི་རྒྱལ་ཁག་བརྒྱད་དང་ཨུ་རུ་སུས་མཐའ་བསྐོར་བའི་བྷོལ་ཊིག་མཚོའི་མཚོ་འོག་གི་རྨང་གཞི་འཛུཊ་སྐྲུན་གྱི་ཏར་སྐུད་དང་སྦུབས་མདོང་ལ་གཏོར་བཤིག་གི་དོན་རྐྱེན་མང་དུ་ཕྱིན་པ་དང་འབྲེལ་ནས་ཉེན་ཁ་གསར་པ་ཞིག་ཤར་ཡོད་པས་སྒྲིག་འཛུགས་དེས་ཉེན་ཁ་སྔོན་འགོག་དང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།
སེ་རི་ཡའི་ནང་དུ་གྱེན་ལོག་པར་རྒྱལ་ཁ་མྱུར་པོ་ཐོབ་བཞིན་པ་དེས་ཏུར་ཀི་དང་ཨི་རན། ཨུ་རུ་སུ་བཅས་ཀྱི་དབར་ལ་འགལ་ཟླ་བཟོ་སྲིད་ཀྱང་གསུམ་པོས་སོ་སོའི་ཁེ་ཕན་གཟིགས་སུ་བཟུང་བའི་ཕྱི་སྲིད་སྤེལ་སྲིད་པ་ཏུར་ཀི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་གནང་པའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ་རྒྱུ
ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་ཕྱིར་ཚོང་གི་ཡོང་འབབ་བརྒྱ་ཆ་༢༡་ཉུང་དུ་ཕྱིན་འདུག
གཟའ་འཁོར་འདིའི་གོང་ལ་སྲིད་འཛིན་བྷ་ཌན་གྱིས་ཁོང་གི་བུ་ལ་ཉེས་ཡང་གནང་ཡོད་ཅིང། སྲིད་འཛིན་གྱིས་ལས་དུས་རྫོགས་ལ་ཉེ་བའི་སྐབས་སུ་ཉེས་ཡང་གནང་རྒྱུ་དེ་ནི་ཨ་རིའི་ཆབ་སྲིད་ནང་དཀའ་རྙོག་ཆེ་བའི་གནད་དོན་ཞིག་ཆགས་ཡོད་པའི་སྐོར་གྱི་གནས་ཚུལ་ཀུན་བཟང་རིག་འཛིན་གྱིས་ཕབ་སྒྱུར་བྱས་ཡོད།
རྒྱ་གར་གཞུང་དང་ལ་དྭགས་ཀྱི་སྐུ་ཚབ་ཚོ་བྷོ་ཊིའམ། བོད་ཡིག་དང་ཨུར་རྡུ་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱ་རྒྱུའི་གྲོས་འཆམ་བྱུང་།
༄༅། འཇོ་ཇི་ཡའི་སྲིད་འཛིན་ལྕམ་ཛུ་ར། བྷི་ཆི་ཝི་ལི་ཡིས་རང་གཞུང་གི་ལངས་ཕྱོགས་ལ་རྒྱབ་བརྒལ་བཏང་སྟེ་ ཡུ་རོབ་རྒྱལ་ཁབ་ཁག་གིས་ཁོང་གི་ཡུལ་ནང་ཨུ་རུ་སུའི་ཤུགས་རྐྱེན་བཀག་འགོག་གནང་རོགས་ཅེས་སྐུལ་མ་གནང་ཡོད་པའི་སྐོར།
སྲིད་འཛིན་བྷཱ་ཡེ་ཌེན་མཆོག་གིས་རང་ཉིད་ཀྱི་སྲས་ཧན་ཊར་བྷཱ་ཡེ་ཌེན་གྱི་ནག་ཉེས་ཁག་ཕྱག་ཡངས་གནང་གི་མིན་ཞེས་དེ་སྔོན་དམ་བཅའ་གནང་ཡོད་རུང་། ཡིན་ན་ཡང་། ཁ་ཉིན་གཟའ་ཉི་མའི་ཉིན་ཁོང་གིས་རང་ཉིད་ཀྱི་དམ་བཅའ་དེ་དག་ཟློག་སྟེ་རང་ཉིད་ཀྱི་སྲས་ཀྱི་ནག་ཉེས་ཁག་ཕྱག་ཡངས་གནང་ཡོད་པ་དེར་མི་མང་པོ་ཧ་ལས་ཀྱི་ཡོད་སྐོར།
བདམས་ཐོན་སྲིད་འཛིན་གྱི་ལས་ཡུན་གསར་པའི་ནང་གློག་གི་མོ་ཊ་བཟོ་ཚོང་ཁང་རྣམས་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་ནི་ཊེ་སི་ལ་གློག་གི་མོ་ཊ་བཟོ་ཚོང་གི་སྤྱི་ཁྱབ་འགན་འཛིན་ཨེ་ལོན མ་སི་ཀི་སྲིད་འཛིན་གྱི་སློབ་སྟོན་པ་གཙོ་བོའི་གྲས་ལ་ཡོད་པ་དེ་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡར་ནང་འཁྲུག་ལངས་ཏེ་ལོ་༡༣་ཕྱིན་པའི་སྐབས་འདིར་སླར་ཡང་གྱེན་ལོག་པ་ཚོར་སྟོབས་ཤུགས་རྒྱས་ནས་ཨ་ལེ་པོ་གྲོང་ཁྱེར་བླངས།
༄༅།། པེ་ཅིང་གི་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པས་ཨ་རིའི་ཧར་ཝར་ཌི་སློབ་ཆེན་ཐོན་པའི་རྒྱ་ནག་གི་གསར་འགོད་པ་ཏུང་ཡུས་ཡུས་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད།
༄༅།། རྒྱ་ནག་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་གནས་དབྱུང་བཏང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག
ཨ་རིས་བར་འདུམ་བྱས་པའི་ཐོག་ནས་ཨི་སི་རལ་དང་ཧེ་ཛི་བྷུ་ལའི་བར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་བཞག་ཐུབ་ཡོད་པ་དང། གྲོས་མཐུན་འདིའི་ཐོག་ནས་ཨི་སི་རལ་དང་ཧ་མ་སི་གཉིས་ཀྱི་དམག་འཐབ་འདི་ཡང་མཚམས་འཇོག་ཡོང་རྒྱུ་མང་པོས་རེ་བ་བྱེད་བཞིན་ཡོད་པ་རེད།
ཉེ་ཆར་ཨུ་རུ་སུས་ཡུག་ཀེ་རན་གྱི་ས་ཆ་ཁག་གཅིག་ལ་རྡུལ་ཕྲན་ནུས་ཤུགས་ཀྱི་མདེལ་མགོ་འཁུར་ཐུབ་པའི་མེ་ཤུགས་འཕུར་མདེལ་བེད་སྤྱོད་བཏང་པ་ནས་བཟུང་དམག་འཁྲུག་གནས་སྟངས་བློ་ཚབས་ཆེ་རུ་ཕྱིན་ཡོད་པ་རེད། དེའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
རྒྱ་གར་གྱི་ཕྱུག་བདག་ཚོང་པ་གོ་ཏམ་ ཨ་ཌ་ནི་ལ་ཨ་རིའི་ནང་ནག་ཉེས་གྱོད་འཛུགས་བྱུང་བ་དེར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་རྙོག་གླེང་ཆེན་པོ་བྱུང་རྗེས་ཉིན་གཉིས་པར་གྲོས་ཚོགས་ལས་མཚམས་བཞག་འདུག་པའི་སྐོར།
མང་སྣོན།