བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་ ༢ པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་བཞིན།
སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་རྣམ་པར་གྲོས་ཚོགས་མུ་མཐུད་དུ་ཚོགས་ཐུབ་ཐབས་སྐོར་དང་། གཞི་རིམ་མི་མང་གི་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་བཅས་གནད་དོན་གཉིས་ཀྱི་ཐོག་ལ་བཞུགས་མོལ་ཚོགས་འདུ་ཞིག་འཚོག་རྒྱུའི་བརྡ་ཁྱབ་གནང་འདུག་ཀྱང་དེའང་ཚོགས་ཐུབ་མེད། སྤྱི་འཐུས་ཁག་ཅིག་གིས་རྒྱུ་མཚན་འགྲེལ་བརྗོད་བྱས།
གཟའ་སྤེན་པའི་ཉིན་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་རྣམ་པར་ཉིན་དེའི་ཉིན་རྒྱབ་གྲོས་ཚོགས་མུ་མཐུད་དུ་ཚོགས་ཐུབ་ཐབས་སྐོར་དང་། གཞི་རིམ་མི་མང་གི་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་བཅས་གནད་དོན་གཉིས་ཀྱི་ཐོག་ལ་བཞུགས་མོལ་ཚོགས་འདུ་ཞིག་འཚོག་རྒྱུའི་སྤྱི་འཐུས་སོ་སོར་བརྡ་ཁྱབ་གནང་འདུག་ཀྱང་ཚོགས་འདུ་ཚོགས་ཐུབ་མེད་པ།
སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་སྤྱི་འཐུས་ཞིག་ལ་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་ཞིག་ཐུག་འཕྲད་བྱུང་ཡོད་མེད་ཀྱི་གནད་དོན་དང་འབྲེལ་ཏེ། བཅའ་ཁྲིམས་དགོངས་དོན་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ལོན་པར་བརྟེན། ཚོགས་འདུ་གནས་སྐབས་རིང་ཕྱིར་བཤོལ་བྱེད་དགོས་བྱུང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པེ་རམ་སིང་རྟ་མང་མཆོག་གིས་དབུ་ཁྲིད་པའི་འབྲས་ལྗོངས་གཞུང་གི་ཆོས་རིག་བློན་ཆེན་སོ་ནམ་བླ་མ་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཏེ། ༧མགོན་པོ་གང་ཉིད་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་གནང་རྒྱུའི་ཞལ་བཞེས་མཛད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པེ་རམ་སིང་རྟ་མང་མཆོག་གིས་དབུ་ཁྲིད་པའི་འབྲས་ལྗོངས་གཞུང་གི་ཆོས་རིག་བློན་ཆེན་སོ་ནམ་བླ་མ་མཆོག་དང་། དེ་བཞིན་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་འདུག
དེ་རིང་གི་གསར་འགྱུར་ཕྱོགས་བསྡུས་ནང་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས། ཏཱ་ལའི་བླ་མའི་ཉིན་མོ་སྲུང་བརྩི། གཞི་རིམ་མི་མང་གི་རེ་འབོད་ལས་འགུལ། ཨ་རྒྱ་གཉིས་ཀྱི་དཔོན་རིགས་ཐུག་འཕྲད། དབུ་ལམ་ཚོགས་བཅར་བར་སྩལ་བའི་བཀའ་སློབ་བཅས་ཡོད།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ཏེ་མི་ལོ་༡༥འཁོར་བའི་མཛད་སྒོ་དང་དབུ་མའི་ལམ་གྱི་ཉིན་མོ་དུས་གཅིག་ཏུ་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ལམ་རེས་གཟའ་པ་སངས་ཀྱི་མཚན་མོར་བྱང་ཨ་ཧྥི་རི་ཀའི་རྒྱལ་ཁབ་མོ་རོ་ཀོའི་ནང་ས་ཡོམ་གྱིས་གོད་ཆགས་བྱུང་བར་ཡུལ་དེའི་མི་མང་འདས་སོན་ཡོངས་ལ་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འཕྲིན་ཞིག
སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་མ་གྷེ་རིས་ཏ་མཆོག་གིས་སྣེ་འཁྲིད་པའི་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཕྱི་ཟླ་༩ ཚེས་༢ ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས།
བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་སྤྱིའི་ཉིན་མོ་དང་སྟབས་བསྟུན་ནས་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་དང་། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར།
ཨ་རིའི་དབུས་གཞུང་ཁྲིམས་དཔོན་ཞིག་གིས་སྲིད་འཛིན་ཟུར་པ་ཊམ་གྱིས་༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་འགྱུར་ལྡོག་གཏོང་རྒྱུའི་ངན་ཇུས་ཀྱི་ཉེས་འཛུགས་ཐོག་ཁྲིམས་ཞིབ་ཀྱི་དུས་ཚེས་ནི་ཕྱི་ལོའི་ཟླ་གསུམ་པའི་ནང་གཏན་འབེབ་གནང་ཡོད་པར་བརྟེན་ཁྲིམས་ཞིབ་དེ་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་དུས་དཀྱིལ་དུ་འཁེལ་གྱི་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་བསྐྱངས་གནང་གྲུབ་སྟེ་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། མང་ཚོགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་མཁའ་དབྱིངས་རྟོག་ཞིབ་འཚོལ་ལེན་འཕྲུལ་ཆས་ཟླ་བའི་ལྷོ་སྣེ་རུ་བདེ་བླགས་ངང་བབས་ཐུབ་ཡོད་པ་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད་ཅེས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་ཕྱི་ཟླ་༨ ཚེས་༢༤ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་སྩལ་གནང་མཛད་འདུག
བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་གདོང་ལེན་བྱ་ཕྱིར་བོད་ཀྱི་འགྲེམས་སྟོན་ཁང་གིས་ལོ་རྒྱུས་ལྡན་པའི་ས་ཁྲ་མང་པོར་ཞིབ་འཇུག་དང་འཚོལ་བསྡུད་ཀྱིས། བོད་ཀྱི་ས་ཁྲ་ཞེས་པའི་བརྗོད་གཞིའི་ཐོག་ལ་དུས་ཐུང་འགྲེམས་སྟོན་ཞིག་ཚོགས་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་བོད་པའི་སློབ་མ་ཁག་ཅིག་ལ་རྡ་སའི་ཉེ་འཁྲིས་སུ་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཞིག་ཉིན་ལྔའི་རིང་འཚོག་བཞིན་པ་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་ཆེད་ཡིན་པ་འགྲེལ་བརྗོད་གནང་
བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་བའི་མི་ཚེའི་མྱོང་བ་གཞིར་བཞག་པའི་བྱིས་སྒྲུང་། ཕུན་ཚོགས་ཉི་སྒྲོན་ཞེས་པ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་པར་སྐྲུན་གནང་བ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས།
གསར་འགྱུར་ཕྱོགས་བསྡུས། ཨ་ཉག་སེང་སྒྲའི་བསྐྱར་གཏུག་ལ་འགོག་རྐྱེན། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ས་ཡིན་པའི་གྲོས་ཆོད། ཕྱི་དྲིལ་བཀའ་བློན་གྱི་ཉི་ཧོང་འཚམས་གཟིགས། རྒྱལ་སྤྱིའི་བོད་རིགས་གཞོན་སྐྱེས་ཚོགས་འདུ་དབུ་འབྱེད། ཨི་རན་གྱི་བུད་མེད་ཚོར་གདོང་ཁེབས་དགོས་པའི་དམ་དྲག བཅའ་སྒྲིག་བསྐྱར་བཅོས་བསམ་ཚུལ་ཡིག་ཐོག་ཕུལ་དགོས།
དཔེ་ཀློག་ལེ་ཚན་ནང་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་གཉེར་བ་ནོར་བུ་ལགས་སུ་པད་གཞུང་ཟླ་བ་ཆུང་བདག་གིས་བརྩམས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་བོད་བཙན་པོའི་དུས་ཀྱི་དམག་ཁྲིམས་ཡིག་རྙིང་གི་ཚིག་འགྲེལ་དང་ཞིབ་འཇུག་ཅེས་པའི་དཔེ་དེབ་ཐད་གླེང་མོལ་ཞུ་རྒྱུ་ཡིན།།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛི་ཡ་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༡ བར་རྒྱ་གར་དང་བྷང་ལ་དྷེ་ཤི་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་
མང་སྣོན།