བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ལྷོ་ཀོ་རི་ཡ་ནས་ཕེབས་པའི་ནང་པའི་དད་ལྡན་རྣམས་ལ་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་སྟེ། སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཏུ་ཚན་རིག་དང་ནང་པའི་མཁས་པ་ཚོས་ཕྱི་ཟླ་༡༠་ཚེས་༢༩་ནས་༣༠་བར་དུ་ཉིན་གཉིས་ལ་བགྲོ་གླེང་ཚོགས་འདུ་ཞིག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཚོགས་འདུག
ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ Huang Yu-Lin ལགས་ཀྱིས་སྣེ་ཁྲིད་འོག་ཐེབས་རྩ་ཁང་དེའི་སློབ་སྟོན་པ་དང་། འགན་འཛིན་གཞོན་པ་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཡོད་པ།
བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ། སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་དང་ནང་པའི་མཁས་དབང་དབར་ཉིན་གྲངས་གཉིས་་རིང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཚོགས་གནང་ཡོད་པ་རེད།
ཐེངས་འདིའི་ཁ་བའི་མི་སྣའི་ལེ་ཚན་ནང་། ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་། ༧སྐུའི་བླ་སྨན་པའི་མཛད་འགན་བཞེས་ཕྱོགས་དང་འབྲེལ་བའི་ཐད་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་མཆོག་གདན་འདྲེན་ཞུས་ནས་གླེང་མོལ་ཞུས་ཡོད།
རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༥༠ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་ཆེན་ཉིས་འཛོམས་དེ་བཞིན་ཟླ་ ༡༠ ཚེས་ ༢༦ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དགའ་ལྡན་ཁྲི་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཀྱིས་སྲུང་བརྩི་ཞུས་གནང་སོང་།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་༥༠ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་༢༥ འཁོར་བའི་དམིགས་བསལ་དུས་ཆེན་ཉིས་འཛོམས་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱིས་སྲུང་བརྩི་ཞུས་གནང་སོང་།
རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་དང་། གཞིས་བྱེས་ལྷ་ངམ་ཕུན་གསུམ། སེར་བྱེས་ཧར་གདོང་ཁང་ཚན། བོད་མིའི་ཚོང་ལས་བདེ་ཚོགས་བཅས་ཐུན་མོང་ནས་༧གོང་ས་མཆོག་ལ་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་སོང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་དང་བསྟུན་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཡིག་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ནང་ནས་དམིགས་བསལ་བརྒྱུད་རིམ་གྱི་འགྱུར་དེབ་ཅིག་དབུ་འབྱེད་གནང་ཡོད་པ།
རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཟླ་བ་དང་བསྟུན་ནས་རྡ་ས་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་འཕྲུལ་རིགས་བདེ་འཇགས་སྦྱོང་བརྡར་གྱི་གོ་རྟོགས་ལས་འགུལ་ཞིག་ཐེངས་དང་པོར་སྤེལ་གནང་སོང་ལ། ལས་འགུལ་འདི་དང་འབྲེལ་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་བྱེད་བློ་བཟང་ཚེ་བརྟན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཛི་ལན་ཌིའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཁི་རེ་སེ་ ལཱག་སའན་ རྒྱལ་ཁབ་དེའི་སྲིད་བློན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་རིང་མིན་ནིའུ་ཛི་ལན་ཌིའི་སྲིད་བློན་གྱི་མཛད་འགན་བཞེས་གནང་རྒྱུར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཛི་ལན་ཌིའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ ཁི་རེ་སེ་ ལཱག་སའན་ རྒྱལ་ཁབ་དེའི་སྲིད་བློན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་རིང་མིན་ནིའུ་ཛི་ལན་ཌིའི་སྲིད་བློན་གྱི་མཛད་འགན་བཞེས་གནང་རྒྱུར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་ཆེད་ཕྱི་ལོ་ ༡༩༥༠ ནས་ ༢༠༡༡ བར་གྱི་མཛད་རྗེས་ལས་བོད་མིའི་སྤྱི་ཚོགས་འདི་བཞིན་མང་གཙོའི་ལམ་ལུགས་སམ་ཁྲིམས་གྱི་དབང་བསྒྱུར་དུ་ཇི་ལྟར་འཁྲིད་གནང་མཛད་པའི་བྱུང་བ་འཁོད་པའི་༼ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་
འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཨི་རན་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལྕམ་ ནཱར་གི་སེ་ མོ་ཧཱ་མཱཌེ་ མཆོག་ལ་ཕུལ་གནང་བར་༧གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པའི་སྐོར།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་ཕྱི་ལོ་༡༩༢༦་ནས་༡༩༦༨་བར་དུ་ཁྱོན་བསྡོམས་མི་ལོ་༤༢་ཡས་མས་སུ་རྒྱལ་དབང་སྐུ་ཕྲེང་གཉིས་ཀྱི་རིང་སྲི་ཞུ་བསྒྲུབས་པའི་བཀའ་ཟུར་ལྕོག་སྟེང་ཐུབ་བསྟན་ནོར་བཟང་གི་སྐུ་ཚེའི་ལོ་རྒྱུས་ཏེ། བྱ་བ་ལས་ཀྱི་འཁོར་ལོའི་རྣམ་གཞག་ཅེས་པའི་བརྗོད་བྱ་སོགས་ལ་བོད་གནས་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་དང་ལྷན་གླེང་མོལ་ཞུས།
ཡུ་རོབ་དང་བོད་མིའི་སྒྲིག་འཛུགས་གཉིས་བར་གྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་དང་བྱེ་བྲག་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ནས་ཕྱི་ཟླ་༡༠ ཚེས་༦ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྡ་རམ་ས་ལའི་ཁུལ་གྱི་གསར་ཁང་ཁག་ཆེད་འབོད་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས།
རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་སྐུ་འཁྲུངས་ནས་མི་ལོ་ ༡༥༤ ཕྱིན་པའི་འཁྲུངས་ཚེས་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གྱི་ཐོག་ནས་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་གངས་སྐྱིད་སྲི་ཟློག་མཆོད་རྟེན་མདུན་དུ་སྲུང་བརྩི་ཞུས་གནང་སོང་བ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་གནས་ཚུལ་ངོ་སྤྲོད་བྱས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཱཡན་ཧྥེན་སེ་ཊིན་མཆོག་དགུང་གྲངས་༩༠ ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གསན་འཕྲལ་མགོན་པོ་མཆོག་ནས་ལྕམ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག།
མང་སྣོན།