སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་བའི་ལས་དོན་མུ་མཐུད་སྐྱོང་དགོས་རིགས་ཕྱི་ལོ་ ༢༠༢༣ ཕྱི་ཟླ་༡༢ ཚེས་༢༥ ནས་ཉིན་ལྔའི་རིང་བསྐྱང་གཏན་འཁེལ་བ་གསལ་བསྒྲགས་བྱས་ཀྱང་། སྤྱི་འཐུས་༡༦ ནས་གྲོས་ཚོགས་སུ་ཚོགས་བཅར་ཐུབ་མིན་ཡིག་ཐོག་དགོངས་ཞུ་འབྱོར་བར་བརྟེན། ཚོགས་འདུ་དེ་༢༠༢༤ ཟླ་ ༣ ཚེས་༡༣ ནས་༡༦ བར་བསྐྱང་གཏན་འཁེལ་སོང་།
ནང་པའི་དགེ་འདུན་པའི་བགྲོ་གླེང་གོ་སྒྲིག་པར་མཇལ་ཁ། མགོན་པོ་སྐྱིད་ཀྱི་སྐུ་ཟླ་གློད་ཀྱང་ཁོ་མོ་མུ་མཐུད་བཀག་ཉར། ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་འདས་གྲོངས། མཚོ་སྔོན་དང་ཀུན་སུའུ་ཁུལ་དུ་ས་ཡོམ་གྱི་གོད་ཆགས། སྤྱི་འཐུས་རྣམ་པའི་ལྡི་ལིའི་བོད་དོན་ཞུ་སྐུལ་རེ་ཞིག་མཇུག་སྒྲིལ།
༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་སྐབས་དུས་སོ་སོར་མཇལ་རྒྱུའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་ཞིག་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་དྷིར་ཤཱར་མ་རྣམ་གཉིས་ནས་དབུ་འབྱེད་གནང་སོང་།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་ཕྱི་ཟླ་༡༢ ཚེས་ ༩ དང་ ༡༠ གཉིས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དུས་སྟོན་དང་བསྟུན། ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་དང་ལྷན་བལ་ཡུལ་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞིབ་འཇུག་སྙན་ཐོ་དབུ་འབྱེད་གནང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་ཕྱི་ཟླ་ ༡༢ ཚེས་ ༩ དང་ ༡༠ བཅུའི་ཉིན་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བལ་ཡུལ་ནང་གི་བོད་མི་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་ཞིབ་འཇུག་གིས་སྙན་ཐོ་ཞིག་སྤེལ་འདུག།
གསར་འགྱུར་ཕྱོགས་བསྡུས། ༧གོང་ས་མཆོག་ནང་པའི་ཚོགས་མགོན་དུ་གསོལ་འདེབས། སུད་ཌན་གྲོས་ཚོགས་སུ་བོད་དོན་གྲོས་གཞི་བཏོན་པ། མེ་ཊ་ཡིས་ངོ་དེབ་ཁ་བྱང་རྫུན་མ་ཕྱིར་འདོན། ཚོགས་པ་ལྔས་ལྡི་ལིར་བོད་དོན་ཞུ་གཏུག་ལས་འགུལ། ཨ་རྒྱའི་འགྲིམ་འགྲུལ་གནས་སྐབས་བཀག་སྡོམ་འབོད་སྐུལ། བོད་ནང་གྲོང་ཚོ་གནས་སྤོར་མདུན་ལམ་ངེས་གཏན་མེད་པ།
ཕྱི་ཟླ་༡༡ ཚེས་༢༩ ཉིན་ཨ་རིའི་གྲོས་ཚོགས་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་དོན་ཁྲིམས་འཆར་ལ་ཉན་ཞིབ་གནང་རྗེས་སྤྱི་མོས་ཀྱིས་བཀའ་ཁྲོལ་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་རྗེ་ཆེ་ཞུས། ཁྲིམས་འཆར་གྱི་ནང་དོན་དང་གནད་འགག་སོགས་ཀྱི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་ངོ་སྤྲོད་གནང་།
བོད་མིའི་སྒྲིག་འཛུཊ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་ཟུར་གྲ་ཕྱི་བློ་བཟང་དར་རྒྱས་མཆོག་ཁ་སང་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་གསུམ་དང་སྐར་མ་བཅུའི་ཐོག་ཀངྒ་ར་ཊན་ཊ་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་འོག་རྒྱ་གར་བ་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་བཞུགས་སྒར་ཁུལ་དུ་ཡུལ་སྐོར་དང་གནས་མཇལ་སོགས་སུ་ཕེབས་མཁན་རྣམས་ལ་དམིགས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་༡༡ཚེས་༢༠ ནས་སྐོར་བསྐྱོད་འགྲེམས་སྟོན་གྱི་ལམ་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་ཅིང་།
བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་ལམ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ཅིག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།
ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ནི་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཡིན་པ་ལྟར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་རྩོམ་པ་པོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་དེ་རིང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དུས་དྲན་དེ་སྲུང་བརྩི་ཞུས།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་ནང་གནས་སྡོད་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་གནས་ཡུལ་ས་གནས་སུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཐབས་བྱུས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཞིག་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་རྒྱབ་ནས་རྡ་ས་དབུས་སྣེ་ལེན་ཁང་འཛིན་སྐྱོང་སྦྱོར་བརྡར་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༥ པ་དེ་ཉིན་གྲངས་བཞི་རིང་འཚོགས་གནང་སྟེ། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་དང་ནང་སྲིད་དྲུང་ཆེ། དྲུང་འཕར་རྣམ་པ་བཅས་དབུ་བཞུགས་ཀྱིས་གངས་སྐྱིད་ལས་བྱེད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་མཇུག་སྒྲིལ་གནང་སོང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་དབུ་བཞུགས་ཐོག་ཏུ་འགྲོ་བ་མིའི་བདེ་ཐབས་གོང་མཐོར་གཏོང་ཐབས་ཀྱི་ཚོགས་འདུ་ཞིག་ཚོགས་པར་ཆེད་ཕེབས་གནང་མཁན་ཡུ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཁག་ཅིག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་ཡོད་པ་རེད།
བཙན་བྱོལ་ནང་ཡོད་པའི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་རིག་ནུས་ཀྱི་ལས་རིམ་ནང་༢༠༢༣ལོའི་སྨོན་ལམ་མངོན་འགྱུར་ཞེས་ཡིག་སྒྱུར་རིག་ནུས་དང་འབྲི་ཀློག་རིག་ནུས། ཡིག་གཟུགས་ངོས་འཛིན་རིག་ནུས་བཅས་པ་ལེགས་གྲུབ་ཀྱིས་ཚོད་ལྟའི་རིམ་པ་དང་པོ་འདི་དངོས་སུ་དབུ་འབྱེད་གནང་ཡོད་པས་འབྲེལ་ཡོད་སྐོར་
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དུས་ཀྱི་དགོས་མཁོར་དམིགས་ཏེ་ཡིག་སྒྱུར་རིག་ནུས་དང་། འབྲི་ཀློག་རིག་ནུས། ཡིག་གཟུགས་ངོས་འཛིན་རིག་ནུས་བཅས་ཀྱི་དཔེ་གཞི་ཚོད་ལྟ་རིམ་པ་དང་པོ་ལེགས་གྲུབ་ཀྱིས་སྨོན་ལམ་མངོན་འགྱུར་ཞེས་པ་ཞིག་དབུ་འབྱེད་ཀྱི་མཛད་སྒོ།
མང་སྣོན།