སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་གི་ལས་དོན་ཚོགས་འདུ་དེ་བཞིན་དེ་རིང་ཕྱི་ཟླ་༣ཚེས་ ༡༣ ཉིན་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ཚེས་ ༡༨ ནས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བདུན་པ་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་གཏན་འཁེལ་ཡོད་པ་རེད།
དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚང་མས་རྒྱ་ནག་གིས་བཙན་འཛུལ་ལ་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་༦༥ཕྱིན་པའི་ཉིན་མོ་ཡིན་སྟབས། བཙན་བྱོལ་བོད་ཀྱི་བཀའ་སྤྱི་གཉིས་ཀྱིས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་། དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་སོང་།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥ པ་བལ་ཡུལ་རྒྱལ་ཁབ་ནང་གཞུང་འབྲེལ་སྲུང་བརྩི་བྱ་རྒྱུར་བཀའ་འཁྲོལ་ཐོབ་མེད་པར་མ་ཟད། བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་སུ་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་ཞུས་ཡོད།
སྤྱི་ཟླ་༣ པའི་ཚེས་༨ ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤ་སཱ་ཏི་ཡར་ཐི་དང་། ཨ་རི་བ་ལྕམ་སྐུ་ཇོ་ཌི་ཝེ་ལེམ་སི་རྣམ་གཉིས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དེ་རིང་ཕྱི་ཟླ་ ༣ ཚེས་ ༦ ཉིན། ཕྱི་ལོ་ ༢༠༢༣ ལོར་ཐོན་པའི་དགེ་བཤེས་མ་སྔགས་རམས་བསླབ་པ་མཐར་སོན་བཅུ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་ཅིང་། མཇལ་ཁ་དང་འབྲེལ་བའི་སྐོར་ལ་བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་སུ་བཅར་འདྲི་ཞུས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོ་འཕྲུལ་ཟླ་བའི་སྐྱེས་རབས་གསུང་ཆོས་སྔ་རོལ་དུ་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གཙོས་ཕྱོགས་མཐའ་ཁག་གི་དོན་གཉེར་ཅན་ ༥༠༠ ཙམ་ལ་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་སྩོལ་གནང་བཞིན་པའི་སྐོར་བཞུགས་སྒར་ནས་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་བོད་ཟླ་དང་པོའི་ཚེས་བཅུ་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་སྔར་སྲོལ་གཞུང་འབྲེལ་ཚེས་བཅུ་གཟབ་གསོལ་མཛད་སྒོར་ལྷན་བཞུགས་དང་སྦྲགས། བཀའ་ཤག་གི་ལས་དོན་སྙན་སྒྲོན་ཆེད་༸གོང་ས་མཆོག་གི་གཟིམས་ཆུང་མཇལ་བཅར་ཞུས་ཡོད
ཐེངས་འདིའི་དཔེ་ཀློག་ནང་གཞིས་བཞུགས་རྩོམ་པ་པོ་གདམ་བུ་བསྟན་འཛིན་ལགས་ཀྱིས་རྩོམ་སྒྲིག་གནང་ཞིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་བའི་སྔོན་འགྲོ་ཡིག་ངག་སྦྱོར་བ་དང་ལ་སྟོད་གཞས་རྙིང་ཕྱོགས་བསྒྲིགས་སྒྲ་ལྡན་འཕྲུལ་གྱི་མེ་ལོང་ཞེས་པའི་ནང་དོན་དང་ཁྱད་ཆོས། རིན་ཐང་སོགས་ཀྱི་སྐོར་གླེང་མོལ་ཞུས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་རྐྱེན་པས་འདས་གྲོངས་སུ་ཕྱིན་པ་མང་ཤོས་ཡིན་པ་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་ལགས་ཀྱིས་གསུངས་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བཞུགས་སྒར་རྡ་ས་ལར་རྟེན་གཞི་བྱས་པའི་སྨན་རྩིས་ཁང་གི་སྐར་རྩིས་སྡེ་ཚན་གྱི་རྒན་སྙན་གྲགས་ལགས་ཀྱིས་ ལྷག་ན་སྔ་མ་དང་ཆད་ན་ཕྱི་མ་ཞུ་བ་ལྟར་འདི་ལོའི་དགུ་ཐུག་གནམ་གང་ལ་ངེས་དགོས་པ་གསུངས་པ་ལྟར་ འདི་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཆད་ཡོད་པས་ཉེར་དགུའི་བྱེད་སྒོ་དེ་དག་གནམ་གང་ཉིན་བྱེད་དགོས་པ་གསུངས་ཀྱི་ཡོད་པའི་སྐོར།
བོད་མགོ་ལོག་དགའ་བདེ་ནས་ཡིན་པ་ཁོར་ཡུག་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ལ་ཐེར་འདོན་གནང་མཁན་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་བསྐྱར་ཞིབ་དགོས་པའི་ཞུ་གཏུག་ལ་ཤི་ཨན་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ད་དུང་ཡང་ཞིབ་འཇུག་མེད་པར་ལུས་ཡོད་པ་ཨ་ཉ་སེང་སྒྲ་ལགས་སྒེར་གྱི་ཁྲིམས་རྩོད་ ལིན་ ཆི་ལའེ་ལགས་ཀྱིས་བརྗོད་ཡོད་འདུག་ཅིང་།
བལ་ཡུལ་གཞུང་དང་། རྒྱ་ནག་གཞུང་། དེ་བཞིན་རྒྱལ་སྤྱིའི་འབྲེལ་ཡོད་ཚོར་འབོད་སྐུལ་དང་གནོན་ཤུགས་སྤྲོད་ཕྱིར། བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བལ་ཡུལ་གྱི་བོད་མིའི་བཙན་བྱོལ་བའི་དོན་དུ་མཚན་རྟགས་བསྡུ་རབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་འདིར་གསལ།
བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་ཆེད་བལ་ཡུལ་གཞུང་དང་རྒྱ་ནག་གཞུང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་བཅས་པའི་འབྲེལ་ཡོད་གཞུང་དང་ཚོགས་པ་ཁག་ལ་འབོད་སྐུལ་
བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་བོད་ཀྱི་བོད་དངུལ་གྱི་བྱུང་རིམ་དང་སྤྱོད་གོ སྒྱུ་རྩལ་གྱི་མཚོན་དོན། ལོ་རྒྱུས་ཀྱི་བདེན་དཔང་སོགས་མཚོན་པའི་བོད་དངུལ་གྱི་དུས་ཐུང་འགྲེམས་སྟོན་ཞིག་ཕྱི་ཟླ་ ༡ ཚེས་ ༦ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འགྲེམས་སྟོན་ཁང་དེར་དབུ་འབྱེད་གནང་སོང་།
སྤྱི་དང་པོའི་ཚེས་༦ ཉིན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་བོད་ཀྱི་དངུལ་གྱི་བྱུང་རིམ་དང་། སྤྱོད་སྒོ། སྒྱུ་རྩལ་གྱི་མཚོན་དོན། ལོ་རྒྱུས་ཀྱི་བདེན་དཔང་སོགས་མཚོན་པའི་བོད་དངུལ་གྱི་དུས་ཐུང་འགྲེམས་སྟོན་ཞིག་སྤེལ་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་ལས་འགུལ་བ་བཅས་ཀྱི་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱུང་བའི་རྗེས་ཨ་རིའི་ཚན་རིག་བཟོ་ཚོང་ཁེ་ལས་ཁང་་ཐར་མོ་ཧྥི་ཤར་གྱིས་ད་ཆ་བོད་ནང་རིགས་རྫས་བསྡུ་ལེན་ཡོ་ཆས་ཚོང་གཉེར་བྱ་རྒྱུ་མཚམས་འཇོག་བྱས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་ལས་འགུལ་བ་བཅས་ཀྱི་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱུང་བའི་རྗེས་ཨ་རིའི་ཚན་རིག་བཟོ་ཚོང་ཁང་ཐར་མོ་ཧྥི་ཤར་གྱིས་ད་ཆ་བོད་ནང་རིགས་རྫས་བསྡུ་ལེན་ཡོ་ཆས་ཚོང་གཉེར་བྱ་རྒྱུ་མཚམས་འཇོག་བྱས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། རྒྱས་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
དཔེ་ཀློག་ལེ་ཚན་ལ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལ་གངས་ལྗོངས་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ་ཞེས་པ་ལས་མ་ཅིག་ལབ་ཀྱི་སྒྲོན་མེའི་རྣམ་ཐར་སྐོར་གླེང་མོལ་ཞུ་རྒྱུ་ཡིན།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག་ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ནས་རྒྱ་གར་གྱི་ཡུལ་མི་གཙོས་ཁུལ་འདིར་གནས་བཞུགས་བོད་རིགས་དང་བཅས་པར་རིན་མེད་སྐྱ་སྒྲིབ་གཤག་བཅོས་ཀྱི་སྨན་སྒར་ཞིག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཉིན་གྲངས་གསུམ་རིང་གཉེར་བཞིན་པ་རེད་འདུག
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག་ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ནས་རྒྱ་གར་གྱི་ཡུལ་མིས་གཙོས་ཁུལ་འདིར་གནས་བཞུགས་བོད་རིགས་དང་བཅས་པར་རིན་མེད་སྐྱ་སྒྲིབ་གཤག་བཅོས་ཀྱི་སྨན་སྒར་ཞིག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཉིན་གྲངས་གསུམ་རིང་གཉེར་བཞིན་པ་རེད་འདུག
མང་སྣོན།