རྒྱ་གར་ལ་ཡོང་མཁན་ཚོར་སྤྱི་དམངས་ཀྱི་ལག་འཁྱེར་ཚད་ལྡན་དགོས་པ།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་ཚོ་རྒྱ་གར་ལ་ཡོང་ན་འགྲིམ་འགྲུལ་ལམ་ཡིག་ལ་རྒྱ་གར་གཞུང་གིས་ཐོངས་མཆན་སྤྲོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག ལྡི་ལིའི་སྐུ་ཚབ་དོན་གཅོད་ཀྱིས་ད་ནས་བཟུང་སྟེ་ཕྱི་རྒྱལ་ནས་རྒྱ་གར་ལ་ཡོང་མཁན་བོད་པ་ཚོར་རྒྱལ་ཁབ་སོ་སོའི་སྤྱི་དམངས་ཀྱི་ལག་འཁྱེར་ངོ་མ་དགོས་ཀྱི་འདུག་ཅེས་ལམ་སྟོན་གནང་འདུག