ལ་དྭགས་ཀྱི་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གྱི་མེས་པོ་གྷན་དྷིས་ཉིན་༢༡རིང་གི་ཟས་བཅད་ངོ་རྒོལ་སྤེལ་བ་དེ་མིག་དཔེར་བཟུང་ནས་ལ་དྭགས་ལ་མངའ་སྡེའི་གནས་བབ་ཐོབ་ཐབས་སོཊ་ཀྱི་སླད་ཉིན་༢༡ རིང་གི་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་བ་དང་། ཡིན་ནའང་ལས་འགུལ་མཇུག་སྒྲིལ་མེད་ཅེས་གསལ་བསྒྲགས་གནང་བ་འཕྲིན་ལས་ཆོས་སྒྲོན་གྱིས་སྤེལ།
རྒྱ་གར་གྱི་ཞིང་པ་༢༠༠ ལྷག་རྒྱ་གར་གྱི་རྒྱལ་ས་རྡི་ལིར་འཛོམས་ཀྱིས་ཞིང་གྲོང་འཐུས་མིའི་ཚོགས་འདུ་ཞིག་བསྐངས་ཏེ། མི་མང་ཚོགས་པའི་རྒྱ་གར་གཞུང་འཛིན་ལ་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་མི་དམངས་འཐུས་མི་ཚོཊ་ཆེན་གྱི་བོད་རང་སྐྱོང་ལྗོངས་ཞེས་པའི་འཐུས་མི་ཚོས་གསར་འགོད་ལྷན་ཚོཊ་སུ། བོད་མིའི་མངོན་འདོད་བཤད་མེད་པར་བརྟན་བརླིང་ཡིན་ལུགས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། རྒྱ་སྐད་ཁྱབ་བརྡལ་དུ་བཏང་ཡོད་ལུགས་སོགས་བརྗོད་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གར་དུ་སྲིད་བློན་མོ་དྷིས་ལས་ཡུན་གསུམ་པ་ཞིག་ཐོབ་ཐབས་གནང་རྒྱུའི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་པའི་ངོ་རྒོལ་ཞིག་བདུན་ཕྲག་གཅིག་དང་ཕྱེད་ཀ་ཕྱིན་ཡོད་པར་མ་ཟད། ད་དུང་མུ་མཐུད་བཞིན་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྤྱི་མཐུན་ཚོགས་པའི་ཁོངས་སུ་ཁ་གཏད་འོས་མིར་འོས་ཆོས་ཚང་མིན་གྱི་དོཊ་པ་སློང་བ་ནི། སྲིད་འཛིན་ཟུར་པ་ཊམ་གྱིས་འོས་བསྡུའི་འགྲན་རྩོད་ནང་ལག་བསྟར་བྱེད་བཞིན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཉེ་ལམ་ནེ་ཁེ་ཧ་ལེ་ས་ཆ་གང་དུ་སྐྱེས་མིན་དེ་རྩོད་གཞི་གསར་ཤོས་ཤིག་ཏུ་ཆཊ་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས་ཡོད།
ཨི་སི་རེལ་དང་ཨ་རིའི་དབར་མ་མཐུན་པ་འབྱུང་བཞིན་པའི་སྐབས་འདིར་པ་ལི་སི་ཐན་གྱི་སྐྱབས་བཅོལ་བ་སྡོད་ས་ཞིག་དང་། མི་ཆོས་རོཊ་རམ་སྒུག་བཞིན་པའི་པ་ལི་སི་ཐན་པ་ལ་ཨི་སི་རེལ་གྱི་དམག་མིས་དྲག་རྒོལ་བྱས་རྗེས། པ་ལི་སི་ཐན་གྱི་ཞི་བའི་མི་མང་སྲུང་སྐྱོབ་དགོས་པ་ཨ་རིས་ཡང་བསྐྱར་སྐུལ་མ་གནང་བ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུས།
ཕྱི་རྒྱལ་དུ་ཁྲིམས་འགལ་དོ་དམ་བྱས་ཡོད་པའི་ཨ་རི་བའི་ནང་མི་ཚོར། ཨ་རིའི་རྒྱལ་སྲུང་གི་འཆར་དངུལ་གསར་པའི་ནང་། ནང་མི་དེ་ཚོར་རོཊ་དངུལ་ཟུར་གཅད་གནང་ཡོད་པ་འདི་གའི་གསར་འགོད་པ་ཨ་རཱ་ཞེ་ཨ་ར་བྷ་སཱ་དྷི་ལཊ་ཀྱིས་སྤེལ་བའི་གནས་ཚུལ་ཞིག་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
དྷུ་པེ་རུ་སྐོང་འཚོགས་གནང་བའི་རྒྱལ་ཚོགས་གནམ་གཤིས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཁབ་༢༠༠ ལྷག་གིས་རྡོ་སྣུམ་དང་རྡོ་སོལ་འདོར་རྒྱུའི་གྲོས་མཐུན་ལ་མོས་མཐུན་བྱུང་ཡོད་ཀྱང་། རྒྱལ་ཁབ་ཚང་མའི་འདོད་བློ་ཁེངས་ཐུབ་མེད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ལའོ་སིའི་གནའ་དུས་ཀྱི་རྒྱལ་ས་རྙིང་པའི་ཉེ་འཁྲིས་སུ་ཐེ་ལན་ཌིས་གློག་ཁང་ཞིག་བརྒྱབ་ཡོད་པ་དེས། གནས་དེར་ཡོད་པའི་རྒྱལ་པོའི་མཁར་རྙིང་ལ་སྐྱོན་གཏོང་གིན་ཡོད་ཀྱང་། གཞུང་གི་ངོས་ནས་དེར་བཀག་འགོག་བྱེད་ཀྱི་མེད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སི་རི་ཡས་ཨེ་སི་རེལ་གྱིས་རེས་གཟའ་ཕུར་བུའི་ཉིན་བཏང་བའི་གཏོར་རྒོལ་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། སི་རི་ཡ་དང་ཨེ་སི་རེལ་དབར་གྱི་འགལ་ཟླ་དེ་བཞིན་དཀྱིལ་ཤར་ཁུལ་གྱི་དམག་འཁྲུག་ཅིག་ཏུ་འགྱུར་སྲིད་པའི་ཐད་མི་ཚོར་བློ་འཚབ་ཡོང་གི་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨུ་རུ་སུས་ཡུག་ཀེ་རན་བཙན་འཛུལ་བྱས་རྗེས། བཟོ་ལས་འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་འཛམ་གླིང་གི་རྡོ་རྗེ་ཕ་ལམ་ཐོན་སྐྱེད་ཆེ་ཤོས་ཨུ་རུ་སུའི་རྡོ་རྗེ་ཕ་ལམ་གྱི་ཚོང་ལ་བཀག་སྡོམ་བྱ་རྒྱུའི་ལས་གཞི་ཞིག་ཚུགས་ཡོད་ཀྱང་། ཨུ་རུ་སུའི་རྡོ་རྗེ་ཕ་ལམ་ལ་བཀག་སྡོམ་བྱ་རྒྱུ་ཁག་པོ་ཡིན་སྐོར་འཕྲིན་ལས་ཆོས་སྒྲོན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཏུར་ཀིའི་སྲིད་འཛིན་ཨེར་ཏོ་ཝན་དང་ཨེ་སི་རལ་གྱི་སྲིད་བློན་བྷེན་ཇཱ་མཱིན་ནེ་ཐན་ཡ་ཧུ་གཉིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་བར་གསེང་དུ་མཇལ་འཕྲད་བྱུང་སྟེ། རྒྱལ་ཁབ་ཕྱོགས་གཉིས་བར་ལོ་མང་རིང་གི་ཞེ་འཁོན་ལོགས་སུ་བཞག་ནས་འདུམ་འགྲིག་ཡོང་རྒྱུའི་རེ་བ་ཆེ་རུ་ཕྱིན་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨེ་སི་རལ་གྱི་བུད་མེད་ཐོབ་ཐང་སྲུང་སྐྱོབ་པ་ཚོས་ཨེ་སི་རལ་གྱི་གཞུང་འཛིན་གསར་པས་ཕོ་མོ་དབྱེ་འབྱེད་ཀྱི་བྱེད་ཐབས་ལག་བསྟར་བཏང་བའི་ཐད་བློ་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཟླ་བ་གཉིས་ཀྱི་གོང་དུ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་རྒྱལ་སྲུང་ལྷན་ཁང་ལ་གླས་དམག་ཝ་གྷི་ནཱར་གྱིས་གྱེན་ལོག་བྱས་པའི་སྣེ་ཁྲིད་མཁན་ཁོང་ཁ་ཉིན་གནམ་གྲུའི་བརྡབ་སྐྱོན་ནང་གྲོངས་མཁན་གྱི་ཐོའི་ནང་ལ་ཡོད་པའི་གནས་ཚུལ་ཐོན་དུས་དམར་གསོད་བཏང་བའི་དོགས་པ་རྒྱ་ཁྱབ་ཆེན་པོ་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་རེད།
འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ནས་སྲིད་པའི་གངས་རི་དང་འཁྱག་རོམ་རྣམས་ཞུ་བཞིན་ཡོད་ཅིང་། ཚན་རིག་པ་ཚོས་གངས་རི་དང་འཁྱག་རོམ་རྣམས་ཞུ་བའི་རྗེས་སུ་སྐྱེ་ཁམས་གསར་པ་ཞིག་ཆགས་རྒྱུ་ཡིན་པས་དེ་ལ་ངེས་པར་དུ་བདག་གཅེས་གང་ལེགས་བྱ་དགོས་པའི་ནན་སྐུལ་བྱས་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུས་ཡོད།
རྒྱ་གར་བྱང་ཤར་ཁུལ་གྱི་མ་ནི་ཕུར་མངའ་སྡེའི་ནང་བྱུང་བའི་མི་རིཊ་འགལ་ཟླའི་དྲག་ཟིང་ཐད་ཁ་གཏད་ཚོཊ་པས་གྲོས་ཚོཊ་སུ་སྲིད་བློན་མོ་ཌིར་དྲི་བ་བཏང་བ་དེར་གཞུང་འཛིན་ཚོཊ་པས་ཕམ་ཉེས་བཏང་ཡོད་པ་དང་། ཁ་གཏད་ཚོཊ་པས་སྲིད་བློན་གྱི་གསུང་བཤད་སྐབས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ནས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་གྱིས་ཨ་རི་དང་རྒྱ་ནག་དབར་གྱི་གྲོས་མོལ་ལ་གནོད་སྐྱོན་ཐེབས་རྒྱུ་མིན་པ་ཨ་རིའི་གཞུང་ཞབས་ཀྱིས་གསུངས་པ་དང་། རྒྱ་ནག་གི་འཕྲུལ་ཆས་བཟོ་ཚོང་ལ་ཨ་རིའི་བཟོ་ཚོང་ཁང་གིས་མ་རྩ་གཏང་བར་ཨ་རིའི་གཞུང་ལ་སྙན་སེང་དགོས་པ་བཟོ་རྒྱུར་གྲོས་ཚོཊ་གོང་མས་རྒྱབ་སྐྱོར་གནང་ཡོད་པ་རེད།
བལ་ཡུལ་དུ་མཚན་མ་གཅིག་པའི་ཐོབ་ཐང་ལས་འགུལ་བ་བཟའ་ཚང་ཞིག་གིས་ཡུལ་གྲུ་དེའི་ཆེས་མཐོའི་ཁྲིམས་ཁང་གིས་བཏང་བའི་གནས་སྐབས་བཀོད་ཁྱབ་ཅིག་ལ་དགའ་བསུ་ཞུས་གནང་འདུག་པ་དང་། བཀོད་ཁྱབ་དེ་ལས་མཚན་མ་གཅིག་པའི་བར་ལ་གཉེན་སྒྲིག་ཐོ་འགོད་བྱ་ཆོག་པར་བྱས་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པའི་དམག་འཁྲུག་དེ་དུས་ནམ་ཞིག་ལ་མཚམས་འཇོག་བྱ་ཐུབ་མིན་མ་ངེས་ཀྱང་། ཨ་རི་ཐེ་བའི་ཞལ་འདེབས་གནང་མཁན་ཚོས་ཡུག་ཀེ་རན་སོར་ཆུད་ཡོང་ཆེད་དུ་ཡུ་ཡོབ་སྒོར་མོ་དུང་ཕྱུར་༦༠༠ ཡི་རོགས་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཁེ་ན་ཌའི་ཤར་རྒྱུད་དུ་རི་མེ་ཤོར་པའི་དུ་བས་ཨ་རིའི་རྒྱལ་ས་ཐེ་བས་ཨ་རིའི་ཤར་རྒྱུད་ལ་དུ་ཞག་དང་མཁའ་རླུང་བཙོག་པ་བཟོས་པ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས།
མང་སྣོན།