ཀུན་གླེང་གསར་འགྱུར་ནང་ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་གནས་ཚུལ་ཆེ་ཁག་དང་། ༧གོང་ས་མཆོག་གི་༢༠༢༤ ལོའི་མཛད་འཕྲིན། ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ་ཆེ་ཁག ༢༠༢༤ ལོའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ཐོག་བཏོན་པའི་སྙན་ཐོ་དང་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ཆེ་ཁག་བཅས་ཡོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡༢ ཚེས་༢༧ ཉིན་བདེ་ལེགས་སྨན་ཁང་གིས་གཉེར་བཞིན་པའི་ཉི་ཧོང་ཨོ་ཀ་མིག་གི་ཆེད་ལས་སྨན་པའི་རིན་མེད་སྐྱ་སྒྲིབ་གཤག་བཅོས་སྨན་སྒར་གྱི་སྨན་པ་རྣམས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་གནང་མཛད་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དཔེ་ཀློག་ལེ་ཚན་ནང་བཙན་བྱོལ་དུ་སྐྱེས་ཤིང་བཙན་བྱོལ་དུ་འཚར་བའི་བོད་ཀྱི་ན་གཞོན་རྩོམ་པ་པོ་བསྟན་འཛིན་ཉི་མ་ལགས་དང་ལྷན་དུ་ཁོང་གི་བརྩམས་སྒྲུང་། བསྟན་འཛིན་བསད་པ་ཞེས་པ་དེའི་བརྗོད་དོན་དང་། ཁྱད་ཆོས། དེ་བཞིན་དེ་ཡིས་བཙན་བྱོལ་བོད་མིའི་རྩོམ་རིག་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ཇི་ཐེབས་སོགས་དང་འབྲེལ་ནས་བགློ་གླེང་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ ༧གོང་ས་མཆོག་སྦེལ་ཀོབ་གཞིས་ཆགས་སུ་ཆུབས་བསྒྱུར་བསྐྱང་རྒྱུ། བོད་སློབ་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་། རྒྱ་གཞུང་གཞུང་གིས་ཁེ་ན་ཊའི་ཚོགས་པ་གཉིས་ལ་ཉེས་ཆད་བཏང་ཡོད་པ་དང་སྲིད་སྐྱོང་གི་ཨ་རིའི་ནང་གི་གཞུང་འབྲེལ་འཚམས་གཟིགས་སོགས་ཡོད།
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཤེས་རིག་ལྷན་ཁང་དང་། པི་ར་མལ་ཐེབས་རྩས་མངའ་སྡེ་འདི་གའི་ནང་གཞུང་གིས་འཛིན་སྐྱོང་གནང་བཞིན་པའི་སློབ་གྲྭ་ཁག་ནང་ (SEE Learning) ངམ་སཱིའི་ཤེས་ཡོན་སློབ་གསོ་ལག་བསྟར་འགོ་འཛུགས་གནང་རྒྱུའི་གྲོས་ཆོད་ལ་མཚན་རྟགས་བཀོད་གནང་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་རྡོ་རྗེ་ཕུན་ཚོགས་ལགས་དང་ལྷན་དུ་འདས་པའི་ལོ་ངོ་བཅུ་གཉིས་རིང་གི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་སྤེལ་བའི་དྲ་ཐོག་ནས་སུན་གཙེར་དང་། དྲ་ཐོག་ནས་སོ་ལྟ་ཞེས་པའི་སྙན་ཐོ་གཉིས་བཏོན་གནང་ཡོད་པ་དེའི་དགོས་པ་དང་གྲུབ་དོན་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས།
༧གོང་ས་མཆོག་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་དུ་གདན་ཞུ་གནང་བའི་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་མཛད་སྒོའི་སྐུ་མགྲོན་ནིའུ་ཛི་ལན་ཌེ་དང་ཧྥེ་ཇིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་མོལ་གནང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟབས་ཅིག་ཏུ་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་གནང་སོང་།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བཙོན་འཇུག་ཁྲིམས་ཆད་ལོ་དུས་ཚང་ནས་བཙོན་གྲོལ་ཐོབ་འདུག་ནའང་། ཁོང་བཙོན་ཁང་ནས་མ་ཐོན་གོང་དུ། ཁོང་གི་ཨ་མ་ལགས་ལ་རྒྱ་ནག་གཞུང་གིས་བསུན་གཙེར་འོག་སྨན་བཅོས་ཚད་ལྡན་བྱེད་མ་ཐུབ་པས། དགེ་བཤེསལགས་ལ་ཁོང་གི་ཨ་མ་ལགས་མཐའ་མའི་ངོ་མཇལ་ཙམ་ཡང་མ་བྱུང་བའི་གནས་ཚུལ།
ཀུན་གླེང་དུ་གཞས་ཚིག་རྩོམ་འབྲིའི་སྒྱུ་རྩལ་དང་། དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གླུ་ཚིག་རྩོམ་འབྲིའི་སྒྱུ་རྩལ་བ་རྒན་སེར་ཤུལ་རབ་གསལ་ལགས་དང་ལྷན་དུ། ཁོང་གིས་བརྩམས་གནང་བའི་གླུ་ཚིག་གི་ཁྱབ་ཚད། བོད་ཕྱི་ནང་གི་གཞས་པ་གཞས་མའི་གླུ་ཚིག་གི་དགོས་མཁོའི་ཁྱད་པར་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས།
སྤྱི་ཟླ་༡༢ པའི་ཚེས་༦ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་ཁུ་ནུ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་དང་ཡུལ་སྡེ་ཡོངས་ནས་༸སྤྱི་ནོར་༸གོང་ས་སྐྱབས་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་འདིར་གསལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༢ ཚེས་༥ ཉིན་བཞུཊ་སྒར་རྒྱལ་བའི་ཕོ་བྲང་དུ་མཉམ་སྦྲེལ་རྒྱལ་ཚོཊ་ཀྱི་ཤེས་ཡོན་དང་ཚན་རིག་ལྟ་རྟོག་ལྷན་ཚོགས་ཀྱི་ཞི་བདེ་དང་འགྲིག་འཇགས་དམིགས་བསལ་སྐུ་ཚབ། ཧོ་ལི་ཝུ་ཊིའི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། ཕོ་རེ་སི་ཝེ་་ཀྲེ་ཀར་ལགས་དང་ལྷན་མཇལ་མོལ་གནང་ཡོད་པའི་སྐོར་འདིར་གསལ།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བོད་ཀྱི་དཔེ་མཛོད་ལས་བྱེད་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་དང་། བོད་ཀྱི་སྒྱུ་རྩལ་དུས་སྟོན་ཐེངས་དང་པོ་མཇུག་སྒྲིལ་བ། ཧྥ་རན་སིའི་འགྲེམས་སྟོན་ཁང་གྷི་མཱེད་མདུན་དུ་ཞུ་གཏུག་ལས་འགུལ་མུ་མཐུད་བཞིན་པ། སྲིད་སྐྱོང་མཆོག་གིས་མོན་གྷོ་གཞིས་ཆགས་ནང་འཚམས་གཟིགས་གནང་བ་སོགས་ཡོད།
ཨ་རིའི་རོགས་ཚོགས་དང་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་ལོ་མང་རིང་མཉམ་འབྲེལ་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་ལྷོ་ཨེ་ཤི་ཡའི་ནང་བོད་མིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་རྒྱུན་གནས་སོར་ཆུད་ལས་འཆར་སྤེལ་དང་སྤེལ་མུས་བཞིན། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་ལོ་ལྔ་ཚན་གསར་པའི་ལས་གཞི་ཞིག་དབུ་འབྱེད་གནང་སོང་།
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་གནང་བའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་ལམ་ནས་ཟླ་བ་འདིའི་ཚེས་ ༢༧ བར་ཉིན་གྲངས་ ༡༡ གི་རིང་དབྱིན་ཡུལ་དང་སེ་ཀོ་ཊེ་ལནྜེ་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་ཅིང་།
ནང་པའི་དགེ་སློང་བློ་བཟང་འཇམ་དབྱངས་ལཊ་ཀྱིས་བཞུཊ་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་གནས་པའི་རྒྱ་གར་ཡུལ་མི་ཉམ་ཐག་འཁོས་ཞན་ཚོའི་ཆེད་དུ་བཙུགས་གནང་བའི་གཏོང་ལེན་སློབ་གྲྭ་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་༢༠ འཁོར་བའི་ཉིན་མོ་དེ་བཞིན་སློབ་གྲྭ་དེ་གའི་ནང་དེ་རིང་ཕྱི་ཟླ་༡༡ ཚེས་༡༩ ཉིན་སྲུང་བརྩི་ཞུས་གནང་ཡོད་པའི་སྐོར་འདིར་གསལ།
༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་བསྡུ་སྒྲིག་གནང་བའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གི་རྨད་བྱུང་ཐུགས་བསྐྱེད་དམ་བཅའ་ཞེས་པའི་ཕྱག་དེབ་པོད་བཞིའི་བདག་ཉིད་ཅན་ཞིག་དེ་རིང་ཕྱི་ཟླ༡༡ ཚེས༡༥ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་བྱང་ཤར་ཁུལ་བོད་མི་འདུས་སྡོད་ས་གནས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་ཕེབས་པ་དང་བསྟུན། ས་གནས་བོད་མིའི་གནས་སྟངས་རྟོག་ཞིབ་སྦྲགས་ས་གནས་སུ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་བོད་ཀྱི་ལོ་རྒྱུས་གནས་བབ་སོགས་ཀྱི་སྐོར་གསུང་བཤད་སོགས་གནང་ཡོད་འདུག
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས ༨༥ རུ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དེ་རིང་ཕྱི་ཟླ ༡༡ ཚེས ༥ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྲུང་བརྩི་ཞུས་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སོགས་ཕེབས་ཡོད།
བཙན་བྱོལ་བོད་མིའི་ཁ་དོག་སྒྱུ་རྩལ་ཚོགས་པས་ངེས་མེད་དམ་དབྱིན་སྐད་དུ་ UNSETTLED ཞེས་བོད་མིའི་ངོ་བོ་དང་། ཡུལ་གྱར། རང་ཉིད་ལ་དབང་བའི་གཞི་རྟེན་བཅས་ཀྱི་གནས་བབ་སོགས་ལ་བསམ་གཞིགས་སྐྲུན་ཐབས་སུ་སྒྱུ་རྩལ་བ་ཉི་ཤུའི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཞིག་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་དུ་འགོ་འཛུགས་གནང་སོང་།
མང་སྣོན།