ཡུཀ་རེན་གྱི་བོད་དོན་རྒྱབ་སྐྱོར་བའི་ཁྱིམ་ཚང་ཞིག་གི་བཟའ་མི་ཚོས་ཕྱི་ཚེས་༣༡་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུས་ཤིང་། ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་རླངས་འཁོར་གདོང་ཐུག་བརྒྱབ་སྟེ་ཁྱིམ་ཚང་དེའི་བུ་རྐྱེན་འདས་སུ་གྱུར་པ་དེའི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་ཞུས་འདུག
ཐེངས་འདིའི་ཀུན་གླེང་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྣེ་ཁྲིད་པའི་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་འཇར་མར་ཎི་དང་བྷེལ་ཇམ། སུད་ཌན་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་སྐོར་དང་།།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༡༠ ཚེས་༢༡ནས་༢༣ བར་ཨེ་ཤི་ཡ་དང་ཨོ་སི་ཀྲོ་ལི་ཡ་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་སྒེར་ཁག་གི་འཐུས་མི་མང་པོ་དྷ་སར་ལྷན་འཛོམས་ཐོག་བོད་དོན་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས་ཀྱི་ཐབས་བྱུས་ཚོགས་འདུ་ཞིག་སྐོང་འཚོག་གནང་།
ཀུན་གླེང་དུ་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་དང་ལྷན་དུ། སྤྱིར་བོད་དང་མོན་ཡུལ་གྱི་ལོ་རྒྱུས་ཐོག་ནས་འབྲེལ་བ་བྱུང་སྟངས་དང་། ཡང་སྒོས་སུ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མོན་ཡུལ་མི་མང་བར་གྱི་འབྲེལ་ལམ། དེ་བཞིན་ད་ལྟའི་མོན་ནང་གི་གནས་སྟངས་བཅས་ཀྱི་སྐོར་ལ་བཀའ་མོལ་ཞུས་ཡོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཉིན་གྲངས་༢ ཀྱི་ཚོགས་འདུ་དེ་འདི་ཚེས་ ༡༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇུག་སྒྲིལ་གནང་ཡོད། ༧གོང་ས་མཆོག་གིས་ཤེས་པ་ཕྲ་རག་དེ་དག་ལ་གོམས་འདྲིས་ཡག་པོ་བྱུང་ན་ཆེད་དུ་གཉེར་ནས་རྩོད་པ་བྱེད་མི་དགོས་པར། འབྱུང་བ་ཐིམས་རིམ་དེ་དག་རང་བཞིན་གྱིས་ཤེས་ཡོང་བ་སོགས་ཀྱི་བཀའ་སྩལ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སེམས་དང་སྲོག་གི་བསྟི་གནས་ཁང་དབུ་བརྙེས་ནས་ལོ་འཁོར་ ༣༥ འཁོར་བའི་དུས་ཚོད་དང་སྟབས་བསྟུན། འདི་ཚེས་ ༡༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སེམས་དང་སྲོག་གི་ཚོགས་འདུ་དབུ་འཛུགས་བསྐྱང་གནང་མཛད་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཉེ་ཆར་ཉི་ཧོང་དུ་ཕེབས་ཏེ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གྲོས་གནང་ཡོད་པ་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད།།
བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་རོགས་རམ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་ཏོག་ནད་རྩ་འགོག་སྲིད་ཇུས་ལ་སྐྱོན་བརྗོད་གནང་གི་ཡོད་པའི་སྐོར་བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་བྱས་ཡོད།
ཨ་རིའི་ཞི་བདེ་བསྟི་གནས་ཁང་དང་༧གོང་ས་ཏཱ་ལའི་བླ་མའི་ཡིག་ཚང་གཉིས་མཉམ་སྦྲེལ་གོ་སྒྲིག་ཐོག་༧གོང་ས་མཆོག་དང་དམག་འཁྲུག་དང་གནོད་འཚེ་ཕོག་ཡུལ་གྱི་རྒྱལ་ཁབ་ཁག་མི་འདྲ་བ་༡༢ ནས་ཕེབས་པའི་གཞོན་སྐྱེས་སྣེ་ཁྲིད་པའི་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་ཐེངས་བདུན་པ་དེ་ཚེས་ ༢༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇུག་སྒྲིལ་གནང་།
ཨ་རིར་རྟེན་གཞི་བྱས་པའི་ཞི་བདེ་བསྟི་གནས་ཁང་གི་གོ་སྒྲིག་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དམག་འཁྲུག་དང་གནོད་འཚེ་ཕོག་ཡུལ་གྱི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་གཞོན་སྐྱེས་སྣེ་ཁྲིད་པའི་ཉིན་གྲངས་གཉིས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་བདུན་པ་དེ་འདི་ཚེས་༢༢ ཉིན་དབུ་འཛུགས་གནང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཌེ་སེ་མེན་ཀྲུ་ཀྲུ་དམ་པ་ཁོང་རྣམ་གཉིས་ཀྱིས་མཛད་དེ་བྱིས་པའི་བརྙན་དེབ་དཔེ་སྐྲུན་ཁངPenguin Ramdom House ནས་དཔར་སྐྲུན་གནང་བའི་དགའ་སྤྲོའི་དེབ་ཆུང་The Little Book of Joy ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་རྩོམ་སྒྱུར་གནང་སྟེ་ཉེ་ལམ་དབུ་འབྱེད་གནང་ཡོད་པ་རེད།
ཁ་བའི་མི་སྣའི་ལེ་ཚན་ནང་ཝར་ན་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་ནང་ཆོས་ལུགས་དང་མཚན་ཉིད་རིག་པའི་ཚན་ཁག་ནང་འབུམ་རམས་པའི་སློབ་གཉེར་བ་ཀུན་བཟང་སྒྲོལ་མ་དང་ལྷན་དུ་ཁོང་རང་ཉིད་ཀྱི་ཆེད་ལས་སློབ་སྦྱོང་དང་བྱེ་བྲག་ཏུ་ཞང་ཞུང་ཤེས་རིག་ཉམས་ཞིབ་སྐོར་ལ་བཀའ་མོལ་ཞུས་པ་ཞིག་གསན་གཟིགས་གནང་རོགས་གནང་། །
སྐབས་༡༧ གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ།
སྐབས་༡༧བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པའི་ཚོགས་ཐུན་གཉིས་པའི་ཐོག་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་ཞིག་བསྣམས་ཕེབས་པར་བགྲོ་གླེང་སྐབས་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ར་བ་ནས་ཕྱིར་ཐོན་གྱིས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཡོད།
ཉེ་ལམ་བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཁར། བོད་མདོ་ཁམས་ཁུལ་གྱི་ས་ཁུལ་འགར་ཆུ་ལོག་དང་ས་ཡོམ་གྱི་རང་བྱུང་གནོད་འཚེ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ་གནོད་འཚེ་ཕོག་མཁན་ཡོངས་ཀྱི་ཆེད། བོད་མིའི་སྒྲིག་འཛུགས་ཀྱིས་ཟླ་༩ ཚེས་༦ ཉིན་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་འཚོགས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གྱིས་མགོན་པོ་དོན་གྲུབ་ལགས་ཚོགས་གཙོར་བསྐྱར་འདེམས་བྱས་འདུག་པ་དང་། ཉིན་གྲངས་དྲུག་རིང་གི་ཚོགས་ཆེན་གྱི་ཉིིན་མཐའ་མར་སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་གསར་འདེམས་བྱས་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་གསན་རོགས་གནང་།།
ཕྱི་ཟླ་༨ ཚེས་༣༠ ཉིན་བཙན་དབང་འོག་གར་སོང་ཆ་མེད་དུ་ཕྱིན་པའི་རྒྱལ་སྤྱིའི་ཉིན་མོ་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ཁ་གསལ་བཟོ་དགོས་པའི་ལས་འགུལ་སྤེལ
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་སྔོན་མའི་ནང་ལ་དྭགས་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་གིས་ཡུལ་དེའི་ནང་ཉིན་གྲངས་བཞི་བཅུ་ལྷག་ས་གནས་མི་མང་ལ་ཆོས་འབྲེལ་གནང་སྟེ། དེ་རིང་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།
ཐེངས་འདིའི་ང་ཚོའི་དཔེ་ཀློག་ལེ་ཚན་ལ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དཔར་དུ་བསྐྲུན་པའི་དཔེ་དེབ་སྟེ། ལྷད་མེད་གཡུ་ལོའི་རྔུལ་ཐིགས་ཞེས་པའི་བརྗོད་བ་སོགས་ལ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་བོད་དོན་ལས་འགུལ་བ་ངག་དབང་འོད་འབར་ལགས་སུ་བཅར་འདྲི་ཞུས་ཡོད།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་རེས་གཟའ་སྤེན་པའི་ཉིན་འགོ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་སྐོང་ཚོགས་གནང་རྒྱུ་ཡིན་པ་རེད་འདུག
མང་སྣོན།