ཡུ་རོབ་ཀྱིས་རྒྱ་ནག་གི་གློག་གི་མོ་ཊ་ནང་འདྲེན་ཐད་སྒོ་ཁྲལ་སྤར་རྒྱུའི་ཐག་གཅོད་བྱས་རྗེས། རེས་གཟའ་མིག་དམར་ཉིན་རྒྱ་ནག་ཚོང་དོན་ལས་ཁུངས་ཀྱིས་དེར་རྒོལ་ལེན་དུ་ཚུལ་དུ་ཡུ་རོབ་ནས་ནང་འདྲེན་བྱེད་པའི་རྒུན་ཆང་འབེབས་ཚོང་ལ་བསྙད་ནས་འགོག་ཐབས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་ནང་སྦྲགས་ཐོག་ནས་འོས་ཤོག་བླུག་རྒྱུའི་ལམ་སྲོལ་དར་བཞིན་པ་དེ་རྩོད་གཞི་ཆེན་མོ་ཞིག་ཏུ་གྱུར་ཞིང་། རྒྱབ་སྐྱོར་བྱེད་མཁན་ཚོས་སྦྲགས་ཐོག་ནས་འོས་བླུག་ན་འོས་འཕེན་མཁན་ཇེ་མང་འགྲོ་ཐུབ་ཀྱི་ཡོད་པར་འདོད་ཀྱི་ཡོད་ཀྱང་། སྐྱོན་བརྗོད་བྱེད་མཁན་ཚོས་ཐམས་ལམ་དེ་བདེ་འཇགས་ཡིན་མིན་སྐོར་ལ་བློ་འཚབ་བསྟན་ཡོད་པ་རེད།
ཊམ་དང་བྷ་ཌན་གཉིས་ཀྱི་འཛིན་སྐྱོང་རིང་རྒྱ་ནག་དེ་ཨ་རིའི་འགྲན་ཡ་ཆེ་ཤོས་སུ་བརྩིས་ནས་དེ་དོན་སྲིད་ཇུས་ཧ་ལམ་གཅིག་མཚུངས་ཤིག་བཟུང་ཡོད་ཀྱང་། དེང་སང་སྲིད་འཛིན་འོས་མི་ཊམ་དང་ཧེ་རེ་སི་རྣམ་གཉིས་དབར་རྒྱ་ནག་ཐོག་འཛིན་པའི་རྣམ་འགྱུར་དང་ལངས་ཕྱོགས་ཅུང་ཟད་ཐ་དད་ཆཊཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ནས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ནང་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་༡༦༩༧-༡༧༦༣ གྱིས་མཛད་པའི་བོད་ཀྱི་སྒྱུ་རྩལ་རྩོམ་བྲིས་ཀྱི་གསུང་རབ་གྲཊ་ཅན་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཀྱི་བརྗོད་བྱ་དང་། ལོ་རྒྱུས་རྒྱབ་ལྗོངས། སྒྱུ་རྩལ་གྱི་ཁྱད་ཆོས་སོཊ་ཀྱི་ཐད་རྩོམ་པ་པོ་དང་ཉམས་ཞིབ་པ་བསྐལ་བཟང་ལྷ་མོ་ལཊ་དང་ལྷན་དུ་བགྲོ་གླེང་ཞུས་ཡོད།
དེང་སྐབས་ཨི་སི་རལ་གྱིས་ལེ་བྷ་ནན་ནང་གཏོར་རྒོལ་བྱེད་ཞོར་ཐེ་ཧེ་ར་ལ་རྒོལ་ལན་དྲག་པོ་སློག་རྒྱུའི་ཉེན་བརྡ་བཏང་ཡོད་པའི་རྐྱེན་གྱིས། ཨ་རི་ཐད་ཀར་དམག་འཁྲུག་དེའི་ནང་ཚུད་སྲིད་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
པ་ལེ་སི་ཐན་སྲིད་འཛིན་གྱིས་རྒྱལ་ཚོགས་རྒྱས་འཛོམས་སར་གྷ་ཛའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གཏམ་བཤད་གནང་ཡོད་པ་དང་། གྷ་ཛའི་དམག་འཁྲུག་དེ་བཞིན་རེས་གཟའ་ཕུར་བུའི་ཉིན་གྱི་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་སླར་ཡར་ཀུན་གྱི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཆགས་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
འདེམས་བསྐོ་ལྷན་ཚོགས་ཞེས་སུ་འབོད་པའི་ལམ་ལུགས་དེ་ནི། ཨ་རིའི་མི་སེར་ཚོས་སྲིད་འཛིན་འོས་འདེམས་བྱེད་པའི་སྒྲིག་སྲོལ་ཞིག་ཡིན་ཞིང་། དེའི་འགྲོ་ལུགས་འགྲོ་སྟངས་སྐོར་གཤམ་གསལ།
ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་ལུགས་གོ་མཚོན་ཅན་དུ་བསྒྱུར་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་མགོ་རྡུང་ཇི་ལྟར་སྤྲོད་བཞིན་པའི་བྱེད་བབ་ཐད་ཉན་ཞིབ་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
བྷ་ཌན་དང་ཊམ་གཞུང་འཛིན་གཉིས་ཀས་རྒྱ་ནག་གི་འདྲ་མཉམ་མ་ཡིན་པའི་ཚོང་འབྲེལ་སྤྱོད་ལམ་དང་རྒྱལ་སྤྱིའི་ཁྲོམ་རར་སྤུས་ཀ་ཞན་པའི་ཅ་ལག་མཁོ་གཏོང་བྱས་ཐད་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། སྲིད་འཛིན་རྣམ་གཉིས་ཀྱིས་སྒོ་ཁྲལ་སྤར་ཆ་ལ་བརྟེན་ནས་རྒྱ་ནག་གི་ཁ་གཏད་འཇལ་གྱི་ཡོད་པའི་སྐོར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རི་དགྲ་ཁ་གཏད་ལ་འཛིན་མཁན་ཨུ་རུ་སུ་དང་ཨི་རན། རྒྱ་ནག་བཅས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་དང་དེ་བཞིན་ཨ་རིའི་འོས་འཕེན་པ་ཚོ་ལ་ཤུགས་རྐྱེན་ངན་པ་སྤྲོད་ཐབས་བྱེད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ནས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨ་རིའི་སྲིད་འཛིན་འོས་བསྡུ་ལས་ཧེ་རི་སི་དང་ཊམ་གཉིས་དབར་འགྲན་རྩོད་རྣོ་ངར་ཆེན་པོ་ཆགས་བཞིན་པའི་སྐབས་འདིར། འོས་འཕེན་པའི་ནང་རྟེན་ཕོ་མོའི་བར་རྒྱབ་སྐྱོར་བྱེད་ཕྱོགས་ལ་ཁྱད་པར་ཆེ་རུ་འགྲོ་བཞིན་པ་དང་། བུད་མེད་འོས་འཕེན་ཚོས་ཧེ་རི་སིར་རྒྱབ་སྐྱོར་བྱ་སྲིད་མིན་གྱི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཧོང་ཀོང་གི་རང་སྐྱོང་དང་རང་དབང་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པས་གཏོར་བཤིག་བཏང་ཟིན་པའི་རྐྱེན་གྱིས། ཨ་རིའི་གྲོས་ཚོགས་འོག་མས་ཨ་རིར་བཅའ་སྡོད་ཧོང་ཀོང་ཚོང་འབྲེལ་དོན་གཅོད་ཕྱིར་འཐེན་བྱ་རྒྱུའི་ཁྲིམས་འཆར་གཏན་འབེབས་བྱུང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་ཉི་ཧོང་དུ་སློབ་གཉེར་གྱི་གོ་སྐབས་ཐོབ་པའི་བོད་ཕྲུག་དང་པོའི་གྲས་ཏེ། འགྱུར་མེད་དབང་གྲགས་ཀྱིས་བརྩམས་པའི་རང་གི་མི་ཚེའི་མྱོང་བ་རང་བཞིན་ལྷུན་གྲུབ་ཅེས་པའི་དཔེ་དེབ་ཀྱི་བརྗོད་བྱ་སོགས་ལ་རྩོམ་པ་པོ་འགྱུར་མེད་དབང་གྲགས་དང་ལྷན་དུ་གླེང་མོལ་ཞུ་རྒྱུ་ཡིན།
རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་གཞུང་གིས་ཨི་སི་རལ་ལ་མཚོན་ཆ་མཁོ་འདོན་བྱ་རྒྱུ་མཚམས་འཇོག་བྱེད་པའི་ཐག་གཅོད་ལ་དབྱིན་ཇིའི་སྲིད་བློན་ཁེ་ཨིར་སི་ཏཱར་མེར་གྱིས་རྒྱབ་སྐྱོར་བྱས་ཡོད་པ་དེར། ཨི་སི་རལ་གྱིས་བྱེད་བབས་དེས་ཧ་མ་སི་དྲག་སྤྱོད་རྩ་འཛུགས་ཀྱི་ནུས་ཤུགས་ཇེ་ཆེར་གཏང་རྒྱུ་ཉག་གཅིག་རེད་བརྗོད་ཡོད་པ་རེད།
ནིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་དྲུང་ཟུར་པ་ལིན་ཌ་སུན་གྱིས་རྒྱ་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ངོ་ཚབ་བྱས་ནས་ལས་ཀ་བྱེད་མཁན་ཡིན་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། ལིན་ཌ་སུན་བཟའ་ཚོ་གཉིས་ཀྱིས་ཁྲིམས་ཁང་དུ་ནག་ཉེས་ངོས་ལེན་བྱས་མེད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་འོས་བསྡུའི་སྔོན་ལ། འོས་བསྡུ་དྲང་བདེན་འཕེར་བ་ཞིག་ཡོང་ཐུབ་མིན་ཐད་བློ་འཚབ་བསྟན་ཡོད་པ་དེ་ནི། ཐོ་འགོད་དང་། འོས་ཤོག་གྲངས་ཀ་བརྒྱབ་པ་སོགས་ཀྱིས་མཚོན་པའི་འོས་བསྡུའི་བརྒྱུད་རིམ་ཆ་ཚང་ཞིག་ལ་གོ་བཞིན་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཧྥ་རན་སིར་གནས་བཞུགས་རྩོམ་པ་པོ་དང་གློག་བརྙན་བཟོ་སྐྲུན་མཁན་ལྗང་བུ་ལགས་གདན་འདྲེན་ཞུས་ནས་ཞིའི་དབང་བསྒྱུར་འོག་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་གནས་སྟངས་དང་། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ཐོག་འཛིན་པའི་སྲིད་ཇུས་དང་ད་ལྟའི་འགྱུར་ལྡོག་སོགས་ཀྱི་ཐད་ལ་བགྲོ་གླེང་ཁག་ཅིག་ཞུས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་ཝཱ་ཎ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ལྷ་སྒང་བློ་བཟང་ཆོས་གྲགས་ལགས་གདན་ཞུས་ཀྱིས་དཎྜིའི་བཞད་སྒྲ་ཞེས་པའི་དེབ་ཀྱི་བརྗོད་བྱ་དང་ཁྱད་ཆོས་སོགས་ལ་གླེང་མོལ་ཁག་ཅིག་ཞུ་རྒྱུ་ཡིན།
ཡུག་ཀེ་རན་གྱི་དམག་དཔུང་གིས་ཨུ་རུ་སུའི་ས་ཐོག་ཏུ་མུ་མཐུད་མདུན་སྐྱོད་བྱེད་བཞིན་པའི་སྐབས་འདིར། ཡུག་ཀེ་རན་གྱིས་བཙན་བཟུང་བྱས་ཟིན་པའི་ཨུ་རུ་སུའི་ས་ཁུལ་དེ་དག་ཇི་ལྟར་བྱ་རྒྱུ་ཡིན་མིན་གྱི་དྲི་བ་སྐོར་ལ་གླེང་སློང་བྱེད་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དབྱིན་ཇིའི་ནང་གི་ཟིང་ཆ་དེའི་རྐྱེན་རྩ་གཙོ་བོ་ཞིག་ནི་སྤྱི་ཚོཊ་དྲ་རྒྱའི་བརྒྱུད་ལམ་ནང་ཁྱབ་གདལ་ཕྱིན་པའི་བརྙན་པར་དེ་ཡིན་པ་ཆ་འཇོག་བྱེད་ཀྱི་ཡོད་ཀྱང་། དེ་ལས་ལྷག་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྒྱབ་ལྗོངས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལཊ་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།
མང་སྣོན།