བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་བཞུགས་སྒར་དུ་གཞུང་འབྲེལ་གྱིས་སྲུང་བརྩི།

Your browser doesn’t support HTML5

དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ཉིན་ཏེ། རྒྱ་ནག་གི་བོད་ནང་བཙན་འཛུལ་ལ་ཆོལ་གསུམ་བོད་མི་ཡོངས་ཀྱིས་ངོ་རྒོལ་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བྱས་ཏེ་མི་ལོ་ ༦༦ འགྲོ་བཞིན་པའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་བཞུགས་སྒར་ཐེག་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་གནང་སོང་།