ཀུན་གླེང་། ༢༠༢༣ ལོའི་ཟླ་༡༢ ཚེས་༢༠
Your browser doesn’t support HTML5
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་། ཨ་རིས་ཨི་སི་རལ་པ་ལི་སི་ཐན་གྱི་ཞི་འབངས་སྲུང་སྐྱོབ་ཀྱི་འབོད་སྐུལ། ཧྥིན་ལན་ཌི་ཡིས་ཨུ་རུ་སུའི་རྒྱལ་མཚམས་སྒོ་རྒྱག མདོ་སྨད་ཀྱི་ས་ཁུལ་ཁག་ཅིག་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པ་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་འགན་འཛིན་ཚེ་རིང་མཚོ་མོ་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གི་ཤུགས་རྐྱེན་འོག་གི་བལ་ཡུལ་གྱི་བོད་མིའི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་གླིང་བུ་སྒྱུ་རྩལ་བ་ངག་དབང་མཁས་མཆོག་ལགས་གདན་འདྲེན་ཞུས་ནས་ཀོ་རི་ཡའི་ནང་པའི་དགོན་པར་འཁྲབ་སྟོན་གནང་བ་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།