ཀུན་གླེང་། ༢༠༢༣ ལོའི་ཟླ་༤ ཚེས་༥
Your browser doesn’t support HTML5
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་བ་དང་། སྲིད་འཛིན་ཟུར་པ་ཊམ་གྱིས་ཉེས་འཛུགས་ཁག་ངོས་ལེན་བྱས་མེད་པ། ཡུག་ཀེ་རན་གྱི་དམག་འཁྲུག་དང་རྒྱབ་སྐྱོར། ཐེ་ཝན་སྲིད་འཛིན་གྱི་འཚམས་གཟིགས། ལྷོ་ཤར་ཨེ་ཤི་ཡའི་ནང་རྒྱ་ནག་ལ་ལྟ་ཚུལ། འབྲུག་རྒྱལ་པོའི་འཚམས་གཟིགས་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ནིའུ་ཡོག་ཏུ་ཡོད་པའི་ཁྲིམས་རྩོད་པ་ བསྟན་འཛིན་དབང་རྒྱལ་ལགས་ལ་སྲིད་འཛིན་ཟུར་བ་ཊམ་ལ་ཉེས་འཛུགས་བྱས་པའི་ཁྲིམས་དོན་ཤེས་བྱའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཐེ་ཝན་སྲིད་འཛིན་ཚེ་དབྱིན་ཝེན་གྱི་འཚམས་གཟིགས་དང་། སྲིད་འཛིན་ཟུར་པ་མཱ་ཡིན་ཀྱིག་གི་རྒྱ་ནག་ནང་གི་འཚམས་གཟིགས། ཕྱི་འབྲེལ་བཀའ་བློན་གྱིས་ཐེ་ཝན་ལ་འཚམས་གཟིགས་གནང་བ་གསུམ་གྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།