༄༅།། །རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཚོས་སྤེལ་བའི་གནས་ཚུལ་ལྟར་བྱས་ན། ཁེ་ཉིན་གཟའ་ལྷག་པའི་དགོང་དྲོའི་ཆུ་ཚོད་༩པའི་ཐོག་བྷཱང་ལ་རྡེཤ་ཡི་སྲིད་བློན་ཟུར་པ་ལྕམ་ཤེག་ཧ་སི་ན་(Sheikh Hasina)ཡིས་དྲ་ལམ་གྱི་ངོ་དེབ་སོཌ་ཀྱི་བརྒྱུད་ནས་རང་ཉིད་ཀྱི་རྒྱབ་སྐྱོར་བ་ཚོར་གསུང་བཤད་གནང་བ་དང་སྟབས་བསྟུན་ཏེ་བྷཱང་ལ་རྡེཤ་ཡི་ནང་ངོ་རྒོལ་བྱེད་མཁན་མི་མང་སྟོང་ཕྲག་མང་པོས་རྒྱལ་ས་ཌཱ་ཀའི་ནང་ངོ་རྒོལ་ལས་འགུལ་ཤུགས་ཆེ་ཞིག་བྱས་འདུག ལྕམ་ཧ་སི་ན་ཡིས་རང་ཉིད་ཀྱི་གསུང་བཤད་ཀྱི་ནང་སྐུ་ཞབས་མོ་ཧམ་མད་ཡུ་ནུ་སུ་ཡིས་དབུ་འཁྲིད་པའི་འཕྲལ་སེལ་གྱི་སྲིད་གཞུང་གིས་ངོ་རྒོལ་བྱེད་མཁན་སློབ་ཕྲུག་ཚོར་ང་ཚོའི་རྒྱལ་ཁབ་དབུ་བརྙེས་མཁན་ངའི་པཱ་ལཌ་ཀྱི་གཟིམ་ཤག་གཏོར་བཤིགས་བཏང་དུ་འཇུག་གི་ཡོད་པ་དེར་ཁྱེད་ཚོས་ངོ་རྒོལ་བྱེད་དགོས་ཀྱི་འདུག་ཅེས་སོཌ་གསུངས་འདུག ཁོང་གིས་གསུང་བཤད་དེ་གནང་བའི་སྐབས་ཁོང་ལ་ངོ་རྒོལ་བྱེད་མཁན་མི་མང་ཚོས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ཁོང་གི་ཡབ་དམ་པ་ཤེག་མུ་ཇི་བྷར་རེ་མཱན་(Sheikh Mujibur Rehman)གྱི་གཟིམ་ཁང་ལ་མེ་སྐྱོན་བཏང་བ་དང་། ས་བཤངས་འཕྲུལ་འཁོར་གྱིས་ཁང་པ་དེ་རྩ་མེད་བསྟོར་བཤིགས་བཏང་འདུག
མིག་མཐོང་དཔང་པོ།
མིག་མཐོང་དཔང་པོ་ཚོས་བཤད་གསལ་ལ་ ངོ་རྒོལ་བྱེད་མཁན་མི་མང་ཚོས་ལག་པར་རྒྱུག་པ་དང་། ཐོ་བ། གདུང་མ་འཁྱེར་ཡོང་བ་དང་ ས་བཤངས་འཕྲུལ་འཁོར་སོཌ་བཏང་ཡོང་སྟེ་མུ་ཇི་བྷར་རེ་མཱན་དམ་པ་དེ་ཉིད་ཀྱི་གཟིམ་ཁང་དེ་བསྟོར་བཤིགས་ཡོད་འདུག ཡུལ་དེའི་ནང་སྔ་ལོའི་ཕྱི་ཟླ་༨པའི་ནང་སློབ་ཕྲུག་ཚོས་སྲིད་བློན་ཧ་སི་ནའི་སྲིད་གཞུང་གིས་སློབ་ཕྲུག་ཚོར་ལས་ཀའི་གོ་སྐབས་མི་སྤྲོད་པ་སོཌ་ཀྱི་སྲིད་བྱུས་ཕྱག་ལེན་དུ་བསྟར་གྱི་ཡོད་པའི་སྐྱོན་བརྗོད་ཞུས་ཏེ་ངོ་རྒོལ་ཤུགས་ཆེ་བྱེད་པའི་སྐབས་སྲིད་བློན་མཆོག་ཁྱིམ་ཚེས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་ནས་བཟུང་ཡུལ་དེའི་འཐེན་ཁྱེར་དེ་ཇེ་ཆེར་ཕྱིན་ཡོད་པ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བྱ་དགའ་བཞེས་མྱོང་ཡོད་པ་སྐུ་ཞབས་མོ་ཧམ་མད་ཡུ་ནུ་སུ་ཡིས་དབུ་འཁྲིད་པའི་འཕྲལ་སེལ་གྱི་སྲིད་གཞུང་གིས་སློབ་ཕྲུག་གི་ངོ་རྒོལ་དེ་ཚོར་བཏང་འཛིན་བྱ་རྒྱུའི་འབད་བརྩོན་ཆེ་བསྐྱེད་བྱས་ཡོད་རུང་། ཡིན་ན་ཡང་། ངོ་རྒོལ་བྱེད་མཁན་སློབ་ཕྲུག་ཚོས་སྔ་ལོའི་ཕྱི་ཟླ་༨པའི་ནང་རྒྱལ་ཁབ་དེ་དབུ་བརྙེས་མཁན་མེས་པོ་དམ་པ་ཤེག་མུ་ཇི་བྷར་རེ་མཱན་གྱི་གཟིམ་ཁང་དང་། གཞུང་གི་ལས་ཁུང་ཁག་ཅིག་ལ་མེ་སྐྱོན་བཏང་བ་སོཌ་བྱས་ཡོད་པ་དང་། ཤེཀ་རེ་མན་གྱིས་དེ་སྔོན་ཕྱི་ལོ་༡༩༧༡གི་ལོར་སྐབས་དེའི་ཤར་པ་ཀིསྟཱན་ལ་པཱ་ཀིསྟྰན་ནས་རང་དབང་རང་བཙན་རག་པའི་འབད་བརྩོན་ལས་འགུལ་གྱི་དབུ་འཁྲིད་གནང་ཡོད་པས་ཁོང་ལ་མི་མང་ཚོས་དགའ་པོའི་ཐོག་ནས་བྷཱང་ལ་བྷན་རྡུ་སྟེ་བྷང་གྷཱལ་གྱི་གྲོཌ་པོར་བསྔགས་བརྗོད་ཞུ་གི་ཡོད་པ་དང་། ཁོང་གིས་ཕྱི་ལོ་༡༩༧༡གི་ལོར་རང་ཉིད་ཀྱི་གཟིམ་ཤག་དེ་ནས་ཡུལ་ལུང་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའི་གསལ་བསྒྲཌ་དེ་གནང་ཡོད་པ་རེད།
ལྐོག་བསད།
ཡིན་ན་ཡང་། སྟབས་མ་ལེཌ་པ་ཞིག་ལ་དེའི་ལོ་ཤས་ཀྱི་རྗེས་ཁོང་གི་གཟིམ་ཤག་དེར་ཡིད་སྐྱོའི་གནས་ཚུལ་ཞིག་བྱུང་ཡོད་པ་དང་། ཕྱི་ལོ་༡༩༧༥འི་ལོར་ལྕམ་ཤེཀ་ཧ་སི་ན་རྒྱ་གར་ནང་བཞུགས་ཡོད་པའི་སྐབས་ཤིག་ལ་མི་ཚོགས་ཧྲག་བསྡུས་ཤིག་གིས་སྐུ་ཞབས་མུ་ཇི་སྦར་དང་ཁོང་གི་ནང་མི་ཡོངས་རྫོགས་ལྐོག་བསད་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། ལྕམ་ཧ་སི་ན་ཡིས་ཕྱིས་སུ་ཡུལ་དེའི་སྲིད་བློན་ཆགས་པའི་སྐབས་རང་ཉིད་ཀྱི་ཡབ་དམ་པ་དེ་ཉིད་ཀྱི་གཟིམ་ཤག་དེ་བཞིན་ཡབ་དམ་པ་དེ་ཉིད་ཀྱི་མཛད་རྗེས་ཁག་ལ་དྲན་གསོ་ཞུ་རྒྱུར་ཡུལ་དེའི་དངོས་རྙིང་འགྲེམ་སྟོན་ཁང་ཞིག་ལ་བསྒྱུར་གནང་ཡོད་པ་རེད།།
ཁྲིམས་འགལ་གྱི་བྱ་སྤྱོད།
ལྕམ་ཧ་སི་ན་ཡིས་གཟའ་ལྷག་པའི་ཕྱི་དྲོ་རང་ཉིད་ཀྱི་རྒྱབ་སྐྱོར་བ་ཚོར་གསུང་བཤད་གནང་བའི་སྐབས་ངོ་རྒོལ་བ་ཚོས་ངའི་པཱ་ལཌ་དམ་པ་དེ་ཉིད་ཀྱི་གཟིམ་ཤག་དེ་རྩ་གཏོར་བཏང་ཐུབ་ཀྱི་ཡོད་རུང་། ཡིན་ན་ཡང་། ཁོང་ཚོས་ལོ་རྒྱུས་ནག་བསུབ་བཏང་ཐུབ་ཀྱི་མ་རེད། འཕྲལ་སེལ་གྱི་སྲིད་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་དེར་མི་མང་ཚོས་ངོ་རྒོལ་གྱེན་ལངས་བྱེད་དགོས་རེད་ཅེས་གསུངས་འདུག
བྷཱང་ལ་རྡེཤ་ཡི་རྩ་ཁྲིམས་ཆེན་མོ་དེ་བཞིན་དེ་སྔོན་ཕྱི་ལོ་༡༩༧༢འི་ལོར་སྐུ་ཞབས་རེ་མཱན་གྱི་དབུ་འཁྲིད་འོག་བཟོས་ཡོད་པས་སློབ་ཕྲུག་གིས་སྣེ་འཁྲིད་པའི་ངོ་རྒོལ་ལས་འགུལ་དེས་རྩ་ཁྲིམས་ཆེན་མོ་དེ་བཞིན་ཕྱིར་བསྡུ་བྱ་རྒྱུའི་འཆར་གཞི་འདིང་གི་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།